ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅོ་བརྒྱད་པ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

86. སྡེ་ལས་ཀུང་སི་ག་གེ་མོས་དོ་དམ་གྱི་འགན་འཁྲི་འཁུར་མ་ཐུབ་པ་དང་། གྱང་ཕྱིའི་སོ་ཕག་ལྷུང་ནས་རྨས་སྐྱོན་ཕོག་མཁན་ཤི་བ་ཡིན་ལ། ཁྲིམས་ཁང་གིས་སྡེ་ལས་ཀུང་སིས་སྒོར་ཁྲི8ལྷག་གི་སྐྱིན་ཚབ་སྤྲོད་རྒྱུའི་ཐག་བཅད། ཁྲིམས་ཁང་གི་ཁྲིམས་གཅོད་བྱེད་པའི་གཞི་འཛིན་ས་ཅི་ཡིན་ནམ།

《དམངས་དོན་ཁྲིམས་གཞུང》ནང་གཏན་འབེབས་བྱས་པ་ལྟར་ན། ཁང་པའི་ནང་དངོས་རྫས་དབྱུག་མི་ཆོག་པ།

ཁང་པའི་ནང་དངོས་རྫས་མར་འཕངས་པའམ་ཡང་ན་བཟོ་བཀོད་ཐོག་མར་ལྷུངས་པའི་དངོས་པོས་མི་གཞན་པར་གནོད་སྐྱོན་བཟོས་པའི་ཚེ། དབང་གནོད་མཁན་གྱིས་ཁྲིམས་ལྟར་དབང་གནོད་ཁག་འགན་འཁུར་དགོས། བརྟག་དཔྱད་བྱས་པ་བརྒྱུད་དབང་གནོད་མཁན་སུ་ཡིན་པ་མི་ཤེས་བའི་ཚེ། རང་ཉིད་དབང་གནོད་མཁན་མིན་པ་ར་སྤྲོད་བྱེད་པ་ཕུད། གནོད་འཚེ་བཟོ་སྲིད་པའི་སྐྲུན་དངོས་བཀོལ་སྤྱོད་བྱེད་མཁན་གྱིས་གུན་གསབ་སྤྲོད་དགོས། གནོད་འཚེ་བཟོ་སྲིད་པའི་སྐྲུན་དངོས་བཀོལ་སྤྱོད་བྱེད་མཁན་གྱིས་གུན་གསབ་བྱས་རྗེས། དབང་ཆར་གནོད་འཚེ་གཏོང་མཁན་ལ་སྐྱིན་ཚབ་བདའ་འདེད་བྱེད་དབང་ཡོད། སྡེ་ལས་ཞབས་ཞུའི་ཁེ་ལས་སོགས་ཁང་པའི་དོ་དམ་པས་དགོས་ངེས་ཀྱི་བདེ་ཐང་འགན་སྲུང་བྱེད་ཐབས་སྤྱད་དེ། གོང་གསལ་གྱི་ནང་གསེས་དོན་ཚན་ནང་གཏན་འབེབས་བྱས་པའི་གནས་ཚུལ་བྱུང་བར་སྔོན་འགོག་བྱེད་དགོས། དགོས་ངེས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཐབས་སྤྱད་མེད་ཚེ། བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་པའི་དབང་གནོད་ཁག་འགན་འཁུར་དགོས།

བར་སྣང་ནས་དངོས་པོ་འཕེན་པ་ནི་དམིགས་བསལ་གྱི་དབང་གནོད་བྱ་སྤྱོད་ཅིག་ཡིན་ལ། རྒྱུན་ལྡན་གྱི་གནས་ཚུལ་འོག་དབང་གནོད་བྱ་སྤྱོད་སྤེལ་མཁན་གཏན་འཁེལ་ཅུང་བྱེད་དཀའ་བ་ཡིན། ཁྲིམས་ཀྱིས་གཏན་འབེབས་བྱས་པ་ལྟར་ན། གལ་ཏེ་ཁྱོད་རང་དབང་གནོད་བྱ་སྤྱོད་སྤེལ་མཁན་མིན་པ་བདེན་དཔང་བྱེད་མི་ཐུབ་ཚེ། བཅའ་ཁྲིམས་ཀྱི་གནོད་འཚེ་བཟོ་སྲིད་པའི་སྐྲུན་དངོས་སྤྱོད་མཁན་གྱིས་དེར་བསྟུན་གྱི་གུན་ཚབ་འགན་འཁྲི་འཁུར་དགོས།《དམངས་དོན་ཁྲིམས་གཞུང》ནང་སྐྱིན་ཚབ་བདའ་འདེད་བྱེད་དབང་བསྩལ་ཡོད། གལ་ཏེ་གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་སྤྲད་རྗེས་དབང་གནོད་མཁན་ངོ་མ་གཏན་འཁེལ་ཐུབ་པའི་སྐབས་སུ། ཁྲིམས་ལྟར་དབང་གནོད་བྱ་སྤྱོད་སྤེལ་མཁན་ངོ་མར་སྐྱིན་ཚབ་བདའ་འདེད་བྱས་ཆོག

