ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ཉེར་བརྒྱད་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

136.སྨན་བཅོས་བྱེད་པའི་ཁྲོད་ནད་པར་གནོད་འཚེ་ཐེབས་ན།  སྨན་བཅོས་ལས་ཁུངས་ཀྱིས་སྐྱིན་ཚབ་སྤྲོད་འགན་མི་འཁུར་པའི་གནས་ཚུལ་རིགས་གང་དག་ཡོད།    

(1)ནད་པའམ་ཡང་ན་དེའི་གཉེན་ཉེ་ཡིས་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཚད་གཞི་དང་མཐུན་པའི་ནད་བརྟག་སྨན་བཅོས་བྱེད་པར་རམ་འདེགས་མི་བྱེད་པ།    

(2)སྨན་བཅོས་མི་སྣས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་ནད་པར་མྱུར་སྐྱོབ་བྱེད་པ་སོགས་གནས་ཚུལ་ཛ་དྲག་ཅན་གྱི་འོག་ཏུ་ལུགས་མཐུན་གྱི་སྨན་བཅོས་འོས་འགན་ཁུར་ཡོད་པ།    

(3)སྐབས་དེའི་སྨན་བཅོས་ཆུ་ཚད་ལས་བརྒལ་ནས་སྨན་བཅོས་བྱེད་དཀའ་བ།  

གོང་གསལ་ནང་གསེས་དོན་ཚན་དང་པོའི་གནས་ཚུལ་ཁྲོད་སྨན་བཅོས་ལས་ཁུངས་སམ་སྨན་བཅོས་མི་སྣ་ལའང་ནོར་འཁྲུལ་ཡོད་ན།    ལྟོས་འཇོག་གིས་སྐྱིན་ཚབ་སྤྲོད་པའི་འགན་འཁུར་དགོས།    

137.ཁྱོ་གས་རང་གི་ཆུང་མར་གསང་ནས་ལྐོག་ཏུ་དགའ་རོགས་ལ་སྒོར་མོ་བསྐུར་ན།  ཆུང་མར“དགའ་རོགས”ལ་ཕྱིར་སྤྲོད་བྱེད་དུ་འཇུག་པའི་དབང་ཆ་ཡོད་དམ།    

【གྱོད་དཔེ】ཞའོ་ཝང་གིས་ཁྱིམ་ཚང་གིས་བདག་གཉེར་བྱེད་པའི་རྐོ་འདྲུའི་འཕྲུལ་འཁོར་གཉིས་ཀྱི་དུས་རྒྱུན་གྱི་ཡོང་འབབ་བེད་སྤྱད་ནས། སྐད་འཕྲིན་བརྒྱུད་དེ་དགའ་རོགས་ཀྲོའུ་ལ་སྒོར་ཁྲི23ལྷག་བསྐུར་ཡོད།   ཞའོ་ཝང་གི་ཆུང་མས་ཤེས་རྗེས།    ཞའོ་ཝང་དང་ཞའོ་ཀྲོའུ་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ།    ཞའོ་ཀྲོའུ་ཡིས་ཞའོ་ཀྲང་ལ་བསྐུར་བའི་སྒོར་ཁྲི23ལྷག་ཕྱིར་སྟེར་དགོས་པའི་རེ་བ་བཏོན།    

