ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(བཅུ་གཉིས་པ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

56、 ཞའོ་མིང་གིས་ལག་ཁྱེར་ཁ་པར་ཞིག་ཚོད་ལྟའི་ངང་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། བཀོལ་སྤྱོད་བྱེད་དུས་ཁ་པར་རང་འགུལ་ངང་མེར་འབར་སོང་། དེས་ན་ཞའོ་མིང་གིས་ཚོང་བདག་ལ་སྐྱིན་ཚབ་འཇལ་དགོས་སམ།

སྐྱིན་ཚབ་འཇལ་མི་དགོས། དངོས་པོ་དེ་ཚོད་ལྟ་བྱེད་དུས་ཆག་སྐྱོན་བྱུང་བ་དང་ཉམས་ཆག་བྱུང་ཚེ་ཚོང་བདག་གིས་འགན་འཁྲི་འཁུར་དགོས།

57、 ཀུང་སི་ག་གེ་མོའི་ཚད་གཞིའི་དོན་ཚན་སྤྱད་དེ་ཀ་བར་གན་རྒྱ་འཇོག་དུས། ཀུང་སི་དེས་དོན་ཚན་གྱི་ནང་དོན་ལྟར་གསལ་བརྡའི་འགན་འཁྲི་མ་འཁུར་བས། ཀ་བ་ཡིས་གན་རྒྱའི་ནང་དུ་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་ཚབས་ཆེན་ཐེབས་ཡོད་པ་ཤེས་རྗེས་ཇི་ལྟར་བྱེད་དགོས།

ཚད་གཞིའི་དོན་ཚན་སྤྱོད་མཁན་གྱིས་གསལ་འདེབས་དང་ཁ་གསལ་གྱི་འགན་འཁྲི་མ་འཁུར་བར། ཕྱོགས་གཞན་གྱིས་མཉམ་མ་བཞག་པ་དང་གོ་བ་བླངས་པ་ནོར་ཏེ་རང་ཉིད་ལ་གནོད་པ་ཚབས་ཆེན་ཐེབས་ཚེ། ཕྱོགས་དེ་གའི་དོན་ཚན་དེ་རང་འགུལ་ངང་གན་རྒྱའི་ནང་དོན་དུ་བརྩི་སྲུང་མ་བྱས་ན་ཆོག

58、 ཞའོ་ཝང་ལ་སྒོར་མོ་མེད་པས་ཁོས་དྲ་ཐོག་ཏུ་དངུལ་བུན་གྱི་སྙན་གསེང་ཞུས། བློ་ཡིད་ལས་འདས་པ་ཞིག་ལ་ཁོ་རང་གཡོ་འོག་ཏུ་ཚུད་དེ། དུས་ཡུན་ཟླ1གི་རིང་གཞན་ལ་ཆད་པའི་སྒོར་ཁྲི2པོ་དེ་ཁྲི32ལ་བུད། དེས་ན་ཁོས་སྐྱེད་ཀ་དེ་དག་སྐྱིན་ཚབ་འཇལ་དགོས་སམ།

རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་བའི་སྐྱེད་ཀ་དེ་སྐྱིན་ཚབ་འཇལ་མི་དགོས། 《དམངས་དོན་ཁྲིམས་གཞུང》ལས་སྐྱེད་ཀ་མཐོ་བའི་དངུལ་བུན་བཏང་མི་ཆོག དངུལ་བུན་བཏང་བའི་སྐྱེད་ཀ་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་འགལ་མི་ཆོག་པར་གཏན་འབེབས་བྱས་ཡོད།

59、  ཀ་བ་ཡིས་མངགས་བཅོལ་གྱི་མིང་གཡར་ཏེ་བར་འདུག་བརྒྱུད་ནས་ཁང་བདག་ཁ་བ་བཙལ་བ་དང་། དེ་རྗེས་ཡང་བར་འདུག་ལ་གསང་ནས་ཁ་བ་དང་ཐད་ཀར་དུ་ཁང་བ་གླས་པའི་གན་རྒྱ་བཞག་པས། བར་འདུག་གིས་ཀ་བར་མཚམས་སྦྱོར་གླ་ཆ་དགོས་པའི་རེ་བ་བཏོན། གནས་ལུགས་འདི་ཁྲིམས་མཐུན་རེད་དམ།

ཁྲིམས་མཐུན་རེད། མངགས་བཅོལ་མི་སྣས་བར་འདུག་གི་ཞབས་ཞུ་དང་ལེན་བྱས་རྗེས། བར་འདུག་གི་མཁོ་འདོན་བྱས་པའི་ཉོ་ཚོང་གི་གོ་སྐབས་དང་སྨྱན་སྦྱོར་གྱི་ཞབས་ཞུ་སྤྱད་དེ། བར་འདུག་ལ་གསང་ནས་ཐད་ཀར་དུ་གན་རྒྱ་བཞག་ཚེ། བར་འདུག་ལ་བླ་ཆ་སྤྲད་ན་འགྲིག

60、 མི་ཞིག་ཀ་བ་ཡིས་གླས་པའི་ཁང་བའི་ནང་དུ་ཡོང་ནས། རང་ཉིད་ཁང་བདག་གསར་བ་ཡིན་པ་དང་། ཁང་བ་གླས་པའི་གན་རྒྱ་མཚམས་འཇོག་དགོས་པ་མ་ཟད། ཉིན3གྱི་རིང་གནས་སྤོར་བྱེད་དགོས་པའི་རེ་བ་བཏོན། གནས་ཚུལ་འདིའི་འོག་ཀ་བ་གནས་སྤོར་བྱེད་དགོས་སམ། 

ཀ་བ་གནས་སྤོར་བྱེད་མི་དགོས། ཁང་བ་གླས་པའི་མི་སྣའི་གན་རྒྱ་བཞག་པའི་དུས་ཡུན་ནང་ཁང་བ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་ཚེ། གན་རྒྱའི་ནང་དོན་ལ་ཤུགས་རྐྱེན་བཟོ་མི་སྲིད། །(མུ་འགོད།)

རྩོམ་སྒྲིག་པ། : བདེ་ལེགས་མཚོ།