ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(ཉེར་གཅིག་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

101. སློབ་གྲྭར་སོང་ཚར་མེད་ན། སློབ་གྲྭས་སློབ་ཡོན་ཕྱིར་སྤྲོད་དགོས་པ་ཡིན་ནམ།

【གྱོད་དཔེ།】 ཁྲིན་ཆེ་གེ་མོས་སློབ་གྲྭ་ག་གེ་མོ་རུ་མཛེས་རྩལ་ཆེད་ལས་སྦྱང་བཞིན་ཡོད་པ་དང་། ཁོས་སློབ་ལོ་ལྟར་སློབ་སྐབས་གཉིས་ཀྱི་འགྲོ་གྲོན་སྤྲད་ཡོད། སློབ་སྐབས་གཅིག་གི་སློབ་སྦྱོང་མཇུག་སྒྲིལ་རྗེས།སློབ་གྲྭའི་ཁོར་ཡུག་དང་སློབ་ཁྲིད་སོགས་ལ་ཡིད་མ་ཚིམས་པར། སློབ་གྲྭ་ནས་ཕྱིར་འབུད་འདོད་སྐྱེས་པས། ཁོས་སློབ་གྲྭར་སློབ་སྐབས་གཉིས་པའི་སློབ་ཡོན་ཕྱིར་སྤྲོད་པའི་རེ་བ་ཞུས་པར་དང་ལེན་མ་བྱས།

【དབྱེ་ཞིབ།】《དམངས་དོན་ཁྲིམས་གཞུངགི་དོན་ཚན་དགུ་བརྒྱ་དང་གྱ་བདུན་པ་ལས། འོས་མིན་ཁེ་ཕན་ཐོབ་ཚེ། ཁེ་ཕན་ཡོད་མེད་གང་ཡིན་རུང་ཕྱིར་སྤྲོད་པའི་འོས་འགན་ཕྲག་ཏུ་ལེན་དགོས། སློབ་གྲྭའི་སློབ་ལོ་ལྟར་སློབ་ཡོན་བསྡུ་བ་དང་། སློབ་སྦྱོང་བྱས་མ་ཚར་པ་ལ་སློབ་ཡོན་ཕྱིར་མ་སྤྲད་པ་དེ་ནི་འོས་མིན་ཁེ་ཕན་ཐོབ་པ་ཡིན་པས་སློབ་ཡོན་ཕྱིར་སྤྲོད་འོས།

102. ཁྱོ་ཤུག་གཉིས་ཀྱིས་གྲོས་མོལ་ལྟར་བཟའ་འཐོར་བྱུང་བའི་ཉིན་དེར་འཐོར་ཡིག་ལེན་ཐུབ་བམ།

【གྱོད་དཔེ།】ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ལ་རྒྱུན་པར་ཁྱིམ་ཚང་གི་བྱ་བ་ཙག་ཙིག་གི་དབང་གིས་ཚིག་རྩོད་བྱུང་ནས་མཐའ་མར་བཟའ་ཚང་གི་བརྩེ་དུང་ལ་གས་ཁ་ཤོར། ཕྱོགས་གཉིས་ཀྱི་ཡིད་འཐད་བྱུང་རྗེས་དམངས་སྲིད་ཅུའུ་རུ་འཐོར་ཡིག་ལེན་དུ་སོང་། ཁོ་ཚོས་ད་རུང་ཉིན་དེར་འཐོར་ཡིག་ལེན་ཐུབ་མིན་ཤེས་ཀྱིན་མེད། 

