ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་ལ་ཇི་ལྟར་ཐག་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་གནོད་སྐྱོན་བཟོས་པའི་བྱ་སྤྱོད་གྱི་ཆད་གཅོད་རྣམ་གྲངས་ལ་གཤམ་གྱི་འདི་དག་ཡོད་དེ།

1.འཇིགས་སྐུལ་ལམ་གདུག་རྩུབ་ཆེ་བའི་དྲག་ཤུགས་སྤྱད་པ། རྩ་འཛུགས་སམ་བཙན་སྐུལ་བྱས་ནས་ལོ16ལ་སོན་མེད་པའི་བྱིས་པར་མགོ་སྐོར་གཏོང་བ་དང་། དབང་བོ་སྐྱོན་ཅན་གྱི་མིར་འཇིགས་སྐུལ་དང་གདུག་རྩུབ་ཆེ་བའི་དྲག་ཤུགས་སྤྱད་ལ་ཉིན10ནས25མན་གྱི་བཀག་ཉར་དང་སྒོར500ནས་སྒོར1000མན་གྱི་ཆད་པ་གཅད་ཆོག ཉེས་པ་ཅུང་ཡང་མོ་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར200ནས500མན་གྱི་ཆད་པ་གཅད་དགོས།

2.མི་གཞན་ལ་བཙན་གྱིས་ངལ་རྩོལ་བྱེད་དུ་འཇོག་པ་དང་དྲག་ཤུགས་དང་འཇིགས་སྐུལ་ལམ་གཞན་པའི་བྱེད་ཐབས་བཀོལ་ནས་མི་གཞན་ལ་ངལ་རྩོལ་བྱེད་དུ་འཇོག་པ་ལ་ཉིན10ནས15མན་གྱི་བཀག་ཉར་དང་སྒོར500ནས1000མན་གྱི་ཆད་པ་གཅད་ཆོག  ཉེས་པ་ཅུང་ཡང་མོ་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར200ནས500མན་གྱི་ཆད་པ་གཅད་དགོས།

3.ཁྲིམས་དང་མི་མཐུན་པའི་སྒོ་ནས་མི་གཞན་གྱི་རང་དབང་ལ་ཚོད་འཛིན་བྱེད་པ། བསམ་བཞིན་དུ་མི་གཞན་གྱི་མི་ལུས་རང་དབང་འཕྲོག་པ་དམིགས་འབེན་དུ་བཟུང་ནས་བཀྱིགས་པ། བཀག་པ། བཙན་ཉར། ཐོབ་ཐང་འཛིན་ཡིག་ལེན་པ། གང་འདོད་དུ་མི་གཞན་བཀག་ཉར་བྱས་ཏེ་སྒོར་འགྲོ་བའམ་ཡང་ན་ཕྱིར་འབྲེལ་གཏུག་བྱ་རུ་མི་འཇུག་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་གཞན་གྱི་མ་ལུས་རང་དབང་འཕྲོག་པ་ལ་ཉིན10ནས15མན་གྱི་བཀག་ཉར་དང་སྒོར500ནས1000མནགྱིཆད་པ་གཅད་ཆོག  ཉེས་པ་ཅུང་ཡང་མོ་ཡིན་ན་ཉིན5ཡན་དང་ཉིན10མན་གྱི་བཀག་ཉར་དང་སྒོར200ནས500མན་གྱི་ཆད་པ་གཅད་དགོས།

4.ཁྲིམས་དང་མི་མཐུན་པའི་སྒོ་ནས་མི་གཞན་གྱི་སྡོད་གནས་སུ་འཛུལ་བ། ཡང་ན་ཁྲིམས་མིན་ལུགས་མིན་གྱི་སྒོས་མི་གཞན་གྱི་སྡོད་གནས་སུ་འཛུལ་ཏེ་སྡོད་གནས་བདག་པོས་ཕྱིར་འགྲོ་དགོས་པའི་རེ་བ་བཏོན་ཡང་སྒོར་མ་མ་སོང་བའི་བྱ་སྤྱོད་ལ་ཉིན10མན་གྱི་ཆད་པ་གཅད་ཆོག  ཉེས་པ་ཅུང་ཡང་མོ་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར200ནས་500མན་གྱི་ཆད་པ་གཅད་དགོས།

