ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་བདུན་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

81.སྐུ་ཞབས་ལི་ཡིས་སྔ་རྗེས་སུ་ཚབ་བྲིས་ཁ་ཆེམས་དང་སྒྲ་ཕབ་ཁ་ཆེམས་བཞག་ཡོད་ལ། ནང་དོན་ཕན་ཚུན་འགལ་བ་ཡིན་པས། ཁ་ཆེམས་གང་ཚད་གཞིར་འཛིན་དགོས་སམ།

མཇུག་མཐའི་ཁ་ཆེམས་ཚད་གཞིར་འཛིན་དགོས། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་ཞེ་གཉིས་པའི་ནང་འཁོད་པ་ལྟར་ན། ཁ་ཆེམས་འཇོག་མཁན་གྱིས་རང་གིས་བཞག་པའི་ཁ་ཆེམས་ཕྱིར་འཐེན་དང་བསྒྱུར་བཅོས་བྱས་ཆོག ཁ་ཆེམས་བཞག་རྗེས་སུ། ཁ་ཆེམས་འཇོག་མཁན་གྱིས་ཁ་ཆེམས་ཀྱི་ནང་དོན་དང་འགལ་བའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་བའི་རིགས། ཁ་ཆེམས་ཀྱི་འབྲེལ་ཡོད་ནང་དོན་ཕྱིར་འཐེན་པར་བརྩི་དགོས། ཁ་ཆེམས་འགའ་ཤས་བཞག་ཡོད་པ་དང་ནང་དོན་ཕན་ཚུན་འགལ་བ་ཡིན་པའི་ཚེ། མཇུག་མཐའི་ཁ་ཆེམས་ཚད་གཞིར་འཛིན་དགོས།

དོན་ཚན་ཆིག་སྟོང་བརྒྱ་དང་ཞེ་གསུམ་པ། དམངས་དོན་བྱ་སྤྱོད་སྤེལ་ནུས་མེད་པའམ་ཡང་ན་དམངས་དོན་བྱ་སྤྱོད་སྤེལ་ནུས་ལ་ཚོད་འཛིན་བྱས་པའི་རིགས་ཀྱིས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད། ཁ་ཆེམས་ནང་ངེས་པར་དུ་ཁ་ཆེམས་འཇོག་མཁན་གྱི་དོན་དངོས་བསམ་འདུན་སྟོན་དགོས་ལ། མགོ་སྐོར་གཡོ་འཕྲུལ་དང་བཙན་ཤེད་ཀྱིས་བཞག་པའི་ཁ་ཆེམས་ལ་ནུས་པ་མེད། རྫུན་བཟོ་བྱས་པའི་ཁ་ཆེམས་བཞག་རིགས་ལ་ནུས་པ་མེད། གཡོ་བཅོས་བྱས་པའི་ཁ་ཆེམས་ཀྱི་ནང་དོན་ལ་ནུས་པ་མེད།

82.མི་ཀ་བ་ལོ་ཆུང་བསམ་མེད་ཡིན་པའི་སྐབས་སུ་ཤུལ་བཞག་རྒྱུ་དངོས་ཐོབ་ཆེད། བཙན་ཤེད་ཀྱིས་ཁོའི་ཨ་ཕ་ལ་ཁ་ཆེམས་འཇོག་དུ་བཅུག རྗེས་སུ་ཀ་བས་རང་གི་ནོར་འཁྲུལ་ངོས་ཟིན་ནས་ལྷག་བསམ་རྣམ་དག་གིས་འགྱོད་བཤགས་བྱས་པར་བཟོད་སྒོམ་བྱས། མི་ཀ་བར་ཤུལ་བཞག་རྒྱུ་དངོས་ཐོབ་དབང་ཡོད་དམ།

ཤུལ་བཞག་རྒྱུ་ནོར་ཐོབ་དབང་ཡོད། 《དམངས་དོན་ཁྲིམས་གཞུང》ནང་ཤུལ་འཛིན་བྱེད་དབང་ཤོར་བའི་རིགས་ལ་གུ་ཡངས་ལམ་ལུགས་ཁ་གསབ་གཏན་འབེབས་བྱས་ཡོད། དོན་ཚན་ཆིག་སྟོང་བརྒྱ་དང་ཉེར་ལྔའི་ནང་གཏན་འབེབས་བྱས་པ་ལྟར་ན། ཤུལ་འཛིན་མཁན་ལ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ཚེ་ཤུལ་འཛིན་བྱེད་དབང་ཤོར་བ་སྟེ།