【དབྱེ་ཞིབ།】《དམངས་དོན་ཁྲིམས་གཞུང》གི་དོན་ཚན་སྟོང་གཅིག་དང་དོན་བདུན་པའི་གཏན་འཁེལ་ལྟར་ན། བཟའ་འཐོར་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་རེ་ཞུ་འབྱོར་བའི་ཉིན30ནང་། ཕྱོགས་གཅིག་གིས་བཟའ་འཐོར་བྱུང་འདོད་མེད་ན། གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་ཐོ་འགོད་ཕྱིར་འཐེན་བྱེད་པའི་རེ་ཞུ་བྱས་ཆོག གཏན་འཁེལ་སྔོན་མའི་དུས་བཅད་ལོངས་པའི་ཉིན30ནང་། ཕྱོགས་གཉིས་ཀྱིས་མི་དངོས་སུ་གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་དཔང་ཡིག་སྟེར་བའི་རེ་ཞུ་བྱེད་དགོས་པ་ཡིན་ལ། རེ་ཞུ་མ་བྱས་ཚེ། བཟའ་འཐོར་ཐོ་འགོད་ཕྱིར་འཐེན་བྱེད་པར་བརྩི་བ་ཡིན། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ནི་རང་མོས་ལྟར་གྲོས་མོལ་བཟའ་འཐོར་བྱུང་བ་ཡིན་ལ། ཕྱོགས་གཉིས་ཀྱིས་བཟའ་འཐོར་ཐོ་འགོད་རེ་ཞུ་བྱེད་སྐབས། གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་རེ་ཞུ་འབྱོར་བའི་ཉིན་ནས་བཟུང་། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོར་ཉིན30ཡི་བཟའ་འཐོར་འདང་རྒྱག་གི་དུས་ཚོད་སྤྲད་ཡོད་པ་རེད། སྐབས་དེར། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོའི་གང་རུང་གཅིག་ལ་འགྱོད་པ་སྐྱེས་པ་ཡིན་ན། གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་རེ་ཞུ་ཕྱིར་འཐེན་བྱས་ཆོག བཟའ་འཐོར་འདང་རྒྱག་དུས་སྐབས་མཇུག་སྒྲིལ་རྗེས། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་ཉིན30ནང་གཉེན་སྒྲིག་ཐོ་འགོད་སྡེ་ཁག་ཏུ་བཟའ་འཐོར་དཔང་ཡིག་རེ་ཞུ་བྱེད་དགོས་པ་དང་། བཟའ་འཐོར་དཔང་ཡིག་གི་དུས་ཚོད་ནི་ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོའི་བཟའ་འཐོར་དུས་ཚོད་ཡིན། གལ་ཏེ་ཉིན30འགོར་ཚེ། ཀྲང་ཆེ་གེ་མོ་དང་ལི་ཆེ་གེ་མོ་གཉིས་ཀྱིས་བཟའ་འཐོར་དཔང་ཡིག་སྟེར་བའི་རེ་ཞུ་བྱས་མེད་པ་ཡིན་ན། ཕྱོགས་གཉིས་ཀྱིས་བཟའ་འཐོར་རེ་ཞུ་ཕྱིར་འཐེན་བྱས་པར་བརྩི་བ་ཡིན་ལ། ཕྱོགས་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་སྔར་བཞིན་གནས་པ་ཡིན། 

103. ཆུང་མ་ཀ་བར་དུས་ཡུན་རིང་བོར་ཁྱོ་ག་ཁ་བས་བཙན་དབང་མནར་གཅོད་བྱེད་བཞིན་ཡོད་པ་དང་། ཀ་བས་བཟའ་འཐོར་བྱེད་པར་རེ་ཞུ་བྱེད་པ་ཡིན་ན། ཉིན30རིང་གི་བཟའ་འཐོར་འདང་རྒྱག་དུས་ཚོད་དགོས་པ་ཡིན་ནམ། 

མི་དགོས། 《དམངས་དོན་ཁྲིམས་གཞུངགི་གཏན་འཁེལ་ལྟར་ན། བཟའ་འཐོར་འདང་རྒྱག་དུས་ཚོད་ནི་གྲོས་མོལ་བཟའ་འཐོར་ལ་འཚམ་པ་མ་གཏོགས། ཁྱིམ་ཚང་གི་བཙན་དབང་མནར་གཅོད་སོགས་ཀྱི་གནས་ཚུལ་དབང་གིས་བཟའ་འཐོར་ཞུ་གཏུགས་བྱེད་པ་ལ། བཟའ་འཐོར་འདང་རྒྱག་དུས་ཚོད་ཀྱི་སྒྲིག་སྲོལ་སྤྱད་ན་མི་འཚམ། 