5.ཁྲིམས་དང་མི་མཐུན་པའི་སྒོ་ནས་མི་གཞན་གྱི་ལུས་ཕུང་ལ་བརྟག་དཔྱད་བྱེད་པ། སྤྱིའི་བདེ་འཇགས་དོ་དམ་དང་འགལ་བའམ་ཁྲིམས་མཐུན་མིན་པའི་སྒོ་ནས་མི་གཞན་པའི་ལུས་ཕུང་ལ་སྔོག་བཤེར་བྱེད་པའི་བྱ་སྤྱོད་ལ་ཉིན་10ནས15མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་བཅད་ཆོག  ཉེས་པ་ཆུང་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར200ནས་500མན་གྱི་ཆད་པ་གཅད་དགོས།

6. བཙན་སྐུལ་དང་མགོ་སྐོར་བཏང་སྟེ་མི་གཞན་ལ་སློང་མོ་བྱེད་དུ་འཇུག་པ། བཙན་སྐུལ་དང་མགོ་སྐོར་བཏང་སྟེ་མི་གཞན་བཀོལ་ནས་སློང་མོ་བྱེད་དུ་འཇུག་པའི་བྱ་སྤྱོད་ལ་ཉིན10ནས15མན་གྱི་བཀག་ཉར་དང་སྒོར1000མན་གྱི་ཆད་པ་གཅད་ཆོག 

7.ཟིང་ཆ་སློང་བའི་བྱེད་ཐབས་སྤྱད་ནས་སློང་མོ་བྱེད་པ། ཡང་དང་བསྐྱར་དུ་རྙོག་དྲ་བཟོ་བ་དང་བཙན་གྱིས་སློང་མོ་བྱེད་པའམ་ཟིང་ཆ་སློང་མོ་བྱེད་པའི་བྱ་སྤྱོད་ལ་ཉིན5ཡན་གྱི་བཀག་ཉར་རམ་ཐ་ཚིག་བསྒྲག་དགོས།

8.འཇིགས་སྐུལ་བའི་འཕྲིན་ཡིག་འབྲི་བའམ་གཞན་པའི་བྱེད་ཐབས་སྤྱད་ནས་གཞན་གྱི་མི་ལུས་བདེ་འཇགས་ལ་འཇིགས་སྐུལ་བ། འཇིགས་སྐུལ་ཡི་གེ་འབྲི་བའམ་འཇིགས་སྐུལ་དངོས་པོ་སྐུར་བ། མདེའུ། བཀག་སྡོམ་གྲི་སོགས་གཞན་པའི་བྱེད་ཐབས་སྤྱད་ནས་མི་གཞན་གྱི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པ་ལ་ཉིན5ནས་10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་དགོས།

9.མངོན་སུམ་འཛེམ་མེད་དུ་མི་གཞན་ལ་དམའ་འབེབས་བྱེད་པ། མི་མང་ཚོགས་སར་མི་གཞན་གྱི་མི་གཤིས་དང་མཚན་སྙན་ལ་གཏོར་བརླག་དང་དམའ་འབེབས་བྱས་པའི་བྱ་སྤྱོད་ལ་ཉིན5ཡན་གྱི་གཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་ཆོག  ཉེས་པ་ཅུང་ཚབས་ཆེན་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་དགོས།

10.གཞན་གྱི་དོན་དངོས་སྒྲོ་འདོགས་དང་རྫུན་བཟོ་བ། གཞན་གྱི་མི་གཤིས་དང་མཚན་སྙན་ལ་གནོད་འཚེ་བཟོ་བ་དམིགས་དབེན་དུ་བཟུང་ནས་གཞན་གྱི་མི་གཤིས་དང་མཚན་སྙན་ལ་གནོད་འཚེ་བཟོ་བའི་བྱ་སྤྱོད་ལ་ཉིན5ཡན་གྱི་བཀག་ཉར་རམ་སྒོར500མན་གྱི་ཆད་པ་གཅད་ཆོག  ཉེས་པ་ཅུང་ཚབས་ཆེན་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར་500མན་གྱི་ཆད་པ་གཅད་དགོས།

11.གཞན་ལ་བསྙོན་འཛུགས་དང་མ་ཉེས་ཁ་ཡོགས་བྱེད་པ། གཞན་ལ་བསྙོན་འཛུགས་དང་མ་ཉེས་ཁ་ཡོགས་བྱེད་པ་རྫུན་བཟོ་བྱས་ནས་གཞན་ལ་ཉེས་དོན་བདའ་འདེད་དམ་ཡང་ན་བདེ་འཇགས་དོ་དམ་ཆད་གཅོད་ཐེབས་པའི་རེ་ངན་བཅངས་པའི་བྱ་སྤྱོད་ལ། ཉིན5མན་གྱི་བཀག་ཉར་རམ་སྒོར500མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་དགོས།