(1) བསམ་བཞིན་དུ་ཤུལ་འཛིན་བྱ་ཡུལ་བསད་པ།

(2) ཤུལ་བཞག་རྒྱུ་དངོས་འཕྲོག་རེས་བྱེད་ཆེད་ཤུལ་འཛིན་པ་གཞན་དག་བསད་པ།

(3) ཤུལ་འཛིན་བྱ་ཡུལ་དབྱུག་པའམ་ཡང་ན་ཤུལ་འཛིན་བྱ་ཡུལ་ལ་མནར་གཅོད་བཏང་བའི་གནས་ཚུལ་ཚབས་ཆེན་ཡིན་པ།

(4) ཁ་ཆེམས་རྫུན་བཟོ་དང་། གཡོ་བཅོས། སྦས་གསང་། མེད་པར་བཟོ་བ་བཅས་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པ།

(5) མགོ་སྐོར་གཡོ་འཕྲུལ་དང་བཙན་ཤེད་ཀྱི་ཐབས་ལ་བརྟེན་ནས་ཤུལ་འཛིན་བྱ་ཡུལ་གྱིས་ཁ་ཆེམས་འཇོག་པ་དང་། བསྒྱུར་བཅོས། ཕྱིར་འཐེན་བྱ་རྒྱུ་བཅས་ལ་བཙན་ཤེད་དམ་འགོག་རྐྱེན་བཟོས་པའི་གནས་ཚུལ་ཚབས་ཆེན་ཡིན་པ། ཤུལ་འཛིན་པར་གོང་གསལ་གྱི་ནང་གསེས་དོན་ཚན་གསུམ་པ་ནས་ལྔ་བའི་བྱ་སྤྱོད་ཡོད་པ་དང་། དངོས་གནས་སྔ་འགྱོད་ཀྱི་སྤྱོད་ཚུལ་ཡོད་ལ་ཤུལ་འཛིན་བྱ་ཡུལ་གྱིས

གུ་ཡངས་སུ་བཏང་བའམ་ཡང་ན་རྗེས་སུ་ཁ་ཆེམས་ནང་ཤུལ་འཛིན་པར་བརྩིས་པའི་རིགས་ཡིན་པའི་ཚེ། ཤུལ་འཛིན་པ་དེའི་

ཤུལ་འཛིན་བྱེད་དབང་ཤོར་མེད། ཤུལ་བཞག་རྒྱུ་དངོས་ཐོབ་པའི་མིར་དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་ཡོད་ཚེ། ཤུལ་དངོས་སྤྲོད་ཁུངས་ཀྱི་དབང་ཆ་ཤོར་བ།

83.རྒན་པར་བསྙེན་བཀུར་མི་བྱེད་པའི་རིགས་ལ་ཤུལ་བཞག་རྒྱུ་དངོས་ཀྱི་སྐལ་ཐོབ་བམ།

བསྙེན་བཀུར་གྱི་ནུས་པ་དང་ཆ་རྐྱེན་ཡོད་པའི་ཤུལ་འཛིན་མཁན་གྱིས་གསོ་སྐྱོང་འོས་འགན་མི་འཁུར་བ་ཡིན་ན། ཤུལ་བཞག་རྒྱུ་དངོས་བགོ་སྐབས་མི་བགོ་བའམ་ཡང་ན་ཉུང་ངུ་བགོ་དགོས།

84.འགྲིམ་འགྲུལ་དོན་རྐྱེན་བྱུང་བའི་ཕྱོགས་དེ་བྲོས་བྱོལ་བྱ་བསམ་པའི་སྐབས་སུ་གནོད་འཚེ་ཕོག་མཁན་གྱིས་ཕ་རོལ་པོའི་ལྡེ་མིག་བཙན་འཕྲོག་བྱས་པའི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

ཁྲིམས་མཐུན་ཡིན། ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པའི་གནས་ཚུལ་ཁ་ཚ་དགོས་གཏུགས་ཡིན་པ་དང་དུས་ཐོག་ཏུ་