【དབྱེ་ཞིབ】ཞའོ་ཝང་གིས་གཉེན་སྒྲིག་གི་འབྲེལ་བ་ཡོད་པའི་སྐབས་ལ། གཉེན་སྒྲིག་གི་འབྲེལ་བ་མེད་པའི་བུད་མེད་དང་ཚུལ་མིན་གྱི་ཕོ་མོའི་འབྲེལ་བ་འཛུགས་ཆེད།    སྐད་འཕྲིན་བརྒྱུད་དེ་སྒོར་མོ་བསྐུར་པའི་བྱེད་ཐབས་སྤྱད་ནས། ཐེངས་མང་པོར་ཞའོ་ཀྲོའུ་ལ་སྒོར་མོ་བསྐུར་པའི་བྱ་སྤྱོད་དེ་དམངས་དོན་གྱི་བྱེད་པོའི་བར་གྱི་སྦྱིན་པའི་བྱ་སྤྱོད་དུ་གཏོགས།     འོན་ཀྱང་ཞའོ་ཝང་གིས་ཞའོ་ཀྲོའུ་ལ་སྦྱིན་པའི་བྱ་སྤྱོད་དེ་དམིགས་ཡུལ་ནི་གཉེན་སྒྲིག་ཕྱིའི་ལུགས་མཐུན་མིན་པའི་ཕོ་མོའི་འབྲེལ་བ་སྲུང་འཛིན་བྱེད་རྒྱུ་དེ་ཡིན་པས།    དེ《དམངས་དོན་ཁྲིམས་གཞུང》གི་གཉེན་སྒྲིག་ཁྱིམ་ཚང་གིས་ཁྱོ་ཤུག་ཕན་ཚུན་ལ་བློ་དཀར་བའི་ཀུན་སྤྱོད་ཀྱི་ཚོད་འཛིན་ལས་འགལ་ཡོད་པས།    དེ་ནི་སྤྱི་པའི་སྒྲིག་ལམ་དང་འགལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཅིག་ཡིན་པས།    སྦྱིན་པའི་བྱ་སྤྱོད་དེ་ལུགས་དང་མི་མཐུན་པ་རེད།  དུས་མཚུངས་སུ། ཞའོ་ཝང་གིས་བསྐུར་བའི་མ་དངུལ་ནི་ཞུ་སྦྱོར་སྔ་མའི་ཁྱིམ་ཚང་གིས་གཉེར་བའི་རྐོ་འདྲུའི་འཕྲུལ་འཁོར་གཉིས་ཀྱི་ཉིན་རྒྱུན་གྱི་ཡོང་འབབ་ཡིན་ལ།    ཞའོ་ཝང་གིས་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་དགོས་མཁོ་ལས་བརྒལ་ནས་སྒོར་མོ་བསྐུར་པའི་བྱ་སྤྱོད་ཀྱིས། ཞུ་སྦྱོར་སྔ་མའི་ཁྱིམ་ཚང་གི་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་གྱི་ཁེ་དབང་ལ་གནོད་འཚེ་བཏང་བས།    ཞའོ་ཀྲོའུ་ཡིས་ཞའོ་ཝང་ལ་སྐད་འཕྲིན་བརྒྱུད་དེ་བསྐུར་བའི་སྒོར་ཁྲི23ལྷག་གི་ཚུལ་མིན་གྱི་ཁེ་ཕན་ཕྱིར་སྟེར་འོས།    

138.ངལ་ལས་མངག་གཏོང་བྱེད་པའི་སྐབས་སུ། མངགས་གཏོང་བྱས་པའི་ལས་སྒྲུབ་མི་སྣས་ལས་འགན་བསྒྲུབས་པའི་རྐྱེན་གྱིས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་རིགས་ལ་སུས་འགན་འཁུར་དགོས་སམ།    

ངལ་ལས་མངག་གཏོང་དང་ལེན་བྱེད་པའི་ལས་མི་བཀོལ་མཁན་ལས་ཁུངས་ཀྱིས་ཁེ་དབང་ལ་གནོད་པའི་འགན་འཁུར་དགོས།     ངལ་ལས་མངགས་གཏོང་བྱེད་མཁན་ལས་ཁུངས་ལ་ནོར་འཁྲུལ་ཡོད་ཚེ་ལྟོས་བཅོས་ཀྱི་འགན་འཁུར་དགོས།    

139.འབར་སླ་བ་དང་།    གས་སླ་བ།    དུག་ཤེད་ཆེ་བ།    འཕྲོ་བའི་རང་བཞིན་ཆེ་བ།    རུལ་བསླད་རང་བཞིན་ཆེ་བ།    འགོས་ཤུགས་ཆེ་བ་སོགས་ཉེན་ཁ་ཧ་ཅང་ཆེ་བའི་དངོས་རྫས་བདག་བཟུང་དང་བཀོལ་སྤྱོད་བྱས་ནས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན།    བདག་བཟུང་བྱེད་མཁན་ནམ་བེད་སྤྱོད་བྱེད་མཁན་གྱིས་ཁེ་དབང་ལ་གནོད་པའི་འགན་འཁུར་དགོས་སམ།    

འགན་འཁུར་དགོས། འོན་ཀྱང་གནོད་སྐྱོན་དེ་ནི་གནོད་སྐྱོན་ཕོག་མཁན་གྱིས་ཤེས་བཞིན་དུ་བཟོས་པའམ་ཡང་ན་འགོག་ཐབས་བྲལ་བའི་སྟོབས་ཤུགས་ལས་བྱུང་བ་ཡིན་པ་ར་སྤྲོད་བྱེད་ཐུབ་ན་འགན་འཁུར་མི་དགོས།     ཁེ་དབང་ལ་གནོད་འཚེ་ཕོག་མཁན་ལ་གནོད་སྐྱོན་བྱུང་བའི་ཐད་ཀྱི་ནོར་འཛོལ་ཚབས་ཆེན་ཡོད་ན།    བདག་བཟུང་བྱེད་མཁན་ནམ་བེད་སྤྱོད་བྱེད་མཁན་གྱི་འགན་འཁྲི་ཇེ་ཡང་དུ་བཏང་ཆོག 

