ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་འགོག་སྡོམ་ཁྲོད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རིགས30དང་དེ་དག་གི་བཅའ་ཁྲིམས་མཇུག་འབྲས།(ཁག་གཉིས་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-04-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.རིམས་ནད་འགོག་སྡོམ་བྱེད་པའི་རིང་ཁྱིམ་ཚང་གི་སྡོད་གནས་སུ་མིག་མངས་ཁང་དང་མཱ་ཅང་ཁང་བཙུགས་ནས་ཁྲིམས་འགལ་ངང་ཆམ་ནད་དང་ཚ་རྒྱས་སྨན་རྫས་སོགས་བཙོངས་བ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

12.རིམས་ནད་འགོག་སྡོམ་བྱེད་སྐབས། གྲོང་མིས་གཏན་འབེབས་ལ་འགལ་ཏེ་ཕྱི་རོལ་དུ་སོང་ནས་སྦག་རྒྱག་པ་དང་བཟའ་བཏུང་། རོལ་རྩེད་སོགས་འདུ་འཛོམས་ཀྱི་བྱེད་སྒོར་ཞུགས་ཏེ། ཁ་ཏ་བྱས་ཀྱང་ཕན་འབྲས་མེད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་ཆབས་ཅིག་ཏུ་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད། ནད་རྟགས་གཏན་འཁེལ་བྱས་ཡོད་མཁན་དང་ནད་གཞི་ཁྱེར་མཁན་གྱིས་ནད་སྦ་གསང་དང་འགྲོ་སྐྱོད་ཆ་འཕྲིན་སྦ་གསང་བྱས་ནས། མི་འདུ་འཛོམས་བྱ་ཡུལ་དུ་འཛུལ་བའམ་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་པ་ཡིན་ན། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་བརྒྱ་དང་བཅོ་ལྔ་པ་ལྟར་ཉེན་ཁའི་བྱ་ཐབས་སྤྱད་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་ནག་ཉེས་གྲུབ་སྲིད།

13.སྨན་བཅོས་ལས་ཁུངས་ཀྱི་ཉིང་སྐྱུར་རྟགས་དཔྱད་སྲིབ་གཤིས་ཅན་གྱི་དཔང་ཡིག་རྫུན་བཟོ་དང་སྒྱུར་བཟོ་བྱས་ཏེ། མི་གཞན་གྱི་བདེ་ཐང་ཨང་རིས་དང་འགྲོ་སྐྱོད་ཨང་རིས་བེད་སྤྱད་པའམ་བྱེད་ཐབས་གཞན་དག་སྤྱད་དེ་འགྲོ་སྐྱོད་དང་བྱེད་སྒོའི་རྗེས་ཤུལ་སྦ་གསང་བྱས་ནས་འབྲེལ་ཡོད་མི་སྣའི་ཡིད་ཆེས་ཐོབ་པ་དང་། འགྲོ་སྐྱོད་དང་འཚམས་འདྲིར་བསྐྱོད་པ། མི་མང་འདུ་སར་སྐྱོད་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པར་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅད་ཆོག ཡང་ན་འབྲེལ་ཡོད་སྡེ་ཁག་གི་སྲིད་འཛིན་ཆད་གཅོད་གཞན་དག་བཅད་ཆོག 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པ་དང་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད། 

14.མི་གཞན་ལ་གཞོགས་འདེགས་བྱས་ནས་རིམས་ནད་འགོག་སྡོམ་དང་ཞིབ་བཤེར་བྱེད་ཐབས་ལས་གཡོལ་བ་དེ།

བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད།

15.གྲོང་མི་དང་ཁེ་ལས་ཀྱིས་རིམས་ནད་འགོག་སྡོམ་དང་འབྲེལ་བ་ཡོད་པའི་དུག་སེལ་ལས་དོན་སྤེལ་བར་གཞོགས་འདེགས་མི་བྱེད་པ་དང་། ཁ་ཏ་བྱེད་ཀྱང་ཕན་འབྲས་མེད་པ་དེ།

བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པ་དང་འགལ་ཡོད་པས། ཐ་ཚིག་སྒྲོག་པའམ་སྒོར200མན་གྱི་དངུལ་ཆད་གཅོད་རྒྱུ། ཉེས་ཚབས་ཆེ་བ་ལ་ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར500མན་གྱི་དངུལ་ཆད་བཅད་ཆོག པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་མཆེད་འགྲེམས་སློང་བའམ་མཆེད་འགྲེམས་ཉེན་ཁ་ཚབས་ཆེན་ཡོད་པ་དེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པར་འགལ་ཏེ། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོས་པའི་ནག་ཉེས་གྲུབ་སྲིད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས(རྒྱལ་ཁབ་ལས་ཁུངས་ནང་དུ་རིམས་ནད་བྱུང་ཚུལ་འགོག་སྡོམ་གྱི་གཞུང་དོན་སྒྲུབ་མཁན་ཚུད)ཁྲིམས་ལྟར་རིམས་ནད་བྱུང་ཚུལ་ལ་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་བར་བཀག་འགོག་བྱས་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པ་དང་འགལ་ཏེ་གཞུང་དོན་སྒྲུབ་པར་བཀག་འགོག་བྱེད་པའི་ནག་ཉེས་གྲུབ་སྲིད།

གཉིས། རིམས་ནད་འགོག་སྡོམ་བྱེད་པའི་དཔལ་འབྱོར་དོ་དམ་གྱི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད།

16.རིམས་ནད་བྱུང་བའི་རིང་ལ་བསམ་ངན་བཅངས་ནས་དངོས་ཟོག་ཉར་གསོག་དང་ཟོག་གོང་ཧམ་སྤོར། ཚུལ་མིན་ཁེ་ཆེན་རག་ཐབས་བྱེད་པ་དེ།

ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱེད་པ། ཁྲིམས་འགལ་གྱི་ཐོབ་ཆའི་གྲངས་འབོར་ཆེ་ཙམ་ཡིན་པའམ་ནག་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་པ་དང་ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་པ། རྒྱལ་ཁབ་ཀྱི་ཐོལ་བྱུང་འགོས་ནད་སོགས་ཀྱི་གཏན་འབེབས་ལས་འགལ་ཏེ་ཟོག་གོང་ཧམ་སྤོར་དང་ཁེ་ཕན་ཆེན་པོར་རག་ཐབས་བྱས་ནས་ཁྲོམ་རའི་སྒྲིག་ལམ་ཚབས་ཆེན་དཀྲུགས་ནས་ཁྲིམས་འགལ་གྱི་ཐོབ་བྱའི་གྲངས་འབོར་ཅུང་ཆེ་བའམ་གནས་ཚུལ་ཚབས་ཆེན་གཞན་དག་ཡོད་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉེས་བརྒྱ་ཉེར་ལྔ་དང་འགལ་ཏེ། ཁྲིམས་འགལ་གྱི་ཚོང་གཉེར་བྱས་པའི་ནག་ཉེས་གྲུབ་སྲིད།

17.མི་ལུས་བདེ་ཐང་འགན་སྲུང་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞིར་མི་མཐུན་པའི་སྨན་སྤྱོད་ཁ་ཐུམ་དང་སྲུང་ཤེལ། འགོག་སྲུང་གྱོན་ཆས་སོགས་སྨན་བཅས་ལ་མཁོ་བའི་ཡོ་བྱད་ཐོན་སྐྱེད་བྱེད་པ་དེ།

ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་སྲིད་འཛིན་ཆད་གཅོད་བྱེད་པ། ཉེས་ཚབས་ཆེ་བ་ལ《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་དང་འགལ་ཏེ། ཚད་གཞི་དང་མི་མཐུན་པའི་སྨན་བཅོས་ཡོ་བྱད་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ནག་ཉེས་གྲུབ་སྲིད། དེར་ཁྲིམས་ལྟར་ཉེས་ཆད་ལྕི་མོ་གཅོད་རྒྱུ།

