ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་འགོག་སྡོམ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས30དང་དེ་དག་གི་བཅའ་ཁྲིམས་མཇུག་འབྲས།(ཁག་གསུམ་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

21.བསམ་བཞིན་དུ་འགོས་ནད་ཅན་དང་ནད་གཞི་ཁྱེར་མཁན། འགོས་ནད་ཕོག་པའི་དོགས་གཞི་ཆེ་བའི་མི་སྣ། འབྲེལ་བ་དམ་ཟབ་ཡོད་མཁན་བཅས་ཀྱི་མི་སྒེར་གྱི་གསང་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དང་རྒྱུ་ཆ་ཕྱིར་བསྒྲགས་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཉིན5མན་བཀག་ཉར་གྱི་ཆད་པ་གཅོད་པའམ་སྒོར500མན་གྱི་དངུལ་ཆད་བཅད་ཆོག ཉེས་ཚབས་ཅུང་ཆེ་བ་ལ་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་པ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག རྒྱལ་ཁབ་ལས་ཁུངས་སམ་སློབ་གསོ་སྨན་བཅོས་སོགས་ལས་ཁུངས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པའི་ཞབས་ཞུའི་གོ་རིམ་ཁྲོད་ཐོབ་པའི་མི་སྒེར་གྱི་ཆ་འཕྲིན་དེ་མི་གཞན་ལ་བཙོངས་བའམ་ཁྲིམས་འགལ་གྱི་མཁོ་འདོན་བྱེད་པའི་གནས་ཚུལ་ཚབས་ཆེན་ཡིན་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ང་གསུམ་པ་དང་འགལ་ཏེ། སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

22.རིམས་ནད་འགོག་སྡོམ་སྐབས་སུ་བསམ་བཞིན་དུ་སྨན་བཅས་མི་སྣར་གནོད་འཚེ་བཏང་ནས་རྨས་སྐྱོན་ཆུང་ངུ་ཡན་གྱི་མཇུག་འབྲས་ཚབས་ཆེན་བཟོས་པའམ། སྨན་བཅོས་མི་སྣའི་འགོག་སྲུང་སྒྲིག་ཆས་མེད་པར་བཟོ་བའམ་ཁ་ཆུ་གཏོར་བ་སོགས་ཀྱི་བྱ་སྤྱོད་སྤེལ་ནས་སྨན་དོན་མི་སྣར་པྲོག་གསར་གློ་ཚད་རིམས་ནད་འགོས་སུ་བཅུག་པ་དེ།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་སོ་བཞི་པ་དང་འགལ་ཏེ། བསམ་བཞིན་དུ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད། གང་འདོད་ལྟར་སྨན་བཅོས་མི་སྣར་ཉེས་རྡུང་བྱས་ཏེ་ཉེས་ཚབས་ཆེ་བ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་ཞེ་དྲུག་དང་དོན་ཚན་ཉིས་བརྒྱ་གོ་གསུམ་པ་དང་འགལ་ཏེ། བརྙས་བཅོས་ཀྱི་ནག་ཉེས་སམ་བསྙད་རྐོ་ཟིང་སློང་གི་ནག་ཉེས་གྲུབ་སྲིད།

23.གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མའི་ནད་དཔྱད་འགན་འཁྲིའི་ལམ་ལུགས་དང་འགལ་ཏེ་རང་ངོས་ཀྱིས་ཚ་རྒྱས་པའི་ནད་པར་བརྟག་དཔྱད་བྱས་ནས་མཇུག་འབྲས་ངན་པ་བཟོས་བ་དེ།

བཅའ་ཁྲིམས་ལྟར་ལས་སྒོ་གནས་སྐབས་སུ་སྤེལ་མཚམས་འཇོག་པའམ་ལས་གཉེར་བྱེད་འཐུས་ལག་འཁྱེར་མེད་པར་བཟོ་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་ན། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

