ཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་བཅའ་ཁྲིམས་ཀྱི་བཀྲག་མདངས་འཚེར་ས་ཆེ་གྲས་བཅུའི་གསལ་འགྲེལ། ③ སྲུང་སྐྱོང་ནི་སྐྱེས་ནས་འཆི་བའི་བར་བྱེད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག དོན་ཚན།

དོན་ཚན་བཅུ་དྲུག་པ། ཤུལ་བཞག་རྒྱུན་འཛིན་དང་སྤྲོད་དངོས་དང་ལེན་སོགས་སྦྲུམ་བུའི་ཁེ་ཕན་སྲུང་སྐྱོང་དང་འབྲེལ་རིགས་ཐད། སྦྲུམ་བུ་ལ་དམངས་དོན་ཁེ་དབང་གི་ནུས་པ་ཡོད་པར་བརྩི་ནའང་། བཙའ་དུས་ནས་ཤི་བ་ཡིན་ན་དེའི་དམངས་དོན་ཁེ་དབང་གི་ནུས་པ་ཐོག་མ་ཉིད་ནས་མེད།

དོན་ཚན་བརྒྱ་དང་བརྒྱད་ཅུ་གྱ་ལྔ་པ། སྔོན་གཤེགས་དཔའ་བོ་སོགས་ཀྱི་རུས་མིང་དང་། འདྲ་པར། མཚན་སྙན། ལ་རྒྱ་བཅས་དང་དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཟོ་རིགས་ལ། དམངས་དོན་འགན་འཁྲི་འཁུར་དགོས།

གཉིས། གསལ་འགྲེལ། 

དམངས་དོན་ཁྲིམས་གཞུང་ནང་མི་ལ་སེམས་ཁུར་བྱེད་པ་ནི་སྐྱེས་ནས་འཆི་བའི་བར་གྱི་ཚེ་གང་ཙམ་དུ་མ་ཟད་ད་དུང་གསོན་རྗེས་དང་འཆི་རྗེས་ལའང་ཁྱབ་ཡོད། མའི་མངལ་ནས་མ་བཙས་གོང་དང་ཕྲུ་གུ་དམར་འབྱར་གྱི་སྐབས་གང་ཡིན་རུང་། དེའི་ཤུལ་བཞག་རྒྱུན་འཛིན་དང་སྤྲོད་དངོས་དང་ལེན་སོགས་ཁེ་ཕན་ལ་དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་འཛིན་གྱི་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན། མངལ་ཆགས་པའི་བུད་མེད་ཀྱི་ཁྱོ་ག་ཤི་རྗེས་སྐྱེས་པའི་ཕྲུ་གུའི་ཕའི་རྒྱུ་དངོས་བགོ་བཤའ་རྒྱག་སྐབས། ཕྲུ་གུ་འདིར་བགོ་སྐལ་འཇོག་དགོས། མི་ཚེ་ལས་འདས་རྗེས། རུས་མིང་དང་། འདྲ་པར། མཚན་སྙན། ལ་རྒྱ་བཅས་ལ་སྔར་བཞིན་སྲུང་སྐྱོང་བྱེད་ཀྱི་ཡོད། དངོས་ཡོད་འཚོ་བའི་ནང་། སྔོན་གཤེགས་དཔའ་བོ་སོགས་འདས་པོའི་རུས་མིང་དང་། འདྲ་པར། མཚན་སྙན། ལ་རྒྱ་བཅས་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་སྐབས་རེ་ཐོན་གྱི་ཡོད་པ་དང་། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་པའི་རྐྱེན་གྱིས། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་ཡོད། དེའི་ཕྱིར། དམངས་དོན་ཁྲིམས་གཞུང་གི་སྤྱིའི་རྩ་འཛིན་ནང་དམིགས་བསལ་དུ་གཏན་འབེབས་བྱས་དོན། གནོད་འཚེའི་བྱེད་སྤྱོད་དེ་རིགས་ལ་དམངས་དོན་གྱི་འགན་འཁྲི་འཁུར་དགོས།(ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།)

རྩོམ་སྒྲིག་པ། : གསང་བདག་རྒྱལ།