ལེའུ་ལྔ་པ།    བཅའ་ཁྲིམས་དང་ཁྲིམས་སྲོལ་གཞན་དག་སྐོར།    

140.སློབ་ཆེན་སློབ་མས་ལོག་སྤྱོད་དྲ་ཚིགས་བཙུགས་ནས་ངོ་རྒོལ་བྱེད་པའི་ཆ་འཕྲིན་དང་ཆབ་སྲིད་ཀྱི་དཀྲོག་གཏམ་ཁྱབ་སྤེལ་བཏང་བ་དེ་ནག་ཉེས་གང་ཞིག་དང་འབྲེལ་བ་ཡོད།    

གྱོད་དཔེསློབ་གྲྭར་ཡོད་པའི་སློབ་གྲྭ་ཆེན་མོ་བ་ཐེན་ཆེ་གེ་མོ་ལ་ཀྲུང་གོར་རྒོལ་བའི་ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་ཤུགས་རྐྱེན་ཐེབས་ནས། ཕྱི་རྒྱལ་གྱི་ལོག་སྤྱོད་དྲ་ཚིགས་ཤིག་གསར་དུ་བཙུགས་པ་དང་། ངོ་རྒོལ་བྱེད་པའི་ཆ་འཕྲིན་དང་ཆབ་སྲིད་ཀྱི་དཀྲོག་གཏམ་སྣ་ཚོགས་ཁྱབ་སྤེལ་བྱས་པ་མ་ཟད།    ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་རྩ་འཛུགས་ལ་གསང་བའི་སྒོ་ནས་རང་རྒྱལ་ལ་གནོད་འཚེ་གཏོང་བའི“དཔང་རྟགས”ཟེར་བ་ཞིག་འཚོལ་བསྡུ་བྱས་ནས་འདོན་སྤྲོད་བྱས་པ་རེད།    

དབྱེ་ཞིབ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་གཏན་འབེབས་བྱས་དོན།    བཅའ་ཁྲིམས་འདིར་འཁོད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅེས་པ་ནི། མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང་རྩ་འཛུགས།    མི་སྒེར་བཅས་ཀྱིས་ལག་བསྟར་བྱེད་པའམ་ཡང་ན་མི་གཞན་ལ་ངན་སྐུལ་དང་རོགས་དངུལ་སྤྲོད་པ། ཡང་ན་མངའ་ཁོངས་ནང་གི་རྩ་འཛུགས་དང་མི་སྒེར་གྱིས་མངའ་ཁོངས་ཕྱི་རོལ་གྱི་ལས་ཁུངས་དང་རྩ་འཛུགས། མི་སྒེར་བཅས་ལ་ངན་འབྲེལ་གྱིས་ལག་བསྟར་བྱས་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཟེར་བ་ཡིན་ཏེ།    (1)སྲིད་གཞུང་རྩ་སློག་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ།    སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བ།     (2)གསང་མྱུལ་རྩ་འཛུགས་ལ་ཞུགས་པའམ་ཡང་ན་གསང་མྱུལ་རྩ་འཛུགས་དང་དེའི་ལས་ཚབ་པའི་ལས་འགན་དང་ལེན་བྱེད་པའི་རིགས།     (3)རྒྱལ་ཁབ་ཀྱི་གསང་བ་བརྐུ་ཁྱེར་དང་མྱུལ་ཞིབ། ཉོ་བསྡུ།    ཁྲིམས་འགལ་གྱིས་འདོན་སྤྲོད་བྱེད་པའི་རིགས།     (4)རྒྱལ་ཁབ་ཀྱི་ལས་བྱེད་པར་ངོ་ལོག་བྱ་རྒྱུར་ངན་སྐུལ་དང་བསླུ་བྲིད།    རྔན་སླུ་བཅས་བྱེད་མཁན།     རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གཏོར་བཤིག་གི་བྱ་བ་གཞན་དག་སྤེལ་པའི་རིགས་བཅས་ཡོད།     ཐེན་ཆེ་གེ་མོའི་བྱ་སྤྱོད་དེས་རང་རྒྱལ་གྱི་སྲིད་དབང་གི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་གཏོང་བ་དང་།    རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བའི་ངན་སྐུལ་གྱི་བྱ་སྤྱོད་གྲུབ་ཡོད།  (མུ་འགོད)

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།