104. ངོ་གདོང་མཛེས་བཟོར་ཕམ་ཁ་བྱུང་ན་ཁེ་དབང་ཇི་ལྟར་སྲུང་སྐྱོང་བྱེད་དགོས་སམ།

【གྱོད་དཔེ།】ཝང་ཆེ་གེ་མོས་སྨན་བཅོས་མཛེས་བཟོ་སྡེ་ཁག་ག་གེ་མོ་ཞིག་དང་སྣ་བ་མཛེས་བཟོ་བྱེད་པའི་བཤགས་བཅོས་ཀྱི་གན་རྒྱ་བཞག་པ་མ་ཟད་གཏའ་དངུལ་སྤྲད་པ་དང་། སྨན་པ་ཞུས་ཆེ་གེ་མོས་བཤགས་བཅོས་བྱེད་པར་ཁ་ཆད་བྱས། བཤགས་བཅོས་བྱས་རྗེས་ཝང་ཆེ་གེ་མོས་བཤགས་བཅོས་རྒྱུན་ལྡན་མིན་པ་ཤེས་པ་མ་ཟད། རྒྱུན་པར་མགོ་འཐོམ་དྲན་ཉམས་དང་ཡིད་མུག་པ་སོགས་ཀྱི་སྣང་ཚུལ་བྱུང་། དེའི་རྗེས་སུ་སྨན་བཅོས་སྡེ་ཁག་དེར་སྨན་བཅོས་སྡེ་ཁག་གི་ལས་གཉེར་ཆོག་མཆན་དཔང་ཡིག་མེད་པ་ཤེས་པ་དང་། སྨན་པ་ཞུས་ཆེ་གེ་མོར་ཡང་སྨན་པའི་ཐོབ་ཐང་མེད་པ་ཤེས། 

