ཀྲུང་གོ་བོད་ཀྱི་དྲ་བ།

གཞན་དངོས་བརྐུ་ལ་ཤོར་དུ་བཅུག་ཚེ་སྐྱིན་ཚབ་གཞལ་འགན་སུས་འཁུར་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

འབྲུག་བྱམས་ཀྱིས་ཆང་ཁང་ག་གེ་མོ་ཞིག་ཏུ་ཆང་འཐུང་ཞོར་རང་གི་སྒོར་ཁུག་དེ་གའི་དངོས་པོ་བཅོལ་གདམས་བྱེད་སར་བཅོལ་ཞིང་། ཉིན་དེར་ཆང་ཁང་དེ་གའི་དངོས་པོ་བཅོལ་གདམས་བྱེད་སར་དངོས་པོ་དངོས་པོ་བཅོལ་མཁན་མང་བས་ཆང་ཁང་སྦྱིན་བདག་གིས་དངོས་པོ་ཁ་ཤས་ཤིག་ཉེ་འགྲམ་གྱི་ཟ་ཁང་ལ་མི་བཅོལ་ཀ་མེད་བྱུང་། འབྲུག་བྱམས་ཀྱིས་ཆང་ཁང་དེ་ག་ནས་ཆང་ཡིེད་ཚིམ་པ་ཞིག་འཐུང་རྗེས་ཕྱིར་ཡུལ་དུ་འགྲོ་གྲབས་བྱས་ནས་ཆང་ཁང་གི་ཞབས་ཞུ་མི་སྣས་འབྲུག་བྱམས་ལ་ཁྱོད་ཀྱི་སྒོར་ཁུག་ངེད་ཆང་གི་ཉེ་འགྲམ་གྱི་ཟ་ཁང་ལ་བཅོལ་གདམས་བྱས་ཡོད་ཚུལ་བཤད་དེ། འབྲུག་བྱམས་ཟ་ཁང་དེ་གར་སོང་ནས་རང་ཉིད་ཀྱི་སྒོར་ཁུག་ལེན་དུས་སྒོར་ཁུག་ནང་གི་སྒོར་མོ་སྟོང་ཕྲག་འགའ་གཞན་གྱིས་བརྐུས་སོང་བ་ཤེས། དེ་ནས་འབྲུག་བྱམས་ཀྱིས་ཆང་ཁང་དེ་ག་བཙལ་ནས་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཡང་ཆང་ཁང་གིས་ཉེ་འགྲམ་གྱི་ཟ་ཁང་གིས་དངོས་པོར་དོ་དམ་བྱས་པ་མི་བཟང་བས་བརྐུས་ལ་ཤོར་སོང་བ་དང་ངེད་ཆང་ཁང་གིས་སྐྱིན་ཚབ་གཞལ་འགན་མི་འཁུར་ཟེར། དེ་བས་འབྲུག་བྱམས་དང་ཆང་ཁང་སྦྱིན་བདག་གཉིས་ཀྱི་བར་དུ་རྩོད་གླེང་བྱུང་།

ཕྲན་དཔྱད།

རང་རྒྱལ་གྱི«གན་རྒྱའི་བཅའ་ཁྲིམས»ཀྱི་གཏན་ཁེལ་ལྟར་ན། “དོ་དམ་བྱེད་མཁན་གྱིས་དོ་དམ་དངོས་པོ་མི་གསུམ་པར་བརྒྱུད་སྤྲོད་བྱ་མི་ཆོག ཡིན་ཡང་དོ་བདག་པར་ཁ་ཆད་འདིའི་གཏན་ཁེལ་ལས་གཏན་ཁེལ་གཞན་ཡོད་པ་ཕུད། དོ་དམ་བྱེད་མཁན་ཁ་ཆད་དང་འགལ་ཚེ། དོ་དམ་དངོས་པོ་མི་གསུམ་པར་བརྒྱུད་སྤྲོད་བྱས་ཏེ་དོ་དམ་བྱ་རུ་བཅུག་ནས་དངོས་པོར་གྱོང་གུད་བྱུང་ཚེ། དོ་དམ་བྱེད་མཁན་གྱིས་སྐྱིན་ཚབ་གཞལ་འགན་འཁུར་དགོས”ཞེས་བཀོད་ཡོད།

གོང་གི་གྱོད་དོན་འདིར་གཞིགས་ན། ཆང་ཁང་དེ་གས་འབྲུག་བྱམས་འཐད་པ་མ་བྱུང་བའི་གནས་ཚུལ་འོག་ཏུ་རང་དགར་སྒོས་སྒོར་ཁུག་ཆང་ཁང་ཉེ་འགྲམ་གྱི་ཟ་ཁང་དེ་ལ་བཅོལ་བས་འབྲུག་བྱམས་ལ་རྒྱུ་ནོར་གྱི་གྱོང་གུད་བཟོས་པ་ཆང་ཁང་དེ་གས་སྐྱིན་ཚབ་གཞལ་འགན་འཁུར་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།