12.དཔང་མི་དང་དཔང་མིའི་གཉེན་ཉེ་འབྲེལ་ལ་རྡུང་རྡེག་འཁོན་ལན་སློག་པ། འཇིགས་སྐུལ་དང་དམའ་འབེབས། གཅར་རྡུང་ངམ་རྡུང་རྡེག་འཁོན་ལན་སློག་པའི་རང་བཞིན་གྱིས་དཔང་མི་དང་དེའི་ཉེ་འབྲེལ་སོགས་ལ་གནོད་པ་བྱེད་པ་ལ་ཉིན5མན་གྱི་བཀག་ཉར་དང་སྒོར500གྱི་མན་གྱི་ཆད་པ་གཅད་ཆོག  ཉེས་པ་ཅུང་ཚབས་ཆེན་ཡིན་ན་ཉིན5ནས10མན་གྱི་བཀག་ཉར་དང་སྒོར500མན་གྱིཆད་པ་གཅད་དགོས།

13. ཆགས་སྲེད་དང་དམའ་འབེབས། འཇིགས་སྐྲག་གམ་གཞན་པའི་བརྡ་འཕྲིན་སྐུར་བ། འཕྲིན་ཡིག་དང་ཁ་པར། དྲ་ལམ་སོགས་བརྒྱུད་ནས་ཆགས་སྲེད་དང་དམའ་འབེབས། འཇིགས་སྐྲག་གམ་གཞན་པའི་བརྡ་འཕྲིན་སྤྱད་དེ་གཞན་གྱི་རྒྱུན་ལྡན་གྱི་འཚོ་བར་བར་ཆད་བཟོ་བའི་བྱ་སྤྱོད་ལ་ཉིན5ནས10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་ཆོག

14. ལྐོག་ལྟ་དང་། ལྐོག་ལེན། ལྐོག་ཉན་སྒོས་མི་གཞན་གྱི་གསང་བ་ཁྱབ་བསྒྲགས་བྱེད་པ། ཁྲིམས་འགལ་གྱི་བཀག་ཉར་ལམ་སྒོ500མན་གྱི་ཆད་པ་གཅད་དགོས།

15.གཅར་རྡུང་པའམ་བསམ་བཞིན་དུ་མི་གཞན་ལ་གནོད་བསྐྱལ་བ། ཁྲིམས་འགལ་གྱི་བྱ་སྤྱོད་འདིའི་རིགས་ལ་ཉིན5ནས10མན་གྱི་བཀག་ཉར་དང་སྒོར100ནས500མན་གྱི་ཆད་པ་གཅད་ཆོག ཉེས་པ་ཚབས་ཆེན་ཡིན་ནཉིན5ནས10མན་གྱི་བཀག་ཉར་དང་སྒོར500མན་གྱི་ཆད་པ་གཅད་དགོས། མཐུན་ཚོགས་བསྒྲིགས་ནས་དབང་བོ་སྐྱོན་ཅན་དང་སྦྲུམ་མ། ལོ་ན14ལ་སོན་པའི་བྱིས་པ་དང་ལོ་ན60ཡན་གྱི་མི་ལ་གཅར་རྡུང་ཐེངས་གཅིག་བྱེད་པའམ་ཐེངས་མང་བྱེད་པའི་གནས་ཚུལ་གང་ཡིན་རུང་ཉིན་10ནས15མན་གྱི་བཀག་ཉར་དང་སྒོར500ནས1000མན་གྱི་ཆད་པ་གཅད་དགོས།

16.མི་གཞན་ལ་མ་རབས་ཀྱི་སྤྱོད་པ་དང་བྱ་སྤྱོད་མི་ལེགས་པའི་སྒོ་ནས་བསྙད་བརྐོས་ན་ཉིན5ནས་20མན་གྱི་བཀག་ཉར་དང་གཞན་ད་དུང་བློ་རིག་མི་གསལ་བའི་དབང་བོ་སྐྱོན་ཅན་དང་སྨྱོ་ནད་ཅན། ལོ་ན14ལ་སོན་མེད་པའི་བྱིས་པར་མ་རབས་ཀྱི་བྱ་སྤྱོད་སོགས་གཞན་པའི་གནས་ཚུལ་ཚབས་ཆེན་ཡོད་ན་ཉིན10ནས15མན་གྱི་བཀག་ཉར་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།