ཀྲུང་གོ་བོད་ཀྱི་དྲ་བ།

དམངས་དོན་ཁྲིམས་གཞུང་དང་འཚོ་བའི་ཐད་ཀྱི་འབྲེལ་བ།---སྤྱི་ཚོགས་ཀྱི་མདོ་གནད་གསལ་འགྲེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-08-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཅིག དངོས་པོའི་བདག་དབང་གི་ལེའུ་ལྟར་ན་གནས་སྡོད་བྱེད་དབང་ཇི་ལྟར་འཛུགས་དགོས་སམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ལས། 

དོན་ཚན་སུམ་བརྒྱ་རེ་བདུན་པ། གནས་སྡོད་བྱེད་དབང་འཛུགས་པར་དོ་བདག་གིས་ངེས་པར་དུ་ཡིག་ཐོག་ནས་གནས་སྡོད་དབང་ཆའི་གན་རྒྱ་འཇོག་དགོས།

གནས་སྡོད་དབང་ཆའི་གན་རྒྱར་སྤྱིར་བཏང་བྱས་ན་གཤམ་གསལ་གྱི་དོན་ཚན་དག་ཚུད་དགོས་པ་སྟེ། (གཅིག)དོ་བདག་གི་མིང་ངམ་ཡང་ན་མིང་ཐོབ་དང་སྡོད་གནས་དང་། (གཉིས)སྡོད་ཁང་གནས་ཡུལ། (གསུམ)གནས་སྡོད་ཀྱི་ཆ་རྐྱེན་དང་རེ་བ། (བཞི)གནས་སྡོད་བྱེད་དབང་གི་དུས་བཅད། (ལྔ)རྩོད་གཞི་འདུམ་འགྲིག་བྱེད་ཐབས་བཅས་སོ།

དོན་ཚན་སུམ་བརྒྱ་རེ་བརྒྱད་པ། གནས་སྡོད་བྱེད་དབང་རིན་མེད་ངང་འཛུགས་དགོས། འོན་ཀྱང་དོ་བདག་ལ་ཁ་ཆད་གཞན་དག་ཡོད་པ་ཕུད། གནས་སྡོད་བྱེད་དབང་འཛུགས་པར་ངེས་པར་དུ་ཐོ་འགོད་ལས་ཁུངས་སུ་གནས་སྡོད་བྱེད་དབང་གི་ཐོ་འགོད་རེ་ཞུ་བྱེད་དགོས། གནས་སྡོད་བྱེད་དབང་ཐོ་འགོད་བྱས་པའི་ཉིན་ནས་འཛུགས་དགོས་པ།

གཉིས། གསལ་འགྲེལ། 

རྒན་རྒོན་འགའ་ཤས་ཀྱིས་རྒྱུན་འཛིན་པ་མིན་པའི་མིས་རང་ཉིད་ལ་ཡུན་རིང་ལྟ་རྟོག་བྱས་པར་ཐུགས་རྗེ་ཆེ་ཞུ་ཆེད། རང་ཉིད་ཚེ་ལས་འདས་རྗེས་སྡོད་ཁང་མི་དེར་འཇོག་གི་ཡོད། འབྱུང་འགྱུར་རྩོད་གཞི་མ་ཐོན་པ་བྱ་ཆེད། ཕྱོགས་གཉིས་པོས་ཡག་ཤོས་བྱུང་ན་ཡིག་ཐོག་ནས་གནས་སྡོད་བྱེད་དབང་གི་གན་རྒྱར་མིང་རྟགས་འགོད་དགོས། གནས་སྡོད་བྱེད་དབང་གི་གན་རྒྱ་འཇོག་པར་ངེས་པར་དུ་སྤྱིར་བཏང་གི་གན་རྒྱ་འཇོག་པའི་རྨང་གཞིའི་ཆ་རྐྱེན་འོག དམངས་དོན་གྱི་བྱ་སྤྱོད་སྤེལ་ནུས་ཡོད་མཁན་གྱིས་རང་མོས་ཀྱི་རྨང་གཞིའི་ཐོག་མོས་མཐུན་གཅིག་མཐུན་ཡོང་བ་བྱེད་དགོས། གཞན་ཡང་། གནས་སྡོད་བྱེད་དབང་གི་གན་རྒྱའི་ནང་དོ་བདག་དང་སྡོད་ཁང་གི་ཞིབ་ཕྲའི་གནས་ཚུལ་དང་། དེ་བཞིན་སྡོད་གནས་ཀྱི་ཆ་རྐྱེན་དང་སྡོད་གནས་ཀྱི་དུས་ཚོད་གསལ་པོར་འབྲི་དགོས་པ་མ་ཟད། ཐོ་འགོད་ཀྱང་བྱེད་དགོས། དེ་ལྟར་བྱས་ན་རྩོད་གཞི་ཐོན་སྐབས་དེ་དག་རང་ཉིད་ཀྱི་འདོད་ཚུལ་ལ་རྒྱབ་སྐྱོར་བྱེད་པའི་གཞི་འཛིན་སར་བརྩི་ཆོག(ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།)

རྩོམ་སྒྲིག་པ། : གསང་བདག་རྒྱལ།