ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་དམངས་ཀྱི་རྒྱུ་ནོར་ཁེ་དབང་ལ་གཏོར་བརླག་བྱས་ན་ཉེས་ཆད་ཇི་ལྟར་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་དམངས་ཀྱི་རྒྱུ་ནོར་ཁེ་དབང་ལ་གཏོར་བརླག་བྱས་ན་གཤམ་གྱི་ཉེས་ཆེད་དག་ཕོག་པ་ཡིན།

1.སྤྱི་སྤྱོད་རྒྱུ་ནོར་དང་གསང་བའི་ཡིག་ཆ་བརྐུས་ཏེ་མཇུག་འབྲས་ཚབས་ཆེན་མ་བྱུང་ཚེ། ཉིན5ཡན་དང་ཉིན10མན་གྱི་བཀག་ཉར་ཉེས་ཆད་གཅོད་དགོས་པ་མ་ཟད། སྒོར500མན་གྱི་ཆད་པ་གཅད་ཆོག ཉེས་པ་ཚབས་ཆེ་ན་ཉིན10ཡན་དང15མན་གྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར1000མན་གྱི་ཆད་པ་གཅད་ངེས་ཡིན།

2.གཞུང་དང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་པ། གཡོ་སྒྱུའི་ཐབས་ལ་བརྟེན་ནས་གཞུང་དང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱས་ཏེ་ཉེས་ཁྲིམས་མ་འཕོག་ན། ཉིན5ཡན་དང10མན་གྱི་བཀག་ཉར་དང་། སྒོར500མན་གྱི་ཆད་པ་གཅོད་པར་མ་ཟད།  ཉེས་པ་ཚབས་ཆེ་ན་ཉིན10ཡན་དང15མན་གྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར1000མན་གྱི་ཆད་པ་གཅད་ངེས་ཡིན།

3.གཞུང་སྒེར་རྒྱུ་ནོར་འཕྲོག་པ། བྱ་སྤྱོད་སྤེལ་མཁན་གྱིས་རྒྱལ་ཁབ་དང་ཐུན་མོང་། མི་སྒེར་བཅས་ཀྱི་རྒྱུ་ནོར་ལ་དབང་ཆ་བརྒྱབ་སྟེ་ཁྲིམས་དང་འགལ་ན། ཉིན5ཡན་དང་ཉིན10མན་གྱི་བཀག་ཉར་དང་། སྒོར500མན་གྱི་ཆད་པ་གཅོད་པར་མ་ཟད། ཉེས་པ་ཚབས་ཆེན་ན་ཉིན10ཡན་དང15མན་གྱི་བཙོན་འཇུག་ཉེས་ཆད་གཅོད་པ་དང་། སྒོར1000མན་གྱི་ཆད་པ་གཅད་ངེས་ཡིན།

4.གཞུང་སྒེར་གྱི་རྒྱུ་ནོར་བཙན་འཕྲོག་བྱེད་པ། བྱ་སྤྱོད་སྤེལ་མཁན་གྱིས་ཁྲིམས་དང་མི་མཐུན་པའི་སྒོ་ནས་བདག་བཟུང་བྱས་ནས། ཉིན5ཡན་དང10མན་གྱི་བཀག་ཉར་དང་། སྒོར500མན་གྱི་ཆད་པ་གཅོད་པར་མ་ཟད། ཉེས་པ་ཚབས་ཆེ་ན་ཉིན10ཡན་དང15མན་གྱི་བཀག་ཉར་ཉེས་ཆད་གཅད་པ་དང་སྒོར1000མན་གྱི་ཉེས་ཆད་གཅད་ངེས་ཡིན།

5.མགོ་གཡོག་མགོ་སྐོར་གྱིས་གཞུང་སྒེར་རྒྱུ་ནོར་བདག་བཟུང་བྱེད་པ། བྱ་སྤྱོད་སྤེལ་མཁན་གྱིས་རྒྱུ་བདག་དང་རྒྱུ་ནོར་ཉར་གསོག་ལ་འཇིགས་སྐུལ་བཏང་སྟེ་རྒྱུ་ནོར་བདག་བཟུང་བྱེད་པའི་བྱ་སྤྱོད་ལ་ཉིན5ཡན་དང10མནགྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར500མན་གྱི་ཆད་པ་གཅོད་པར་མ་ཟད། ཉེས་པ་ཚབས་ཆེ་ན་ཉིན10ཡན་དང15མན་གྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར1000མན་གྱི་ཆད་པ་གཅད་ངེས་ཡིན།

6.གཞུང་སྒེར་རྒྱུ་ནོར་མེད་པར་བཟོ་བ། བྱ་སྤྱོད་སྤེལ་མཁན་གྱིས་བསམ་བཞིན་དུ་སྤྱི་སྤྱོད་རྒྱུ་ནོར་མེད་པར་བཟོ་བའི་བྱ་སྤྱོད་ལ་ཉིན5ཡན་དང10མན་གྱི་བཀག་ཉར་དང་། སྒོར500མན་གྱི་ཆད་པ་གཅོད་པར་མ་ཟད། ཉེས་པ་ཚབས་ཆེ་ན་ཉིན10ཡན་དང་ཉིན15མན་གྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར1000མན་གྱི་ཆད་པ་གཅད་ངེས་ཡིན།

7. གཞན་ལ་བཙན་གྱིས་ཉོ་འཚོང་ཞབས་ཞུ་སྒྲུབ་ཏུ་བཅུག་པའི་བྱ་སྤྱོད་ལ་ཉིན5མན་གྱི་བཀག་ཉར་དང་། སྒོར200ཡན་དང་500མན་གྱི་ཆད་པ་གཅོད་པར་མ་ཟད། ཉེས་པ་ཚབས་ཆུང་ན་ཉིན5མན་གྱི་བཀག་ཉར་ཉེས་ཆད་གཅོད་པ་དང་། སྒོར500མན་གྱི་ཆད་པ་གཅད་ངེས་ཡིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།