ཀྲུང་གོ་བོད་ཀྱི་དྲ་བ།

སློབ་ལོ་རན་པའི་བྱིས་པས་ངེས་པར་འོས་འགན་སློབ་གསོ་མྱང་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྱོད་དཔེ།

ཞིང་པ་བཀྲ་ཤིས་ཀྱིས་སློབ་ཆུང་ལས་མཐར་ཕྱིན་པའི་བུ་མོར་སློབ་མཚམས་བཞག་ནས་ཁྱིམ་དུ་ཞིང་ལས་གཉེར་དུ་བཅུག  ཁོས་སེམས་སུ་བུད་མེད་ནི་དུས་ནམ་ཞིག་གཞན་ལ་མནའ་མར་སྟེར་དགོས་པས་སློབ་གྲྭར་སོང་ན་སྙིང་བོ་མེད་ལ། སྔ་མོ་ནས་ཨ་མར་ཁྱིམ་ལས་བསྒྲུབ་རོགས་བྱས་ན་བཟང་སྙམ་ནས་བུ་མོ་སློབ་གྲྭར་འགྲོ་རུ་མ་བཅུག  གནས་ཚུལ་དེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཤེས་ནས་ཁོ་ལ་ཐེངས་དུ་མར་ཁ་ཏ་སློབ་གསོ་བྱས་ཀྱང་ཁོས་མ་ཉན་པས།  ཤང་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་བཀྲ་ཤིས་ལ་སྐྱོན་བརྗོད་དང་སློབ་གསོ་ཡང་ནས་ཡང་དུ་བཏང་བར་མ་ཟད།  དུས་ལྟར་བུ་མོ་ཕྱིར་སློབ་གྲྭར་སློབ་སྦྱོང་ལ་མངག་དགོས་པའི་བཀའ་ཁྲིམས་བཏང་།

ཕྲན་དཔྱད།

འབྲེལ་ཡོད་བཅའ་ཁྲིམས་དང«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོའི་བཅའ་ཁྲིམས»ཀྱི་དོན་ཚན4པ་ལས། “རྒྱལ་ཁབ་དང་སྤྱི་ཚོགས། སློབ་གྲྭ་དང་ཁྱིམ་ཚང་བཅས་ཀྱིས་སློབ་ལོ་རན་པའི་བྱིས་པ་དང་ན་ཆུང་བྱིས་པའི་འོས་འགན་སློབ་གསོ་མྱོང་བའི་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱ་དགོས”ཞེས་གཏན་ཁེལ་བྱས་ཡོད། དོན་ཚན5པའི་ནང་སློབ་གྲྭར་ཞུགས་པའི་ལོ་ཚོད་དང་སློབ་གྲྭར་ཞུགས་པའི་ཆ་རྐྱེན་བཅས་གསལ་བོ་གཏན་ཁེལ་བྱས་ཡོད་དེ། ལོ་ན་དྲུག་ལ་སོན་པའི་བྱིས་པར་ཕོ་མོ་དང་མི་རིགས། མི་རྒྱུད་སོགས་ཀྱི་ཁྱད་པར་མེད་པར་སློབ་གྲྭར་ཞུགས་ནས་གཏན་ཁེལ་ལོ་ཚོད་ཀྱི་སློབ་གསོ་མྱང་དགོས། ཆ་རྐྱེན་མི་འདང་བའི་ས་ཁུལ་ནས་ལོ7ལ་བསྣུར་ནས་སློབ་གྲྭར་ཞུགས་ཆོག  རང་རྒྱལ་གྱི«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས»ཀྱི་དོན་ཚན17ལས།  “ཕའམ་ཡང་ན་ལྟ་སྐུལ་མཁན་གཞན་སུ་ཞིག་ཡིན་རུང་སློབ་ལོ་རན་པའི་བྱིས་པ་མོ་དང་ན་ཆུང་བྱིས་པས་འོས་འགན་སློབ་གསོ་མྱང་བའི་འགན་འཁུར་ངེས་པར་ལག་བསྟར་དང་འགན་སྲུང་བྱ་དགོས།  ནད་ཀྱིས་མནར་བའམ་ཡང་ན་དམིགས་བསལ་གྱི་གནས་ཚུལ་གཞན་པའི་དབང་གིས་ཡུལ་དེའི་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ཡོད་པ་ཕུད་པ་ལས།  གཞན་སློབ་ལོ་རན་པའི་བྱིས་པ་མོ་དང་ན་ཆུང་བྱིས་པ་སློབ་གྲྭར་མི་སྐྱེལ་བའི་ཕ་མ་དང་ཡང་ན་ལྟ་སྐུལ་མཁན་ཡོད་ན།  ཡུལ་དེའི་མི་དམངས་སྲིད་གཞུང་གིས་སྐྱོན་བརྗོད་སློབ་གསོ་བྱ་དགོས་པར་མ་ཟད།  བྱེད་ཐབས་ནུས་ལྡན་སྤྱད་ནས་སློབ་ལོ་རན་པའི་བྱིས་པ་མོ་དང་ན་ཆུང་བྱིས་པ་སློབ་གྲྭར་འཇུག་དགོས་པའི་བཀའ་འབབ་དགོས”ཞེས་གཏན་ཁེལ་གསལ་བོ་བྱས་ཡོད།

ཞིང་གྲོང་གི་སློབ་ལོ་རན་པའི་བྱིས་པ་མོ་ལ་འོས་འགན་སློབ་གསོ་ཁེ་དབང་ཡོད་པ་འགན་ལེན་བྱེད་པའི་དུས་མཚུངས་སུ།  རྒྱལ་ཁབ་དང་སྤྱི་ཚོགས།  སློབ་གྲྭ་བཅས་ཀྱིས་ཆ་རྐྱེན་འདོན་སྤྲོད་བྱེད་པའི་འོས་འགན་ཁུར་ནས།  བྱིས་པ་རྣམས་ལ་ཁྲིམས་བཀོད་ལོ་ཚད་ཀྱི་འོས་འགན་སློབ་གསོ་མྱང་དུ་འཇུག་པ།  སྲིད་གཞུང་དང་སྤྱི་ཚོགས། སློབ་གྲྭ་བཅས་ཀྱིས་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་དཀའ་བའི་དངོས་ཡོད་ཀྱི་གནས་ཚུལ་ལ་གཞིགས་ནས།  བྱེད་ཐབས་ནུས་ལྡན་སྤྱད་དེ་སློབ་གྲྭ་འགྲོ་དཀའ་བའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཐག་གཅོད་བྱས་ཏེ་ཁྲིམས་བཀོད་ཀྱི་ལོ་ཚད་ནང་འོས་འགན་སློབ་གསོ་མྱང་བ་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།