ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འགལ་གྱིས་ས་ཞིང་བརྒྱུད་སྤྲོད་ཅེས་པ་གང་འདྲ་ཞིག་ཡིན།

ཡོང་ཁུངས། : གངས་ལྗོངས་ཉི་གཞོན་དྲ་བ།     སྤེལ་དུས། : 2019-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཞིང་པ་ཆེ་གེ་མོས་ཞིང་བཏབ་པར་ཡོང་འབབ་མི་བཟང་ཞིང་ཕྱུག་པོ་ཆགས་དཀའ་བར་སྙམ་ནས། ཞིང་འདེབས་མ་འདོད་པར་མི་གཞན་ལ་རིན་གོང་སླ་མོས་བཙོང་བ་རེད། ཚུལ་དེ་ཁོའི་ཨ་ཕས་ཤེས་ནས་ས་ཞིང་གཞན་ལ་བཙོང་བ་ནི་ཁྲིམས་འགལ་གྱིས་ས་ཞིང་བརྒྱུད་སྤྲོད་བྱས་པ་རེད་ཅེས་བཤད། དོན་དངོས་སུ་ཁྲིམས་འགལ་གྱིས་ས་ཞིང་བརྒྱུད་སྤྲོད་ཅེས་པ་ནི་བྱ་སྤྱོད་གང་དག་ལ་ཟེར་བ་ཡིན།

ཁྲིམས་བཤད།

ས་ཞིང་བརྒྱུད་སྤྲོད་ཅེས་པ་ནི། ས་ཞིང་བེད་སྤྱོད་བྱེད་མཁན་གྱིས་དེའི་སྤྱོད་དབང་ཡང་བསྐྱར་གཞན་ལ་སྤོ་བསྒྱུར་བྱས་པའི་བྱ་སྤྱོད་ལ་ཟེར་ཞིང་། ས་ཞིང་ཕྱིར་འཚོང་དང་བརྗེ་རེས། སྐྱེས་འབུལ་སོགས་ཀྱང་དེའི་ཁུངས་སུ་གཏོགས་ཏེ། རང་རྒྱལ་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པའི་ས་ཞིང་ཁྲིམས་མཐུན་སྒོས་བརྒྱུད་སྤྲོད་བྱེད་དགོས་ལ། བྱེད་ཐབས་གང་རུང་སྤྱད་ནས་ཁྲིམས་འགལ་གྱིས་བརྒྱུད་སྤྲོད་བྱེད་པ་བཀག་འགོག་དང་མེད་པར་བཟོ་དགོས་ཤིང་། གཤམ་གྱི་བྱ་སྤྱོད་དག་ཁྲིམས་འགལ་སྒོས་ས་ཞིང་བརྒྱུད་སྤྲོད་བྱེད་པ་ཡིན་ཏེ།

གཅིག ས་ཞིང་བེད་སྤྱོད་བྱེད་པའི་དབང་ཆ་དང་མི་བསྟུན་པར་གན་རྒྱས་གཏན་ཁེལ་བྱས་པའི་དུས་བཅད་དང་ཆ་རྐྱེན། འགྲོ་གྲོན་སོགས་བཅོས་བསྒྱུར་བྱས་ནས། ས་ཞིང་བེད་སྤྱོད་དབང་ཆ་གཞན་ལ་སྤྲད་དེ་བརྒྱུད་སྤྲོད་བྱེད་པ་རྣམས་ནི་ས་ཞིང་བཙོང་བའི་ཁྲིམས་འགལ་བྱ་སྤྱོད་ཡིན།

གཉིས། བཅའ་ཁྲིམས་གྱི་གོ་རིམ་ལྟར་ཐོ་འགོད་མི་བྱེད་པར་རང་འདོད་དུ་བརྒྱུད་སྤྲོད་བྱེད་པའི་རིགས།

གསུམ། ཐོ་འགོད་ཀྱི་འགྲོ་ལུགས་མ་བསྒྲུབ་པར་རང་འདོད་དུ་ས་ཞིང་ཕྱིར་གླས་པའི་རིགས་སོ། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།