【དབྱེ་ཞིབ།】《དམངས་དོན་ཁྲིམས་གཞུངགི་གཏན་འཁེལ་ལྟར་ན། སྨན་པར་སྟོན་མཁན་ལ་སྨན་བཅོས་བྱ་འགུལ་ཁྲོད་གནོད་འཚེ་ཐེབས་ནས། སྨན་བཅོས་སྡེ་ཁག་དེ་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ། སྒྲིག་སྲོལ་དང་འབྲེལ་ཡོད་སྨན་བཅོས་ཚད་ལྡན་གྱི་གཏན་འཁེལ་དང་འགལ་ཡོད་ཚེ། སྨན་བཅོས་སྡེ་ཁག་ལ་ནོར་འཁྲུལ་ཡོད་པར་གཏན་ཁེལ་བྱུང་ན། སྨན་བཅོས་སྡེ་ཁག་གི་སྐྱིན་ཚབ་ཀྱི་འགན་ཁུར་དགོས། སྨན་བཅོས་མཛེས་བཟོ་སྡེ་ཁག་དེས་རང་ཉིད་ལ་འབྲེལ་ཡོད་སྨན་བཅོས་ཐོབ་ཐང་ཡོད་པར་མགོ་གཡོག་པ་དང་། སྦ་གསང་བྱེད་པ། དྲིལ་སྒྲོག་རྫུན་མ་དང་གཡོ་འཕྲུལ་བྱེད་པའི་སྣང་ཚུལ་ཡོད་པ་དང་། དེ་མིན་ཐོབ་ཐང་མེད་པར་ཚོང་གཉེར་བྱས་པ་དེས་སྨན་བཅོས་ཚད་ལྡན་གྱི་བཙན་ཤུགས་རང་བཞིན་གྱི་གཏན་འཁེལ་དང་རྒྱབ་འགལ་བྱས་ཤིང་། ཝང་ཆེ་གེ་མོའི་ལུས་ཁམས་ཀྱི་ཁེ་དབང་ལ་གནོད་པ་བཟོས། ཝང་ཆེ་གེ་མོས《དམངས་དོན་ཁྲིམས་གཞུངགི་དོན་ཚན་ལྔ་བརྒྱ་དོན་བདུན་པའི་གཏན་འཁེལ་ལྟར། སྨན་བཅོས་སྡེ་ཁག་གིས་འགན་ནུས་ལག་བསྟར་དང་སྐྱིན་ཚབ་སྤྲོད་པའམ་ཡང་ན་གྱོང་གུད་འཇལ་བ་སོགས་ཀྱི་འགན་ཁུར་དགོས་པའི་འདོད་ཚུལ་བརྗོད་ཆོག《དམངས་དོན་ཁྲིམས་གཞུངགི་དོན་ཚན་སྟོང་གཅིག་བརྒྱ་དང་དོན་དགུ་པའི་གཏན་འཁེལ་ལྟར། སྨན་བཅོས་འགྲོ་གྲོན་དང་བདག་སྐྱོང་འགྲོ་གྲོན། འགྲིམ་འགྲུལ་འགྲོ་གྲོན་སོགས་སྨན་བཅོས་དང་ཁམས་གསོའི་ཐད་བཀོལ་བའི་ལུགས་མཐུན་འགྲོ་གྲོན། དེ་མིན་ལས་ཀར་ཞུགས་མ་ཐུབ་པའི་ཡོང་སྒོ་གསབ་དགོས་པ་བཅས་ཀྱི་འདོད་ཚུལ་བཏོན་ཆོག་ལ། གཞན་དབང་བོ་སྐྱོན་ཅན་དུ་བཟོས་པར། དབང་སྐྱོན་འཚོ་བའི་རོགས་འདེགས་འཕྲུལ་ཆས་ཀྱི་འགྲོ་གྲོན་དང་དབང་སྐྱོན་སྐྱིབ་ཚབ་སྒོར་མོ་འཇལ་དགོས། གཞན་ཡང་། སྨན་བཅོས་མཛེས་བཟོའི་ཐད་ཀྱི་འགལ་བར་ད་དུང་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་སྤྱད་ཆོག་པ་དང་། གཏན་འཁེལ་དང་མཐུན་པའི་རིགས་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ཀྱི་དོན་ཚན་ལྔ་ང་པའི་གཏན་འཁེལ་ལྟར་སྨན་བཅོས་མཛེས་བཟོ་སྡེ་ཁག་གིས་ཞབས་ཞུ་འགྲོ་གྲོན་ཕྱིར་སྤྲོད་དགོས་པ་དང་། ཞབས་ཞུའི་རིན་གོང་གི་ལྡབ་གསུམ་གྱི་སྐྱིན་ཚབ་འཇལ་དགོས། 

105 གསོག་འཇོག་བྱང་བུར་ཆག་སྐྱོན་བྱུང་ནས་གཉེན་སྟོན་གྱི་ཆོ་གའི་བརྙན་རིས་མེད་པར་བཟོས་ན། བརྙན་ལེན་པས་སྐྱིན་ཚབ་འཇལ་དགོས་སམ།

【གྱོད་དཔེ།】 ཞའོ་ཅུན་དང་ཞའོ་ཅའེ་གཉིས་ཀྱིས་གཉེན་སྟོན་བྱེད་སྐབས། ཀུའུ་ཆེ་གེ་མོ་བོས་ནས་གོ་རིམ་ཧྲིལ་བོ་བརྙན་ལེན་དུ་བཅུག གཉེན་སྟོན་མཇུག་སྒྲིལ་རྗེས། ཀུའུ་ཆེ་གེ་མོས་བརྙན་ལེན་འཕྲུལ་ཆས་ཀྱི་བརྙན་རིས་གསོག་འཇོག་བྱང་བུར་ཆག་སྐྱོན་བྱུང་ནས་བརྙན་རིས་རྒྱུ་ཆ་ཚང་མ་བོར་བརླག་བྱུང་བ་ཤེས། ཐེངས་མང་པོར་གྲོས་བྱས་རྗེས། ཀུའུ་ཆེ་གེ་མོས་སྒོར་མོ1200ཡི་གླ་རིན་ཕྱིར་སྤྲོད་རྒྱུར་འཐད་པ་བྱུང་ནའང་། དེ་ལས་གཞན་པའི་སྐྱིན་ཚབ་སྤྲོད་རྒྱུ་དང་ལེན་མ་བྱས། 