རྒྱལ་ཁབ་ལས་ཁུངས་ཀྱི་སྲུང་སྐྱོང་ཐོབ་མི་སྲིད་པ་དང་། འཕྲལ་མར་བྱེད་ཐབས་མ་སྤྱད་ན་དེའི་ཁྲིམས་མཐུན་ཁེ་དབང་ལ་ཁ་གསབ་བྱེད་ཐབས་བྲལ་བའི་གྱོང་གུན་ཕོག་པའི་ཚེ། གནོད་འཚེ་ཕོག་མཁན་གྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་དགོས་ངེས་ཀྱི་ཁྱབ་ཁོངས་ནང་དབང་ཆར་གནོད་འཚེ་གཏོང་མཁན་གྱི་ནོར་རྫས་བཀག་ཉར་བྱེད་པ་སོགས་ལུགས་མཐུན་གྱི་བྱེད་ཐབས་སྤྱོད་རྒྱུ།

འོན་ཀྱང་། འཕྲལ་མར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ལ་ཐག་གཅོད་ཞུ་རྒྱུའི་རེ་བ་འདོན་དགོས།

85.ལའོ་སུའུ་ཡིས་གདན་འདྲེན་ཞུས་པའི་བུ་རྫི་ཚའེ་ལགས་ལ་ལས་ཀའི་ཁྲོད་རྨས་སྐྱོན་ཕོག་པ་ཡིན་ལ། ལའོ་སུའུ་ཡིས་སྐྱིན་ཚབ་འཇལ་དགོས་སམ།

《དམངས་དོན་ཁྲིམས་གཞུང》གི་དོན་ཚན་ཆིག་སྟོང་བརྒྱ་དང་གོ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། མི་སྒེར་གྱི་བར་དུ་ངལ་ལས་ཀྱི་འབྲེལ་བ་ཆགས་པའི་ཚེ། ངལ་ལས་མཁོ་འདོན་བྱེད་མཁན་གྱིས་ལས་ཀ་ལས་མི་གཞན་ལ་གནོད་སྐྱོན་ཕོག་ན། ངལ་ལས་དང་ལེན་བྱེད་མཁན་གྱིས་དབང་གནོད་ཀྱི་འགན་འཁུར་དགོས་ལ། དབང་གནོད་ཀྱི་འགན་འཁུར་རྗེས་བསམ་བཞིན་དུ་བྱས་པའམ་ཡང་ན་ལས་འཛོལ་ཚབས་ཆེན་བཟོས་པའི་ངལ་ལས་མཁོ་འདོན་བྱེད་མཁན་ལ་སྐྱིན་ཚབ་བདའ་འདེད་བྱས་ཆོག

ངལ་ལས་མཁོ་འདོན་ཕྱོགས་ལ་ལས་ཀའི་གནོད་སྐྱོན་བྱུང་ན། ཕྱོགས་གཉིས་ཀས་རང་སོ་སོའི་ནོར་འཛོལ་གཞིར་བཟུང་དེར་བསྟུན་གྱི་འགན་འཁྲི་འཁུར་དགོས། ངལ་ལས་མཁོ་འདོན་བྱེད་པའི་སྐབས་སུ། སྐྱེ་བོ་གསུམ་པའི་བྱ་སྤྱོད་ལས་ངལ་ལས་མཁོ་འདོན་བྱེད་མཁན་ལ་གནོད་སྐྱོན་བྱུང་ན། ངལ་ལས་མཁོ་འདོན་ཕྱོགས་ལ་སྐྱེ་བོ་གསུམ་པར་དབང་གནོད་ཁག་འགན་འཁུར་རྒྱུའི་རེ་འདུན་ཞུ་དབང་ཡོད་པ་དང་། ངལ་ལས་དང་ལེན་བྱེད་མཁན་ལ་གུན་གསབ་སྤྲོད་རྒྱུའི་རེ་ཞུ་བྱེད་དབང་ཡོད། ངལ་ལས་དང་ལེན་བྱེད་མཁན་གྱིས་གུན་གསབ་བྱས་རྗེས་སྐྱེ་བོ་གསུམ་པར་སྐྱིན་ཚབ་བདའ་འདེད་བྱས་ཆོག(མུ་འགོད།)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།