18.རིམས་ནད་འགོག་སྡོམ་བྱེད་པའི་རིང་རིམས་ནད་འགོག་སྡོམ་བྱེད་པར་སྤྱོད་པའི་དངོས་རྫས་ཞིབ་འཇུག་གསར་བཟོ་དང་ཐོན་སྐྱེད། བྲིན་ཚོང་བཅས་བྱེད་པའི་མིང་ཐོག་ནས་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པའམ་དོན་དངོས་རྫུན་བཟོ་བྱས་ནས་སྤྱི་དམངས་ཀྱི་ཞལ་འདེབས་རྒྱུ་ནོར་གཡོ་ལེན་གྲངས་འབོར་ཆེ་བ་དེ།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་དྲུག་པ་དང་འགལ་ཏེ། མགོ་སྐོར་གཏོང་བའི་ནག་ཉེས་གྲུབ་སྲིད།

གསུམ། རིམས་ནད་འགོག་སྡོམ་དང་འགལ་བའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག

19.པྲོག་གསར་གློ་ཚད་རིམས་ནད་བེད་སྤྱད་དེ་དཀྲོག་གཏམ་བཟོ་བ་དང་སྒྲོག་སྤེལ་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་གཏོར་བཤིག་བྱེད་པར་ངན་སྐུལ་བྱེད་པའམ་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་སློག་གཏོང་བར་ངན་སྐུལ་བྱེད་པ་དེ།

《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་གསུམ་པའི་ནང་གསེས་དོན་ཚན་གཉིས་པ་དང་དོན་ཚན་བརྒྱ་དང་ལྔ་བའི་ནང་གསེས་དོན་ཚན་གཉིས་པ་དང་འགལ་སྲིད། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པའི་ནག་ཉེས་ཡང་ན་རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་གཏོང་བར་ངན་སྐུལ་བྱེད་པའི་ནག་ཉེས་ལྟར་གྱོད་དོན་ཐོ་འགོད་མྱུལ་ཞིབ་བྱ་དགོས།

20.རིམས་ནད་འགོག་སྡོམ་བྱེད་པའི་སྐབས་སུ་རིམས་ནད་བྱུང་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོས་ནས་དྲ་བ་སོགས་མི་ཚོགས་འདུ་སར་ཁྱབ་སྤེལ་བྱེད་པའམ་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ད་དུང་ཁྱབ་སྤེལ་བྱེད་རོགས་བྱེད་པ་དེ།

ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་པའི་བཅའ་ཁྲིམསཀྱི་དོན་ཚན་རེ་ལྔ་པ་དང་འགལ་ཡོད། དེར་ཡོ་བསྲིང་བྱེད་དུ་འཇུག་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་བར་ཁྲིམས་ལྟར་ལས་སྒོ་གནས་སྐབས་མཚམས་འཇོག་པའམ་ལས་གཉེར་ཆོག་འཐུས་ལག་ཁྱེར་མེད་པར་བཟོ་དགོས། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་དང་འགལ་ཡོད་པས། ཉིན5ཡན་ནས་ཉིན10མན་བཀག་ཉར་གྱི་ཆད་པ་གཅོད་པ་དང་ཆབས་ཅིག་ཏུ་སྒོར500མན་གྱི་དངུལ་ཆད་བཅད་ཆོག ཉེས་ཚབས་ཅུང་ཆུང་བ་ལ་ཉིན5མན་བཀག་ཉར་གྱི་ཆད་པ་གཅོད་རྒྱུའམ་སྒོར500མན་གྱི་དངུལ་ཆད་གཅོད་རྒྱུ། སྤྱི་ཚོགས་ཀྱི་སྒྲིག་ལམ་ཚབས་ཆེན་དཀྲུགས་ན། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་གོ་གཅིག་པ་དང་འགལ་ཏེ། ཆ་འཕྲིན་རྫུན་མ་བཟོས་པའམ་རྐང་བཙུགས་ནས་སྒྲོག་སྤེལ་བྱེད་པའི་ནག་ཉེས་གྲུབ་སྲིད།  (མུ་འགོད)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།