87.ཀ་པས་བསམ་བཞིན་དུ་ཁ་བ་དང་ཁོའི་འདས་ཟིན་པའི་ཆུང་མའི་མཉམ་པར་གཅིག་པུ་བརླག་ནས་ཁ་པའི་བསམ་པར་གནོད་སྐྱོན་ཚབས་ཆེན་བཟོས་སོང་། ཁ་བས་སྐྱིན་ཚབ་འཇལ་རྒྱུའི་རེ་བ་ཞུས་ཆོག་གམ།

རེ་བ་ཞུས་ཆོག 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་གྱ་གསུམ་པའི་ནང་གཏན་འབེབས་བྱས་པ་ལྟར་ན།

རང་བྱུང་མི་ཡི་མི་ལུས་ཁེ་དབང་ལ་སེམས་ཁམས་གནོད་སྐྱོན་ཚབས་ཆེན་བྱུང་ན། དབང་ཆར་གནོད་འཚེ་ཕོག་མཁན་གྱིས་སེམས་ཁམས་གནོད་སྐྱོན་སྐྱིན་ཚབ་འཇལ་རྒྱུའི་རེ་བ་ཞུས་ཆོག བསམ་བཞིན་དུའམ་ཡང་ན་ལས་འཛོལ་ཚབས་ཆེན་གྱིས་རང་བྱུང་མིའི་མི་ལུས་ལ་དོན་སྙིང་གལ་ཆེན་ལྡན་པའི་དམིགས་བསལ་དངོས་པོར་གནོད་སྐྱོན་ཚབས་ཆེན་བཟོས་པའི་རིགས་ལ། དབང་ཆར་གནོད་འཚེ་ཕོག་མཁན་ལ་སེམས་ཁམས་གནོད་སྐྱོན་གྱི་སྐྱིན་ཚབ་འཇལ་དགོས་པའི་རེ་བ་ཞུ་དབང་ཡོད།

88. ཆང་བཟི་མཁན་ཞིག་གིས་ཀ་བའི་ལག་ཁྱེར་ཁ་པར་བཅག་པ་ཡིན་ལ། ཁོས་རང་ཉིད་བཟི་འདུག་ཟེར་ནས་སྐྱིན་ཚབ་འཇལ་འགན་འཁུར་རྒྱུ་དང་ལེན་མ་བྱས། ཀ་བས་ཇི་ལྟར་བྱེད་དགོས།

ཀ་པས་སྔར་བཞིན་ཆང་བཟི་མཁན་ལ་སྐྱིན་གསབ་སྤྲོད་དགོས་པ་དང་དབང་གནོད་ཁག་འགན་འཁུར་དགོས་པའི་རེ་བ་བཏོན་ཆོག

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་དགུ་བཅུ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མིས་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་རང་གཅུན་མ་ཐུབ་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་བར་ནོར་འཛོལ་ཡོད་པའི་ཚེ། དབང་གནོད་འགན་འཁྲི་འཁུར་དགོས། ནོར་འཛོལ་མེད་ན། བྱ་སྤྱོད་སྤེལ་མཁན་གྱི་དཔལ་འབྱོར་གནས་ཚུལ་ལ་གཞིགས་ནས་གནོད་སྐྱོན་ཕོག་མཁན་ལ་སྐྱིན་གསབ་འོས་འཚམ་སྤྲོད་དགོས། དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཆ་ཚང་ཡོད་པའི་མིས་ཆང་འཐུང་བ་དང་། སྦྲིད་སྨན་ནམ་ཡང་ན་སྨྱོ་ནད་ཀྱི་སྨན་རྫས་གང་བྱུང་དུ་སྤྱོད་པ་སོགས་ཀྱི་དབང་གིས་རང་ཉིད་ཀྱི་བྱ་སྤྱོད་ལ་གནས་སྐབས་སུ་འདུ་ཤེས་མེད་པའམ་ཡང་ན་རང་གཅུན་མ་ཐུབ་པས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་ན། དབང་གནོད་འགན་འཁྲི་འཁུར་དགོས།