24.རིམས་ནད་འགོག་སྡོམ་གྱི་གཏན་འབེབས་དང་འགལ་ཏེ་ཁ་ཐུམ་དང་འགོག་སྲུང་གྱོན་ཆས་སོགས་ཀྱི་སྨན་བཅོས་འགོག་སྲུང་སྤྱོད་ཆས་གང་བྱུང་དུ་དབྱུགས་པ། འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་རིམས་ནད་འགོག་སྡོམ་གྱི་གཏན་འབེབས་དང་འགལ་ཏེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་གཞི་ཚུད་པའི་སྨན་བཅོས་འགོག་སྲུང་སྤྱོད་ཆས་དང་ཡོ་བྱད། སྨན་བཅོས་འཚོ་བའི་སྙིགས་རོ་བཅས་དང་དེ་བཞིན་དུག་ལྡན་དང་གནོད་ལྡན་དངོས་རྫས་གང་བྱུང་དུ་ཐག་གཅོད་བྱས་ནས་ཁོར་ཡུག་ལ་སྦགས་བཙོག་ཚབས་ཆེན་བཟོས་པ་དེ།

《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་སོ་བརྒྱད་པ་ལྟར་ཁོར་ཡུག་ལ་སྦགས་བཙོག་བཟོས་པའི་ནག་ཉེས་གྲུབ་སྲིད། བསམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་སློང་དུག་གཞི་དྲངས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཟོས་བ་དང་། མི་ལ་རྨས་སྐྱོན་ཚབས་ཆེན་ནམ་ཤི་སྐྱོན་བཟོ་བ། ཡང་ན་གཞུང་སྒེར་གྱི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་དང་འགལ་ཏེ། ཉེན་ཁ་ཆེ་བའི་བྱ་ཐབས་ལ་བརྟེན་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

25.ནད་པའམ་དོགས་ཡོད་ནད་པས་ལོགས་བཀར་སྨན་བཅོས་དང་ལེན་མི་བྱེད་པའམ་རང་དགར་ཁ་བྲལ་བ། ལོགས་བཀར་སྨན་བཅོས་དང་ལེན་མི་བྱེད་པའམ་ལོགས་བཀར་དུས་ཡུན་མ་ལོན་པར་རང་འགར་ཁ་བྲལ་བ་དེ།

《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དོན་ཚན་དང་པོ་དང་འགལ་ཡོད་པས། སྤྱི་བདེ་ལས་ཁུངས་ཀྱིས་སྨན་བཅོས་ལས་ཁུངས་ལ་གཞོགས་འདེགས་བྱས་ཏེ་བཙན་ཤེད་ཀྱིས་ལོགས་བཀར་སྨན་བཅོས་བྱེད་ཐབས་སྤྱད་ཆོག

26.ཞིབ་དཔྱད་ལས་ཁུངས་ཀྱི་ཞིབ་དཔྱད་ཚད་ལེན་མ་བརྒྱུད་པའི་བརྟག་དཔྱད་མཇུག་འབྲས་ཕུལ་བའམ་བརྟག་དཔྱད་མཇུག་འབྲས་རྫུན་མ་བཏོན་པ། ཡང་ན་བརྟག་དཔྱག་མཇུག་འབྲས་རྫུན་མ་བཙོངས་བའམ་ཉོས་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 

ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུ་པ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་བཀག་འགོག་བྱེད་པའི་ནག་ཉེས་གྲུབ་སྲིད།

27.རིམས་ནད་ཀྱི་སྐབས་སུ་བསམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་མཆེད་དུ་བཅུག་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་བཏང་བ་དེ།

གལ་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་འགོས་མཁན་གྱིས་རིམས་ནད་འགོག་སྡོམ་བྱེད་ཐབས་དང་འགལ་ཏེ། བསམ་བཞིན་དུ་པྲོག་གསར་གློ་ཚད་རིམས་ནད་མཆེད་དུ་བཅུག་ནས་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ནད་རྟགས་གཏན་འཁེལ་བྱས་ཟིན་པའི་པྲོག་གསར་གློ་ཚད་རིམས་ནད་ཕོག་མཁན་དང་ནད་གཞི་ཁྱེར་མཁན་གྱིས་ལོགས་བཀར་སྨན་བཅོས་མི་བྱེད་པའམ་ལོགས་བཀར་དུས་ཡུན་མ་ལོན་པར་རང་འགར་གྱིས་ཁ་བྲལ་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་སྐྱོད་པའམ་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་བསྡད་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་དོགས་ཡོད་ནད་པས་ལོགས་བཀར་སྨན་བཅོས་མི་བྱེད་པའམ་ལོགས་བཀར་དུས་ཡུན་མ་ལོན་པར་རང་འགར་ཁ་བྲལ་ནས་མི་མང་འདུ་འཛོམས་བྱ་ཡུལ་དུ་སྐྱོད་པའམ་སྤྱི་བའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་རིམས་ནད་མཆེད་དུ་བཅུག་ན། ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་དང་འགལ་ཏེ།  ཉེན་ཁའི་བྱེད་ཐབས་སྤྱད་དེ་སྤྱི་བའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