【དབྱེ་ཞིབ།】《དམངས་དོན་ཁྲིམས་གཞུངགི་དོན་ཚན་སྟོང་གཅིག་བརྒྱ་དང་གྱ་གསུམ་པའི་གཏན་འཁེལ་ལྟར། རང་བྱུང་མིའི་ལུས་ཁམས་ཁེ་དབང་ལ་གནོད་པ་ཚབས་ཆེན་བཟོས་ནས་བསམ་བློར་གནོད་འཚེ་ཐེབས་ན། གནོད་པ་ཐེབས་མཁན་ལ་བསམ་བློའི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་རེ་ཞུ་བྱེད་པའི་དབང་ཆ་ཡོད། བསམ་བཞིན་དུའམ་ཡང་ན་རང་བྱུང་མི་ཡི་རང་སྟེང་གི་དོན་སྙིང་ལྡན་པའི་དམིགས་བསལ་དངོས་པོར་བསམ་བློའི་གྱོང་གུད་ཚབས་ཆེན་བཟོས་པར། གནོད་པ་ཐེབས་མཁན་ལ་བསམ་བློའི་ཐད་ཀྱི་གནོད་འཚེའི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་དབང་ཆ་ཡོད། གཉེན་སྟོན་གྱི་མཛེས་སྡུག་གི་ཕྱིར་དྲན་བརྙན་རིས་རྒྱུ་ཆ་ཚང་མ་བོར་བརླག་བྱུང་བ་དེ།《དམངས་དོན་ཁྲིམས་གཞུངགི་གཏན་འཁེལ་གྱི་དམིགས་བསལ་དངོས་པོའི་དབང་ཆར་གནོད་པ་བཟོས་པའི་འགན་འཁྲི་ཡོད་པ་སྟེ། མིའི་རང་སྟེང་གི་དོན་སྙིང་ལྡན་པའི་བསམ་བློར་གནོད་འཚེའི་གྱོད་གུད་བཟོས་པའི་སྐྱིན་ཚབ་ཀྱི་འགན་འཁུར་དགོས། བྱ་སྤྱོད་མཁན་གྱིས་བསམ་བཞིན་དུའམ་ཡང་ན་རང་བྱུང་མིར་རང་སྟེང་གི་དོན་སྙིང་ལྡན་པའི་དམིགས་བསལ་དངོས་པོར་བསམ་བློའི་གྱོང་གུད་ཚབས་ཆེན་བཟོས་པ་ཡིན་ན། བསམ་བློའི་གྱོང་གུད་ཀྱི་སྐྱིན་ཚབ་འཇལ་བའི་འགན་འཁུར་དགོས། བསམ་བློའི་གྱོང་གུད་སྐྱིན་ཚབ་ཀྱི་གྲངས་ཀར། ཁྲིམས་དཔོན་གྱིས་བྱ་སྤྱོད་མཁན་གྱི་ནོར་འཁྲུལ་གྱི་ཚད་གཞི་དང་གནོད་འཚེའི་འབྲས་བུ། དཔལ་འབྱོར་ནུས་ཤུགས་སོགས་ཀྱི་རྒྱུ་རྐྱེན་ལྟར་ཕྱོགས་བསྡུས་སྒོས་གཏན་འཁེལ་བྱེད་དགོས། (མུ་འགོད།)

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།