89. རྒས་འཁོགས་ཞིག་ཚོང་རར་ཉུལ་སྐབས་ས་ངོས་ཀྱི་ཆུ་ལས་འགྱེལ་ནས་རྐང་ངར་བཅག་པ་རེད། རྒས་འཁོགས་ཀྱིས་ཚོང་རར་གྱོང་གསབ་སྤྲོད་དགོས་པའི་རེ་ཞུ་བྱས་ཆོག་གམ།

ཆོག 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་བརྒྱད་པའི་ནང་གཏན་འབེབས་བྱས་པ་ལྟར་ན། མགྲོན་ཁང་དང་། ཚོང་ར། དངུལ་ཁང་། རླངས་འཁོར་ས་ཚུགས། གནམ་གྲུ་ཐང་། ལུས་རྩལ་ཁང་། རོལ་རྩེད་ཁང་བཅས་གཉེར་སྐྱོང་བྱེད་ས་དང་། སྤྱི་སྤྱོད་ས་གནས་ཀྱི་གཉེར་སྐྱོང་བྱེད་མཁན་དང་དོ་དམ་བྱེད་མཁན། མང་ཚོགས་རང་བཞིན་གྱི་བྱ་འགུལ་སྒྲིག་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་པར་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་པའི་ཚེ། དབང་གནོད་འགན་འཁྲི་འཁུར་དགོས། སྐྱེ་བོ་གསུམ་པའི་བྱ་སྤྱོད་ཀྱི་དབང་གིས་སྐྱེ་བོ་གཞན་ལ་གནོད་སྐྱོན་བཟོས་བ་ཡིན་ན། སྐྱེ་བོ་གསུམ་པས་དབང་གནོད་འགན་འཁྲི་འཁུར་དགོས། གཉེར་སྐྱོང་བྱེད་མཁན་དང་དོ་དམ་བྱེད་མཁན། རྩ་འཛུགས་བྱེད་མཁན་བཅས་ཀྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་པར་དེར་བསྟུན་གྱི་ཁ་གསབ་འགན་འཁྲི་འཁུར་དགོས། གཉེར་སྐྱོང་བྱེད་མཁན་དང་དོ་དམ་བྱེད་མཁན་ནམ་ཡང་ན་སྒྲིག་འཛུགས་བྱེད་མཁན་གྱིས་ཁ་གསབ་འགན་འཁྲི་འཁུར་རྗེས། སྐྱེ་བོ་གསུམ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག

90. རླངས་འཁོར་བཙོང་ཟིན་མོད་རྒྱུ་བདག་བརྗེ་བའི་ཐོ་འགོད་འགྲོ་ལུགས་སྒྲུབ་མེད་པས། འགྲིམ་འགྲུལ་དོན་རྐྱེན་བྱུང་ན་སུ་ཞིག་གིས་སྐྱིན་ཚབ་སྤྲོད་དགོས་སམ།

དོ་བདག་བར་ཉོ་ཚོང་ངམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་འཕྲུལ་སྒྲུལ་འཁོར་ལོ་བཤུག་སྤྲོད་བྱས་པ་མ་ཟད་རྩིས་སྤྲོད་ཀྱང་བྱས་ཡོད་མོད། འོན་ཀྱང་ཐོ་འགོད་བྱས་མེད་པའི་སྐབས་སུ་འགྲིམ་འགྲུལ་དོན་རྐྱེན་བྱུང་ནས་གནོད་སྐྱོན་བཟོས་པའི་ཚེ། འཕྲུལ་སྒུལ་འཁོར་ལོ་དེའི་ཕྱོགས་ཀྱི་འགན་འཁྲི་ཡིན་ན་བཤུག་ལེན་བྱེད་མཁན་གྱིས་སྐྱིན་ཚབ་སྤྲོད་འགན་འཁུར་དགོས། (མུ་འགོད།)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།