28.འགོས་ནད་ཀྱི་འབུ་ཕྲ་དང་དུག་རྒྱུ་ཚོད་ལྟ་དང་ཉར་ཚགས། འཁྱེར་བ། སྐྱེལ་འདྲེན་བཅས་བྱེད་མཁན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ་འགོས་ནད་ཀྱི་འབུ་ཕྲ་དང་དུག་རྒྱུ་མཆེད་དུ་བཅུག་ནས་མཇུག་འབྲས་ཚབས་ཆེན་བཟོས་པ་དེ། 

ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་གོ་གཉིས་པ་དང་འགལ་ཏེ། རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བྱེད་པར་གནོད་སྐྱོན་གཏོང་བའི་ནག་ཉེས་གྲུབ་སྲིད།

29.རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་གྱི་གཏན་འབེབས་དང་འགལ་ཏེ་རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་གཡོལ་ཐབས་དང་གཡོ་ཟོལ། ཡང་ན་བྱེད་ཐབས་གཞན་དག་སྤྱད་དེ་རྒྱལ་མཚམས་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་ལས་ཁུངས་ཀྱིས་ལུས་ཁམས་སམ་དངོས་རྫས་ལ་གསོ་རིག་གི་ཞིབ་བཤེར་དང་། འཕྲོད་བསྟེན་ཞིབ་བཤེར། དགོས་ངོས་ཀྱི་འཕྲོད་བསྟེན་ཐག་གཅོད་བཅས་བྱ་རྒྱུ་དང་ལེན་མི་བྱེད་པ་དང་། དེ་བཞིན་རྒྱལ་མཚམས་སུ་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་དང་ལེན་དགོས་པའི་འོས་འགན་ལ་འགལ་ནས་ཞིབ་བཤེར་བྱེད་དགོས་པའི་འགོས་ནད་མཆེད་དུ་བཅུག་པ་དེ། 

ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་གཉིས་པ་དང་འགལ་ཏེ། རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་བྱེད་པར་གནོད་སྐྱོན་གཏོང་བའི་ནག་ཉེས་གྲུབ་སྲིད།

30.《རྒྱལ་མཚམས་བརྒལ་བའི་སྲོག་ཆགས་དང་རྩི་ཤིང་ལ་རིམས་བཤེར་བྱེད་པའི་བཅའ་ཁྲིམས》ཁྲོད་ནང་འདྲེན་བྱས་མི་ཆོག་པ་གཏན་འབེབས་བྱས་པའི་དངོས་པོ་རིམ་བཤེར་ལས་གཡོལ་བའམ་རྒྱལ་མཚམས་ནས་ནང་འདྲེན་བྱེད་མི་ཆོག་པའི་དངོས་པོར་ཚོད་འཛིན་དང་ཐག་གཅོད་ནུས་ལྡན་མ་བྱས་པར་བྲོས་བྱོལ་ལམ་མཆེད་པ་དེ།

ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སོ་བདུན་པ་དང་འགལ་ཏེ། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་འགོག་སྡོམ་དང་རིམས་ནད་བརྟག་དཔྱད་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

རིམས་ནད་འགོག་སྲུང་གི་གནས་བབ་ཛ་དྲག་ཆེ་བ་དང་། རིམས་ནད་འགོག་སྡོམ་བྱེད་པར་མི་ཚང་མར་འོས་འགན་ཡོད། རྒྱ་ཆེའི་མང་ཚོགས་ཀྱིས་རིམས་ནད་འགོག་སྡོམ་གྱི་འདུ་ཤེས་ཇེ་མཐོར་གཏོང་དགོས། རིམས་ནད་འགོག་སྡོམ་བྱ་བར་གཞོགས་འདེགས་མི་བྱེད་མཁན་ཡོད་ན་ཉེན་རྟོགས་ཕྱོགས་ཀྱིས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་བྱས་ནས་རིམས་ནད་འགོག་སྡོམ་གྱི་བྱ་ཐབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།