ཀྲུང་གོ་བོད་ཀྱི་དྲ་བ།

ཉེན་སྒྲིག་དུས་ཚོད་ནང་དུ་བཟའ་ཟླ་ཕྱོགས་གཅིག་གིས་རང་དགར་ངང་གཞན་ལ་རྒྱུ་ནོར་བྱིན་ན་ཆོག་གམ།

ཡོང་ཁུངས། : ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་བཅའ་ཁྲིམས་ཁྱབ་བརྡལ་སྤྱི་སྟེགས།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20191016102657.jpg

【གྱོད་དོན་ལ་བལྟ་བ།】

སྤྱི་ལོ་2016ལོའི་ཟླ་7པ་ལྕམ་མོ་ཀླུ་ཆེ་གེ་མོས་ཁྲང་ཉིན་ས་ཁུལ་མི་དམངས་ཁྲིམས་ཁང་ལ་རང་གི་ཁྱོ་ག་ལིག་ཆེ་གེ་མོས་མོ་ལ་གསང་ནས་ལྕམ་མཱེ་ལགས་ལ་དངུལ་སྨར་མང་པོ་སྦྱིན་པ་དང་། ལྕམ་ཀླུ་ཆེ་གེ་མོས་རང་ཉིད་ལ་མ་དྲིས་པར་ཁྱོ་ག་གཅིག་པུས་བཟའ་ཚང་གི་ཐུན་མོང་རྒྱུ་ནོར་རང་དགར་ངང་གཞན་ལ་བྱིན་མི་ཆོག་ལ། རང་གི་ཁྱོ་ག་དང་ལྕམ་མཱེ་ཆེ་གེ་མོའི་བར་ཏུ་གཉེན་ཕྱིའི་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་པས། སྦྱིན་པ་དེའི་རིགས་ནི་སྤྱི་ཚོགས་དགེ་ཕན་གྱི་ལས་སུ་ཡང་མི་གཏོགས་པར་འདོད། དེ་བས་ཁོ་མོས་ཁྲིམས་ཁང་ལ་ཁྱོ་གའི་གནང་སྦྱིན་གྱི་བྱ་སྤྱོད་དེར་ནུས་པ་མི་ཐོན་པར་བྱེད་པ་དང་། ལྕམ་མཱེ་ཆེ་གེ་མོས་མ་དངུལ་དང་འབབ་ངེས་ཀྱི་སྐྱེད་ཀ་བཅས་ཕྱིར་སྤྲོད་དགོས་པའི་རེ་བ་བཏོན།

ཁྲང་ཉིན་ཁྲིམས་ཁང་གིས་གྱོད་དོན་དེ་དང་ལེན་དང་རྩད་གཅོད་བྱས། ཁྲིམས་ར་ནས་ལྕམ་མཱེ་ཆེ་གེ་མོས་སྐུ་ཞབས་ལུག་དང་གཉེན་ཕྱིའི་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་པ་ཁས་མ་བླངས་མོད། སྐུ་ཞབས་ལུག་གི་སྒོར་མོ་སྐོར་ཞིག་རྩིས་ཐོ་སྤར་ནས་མོ་རང་གི་དངུལ་བྱང་དུ་བསྐོར་བ་ཁས་བླངས། འོན་ཀྱང་དེ་ནི་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཇ་ཚོང་རྒྱག་སྤྱད་ཀྱི་དངུལ་ཡིན་པ་དང་། ད་སྐབས་ཇ་ཚོང་རྡིབ་པས་དངུལ་སྐོར་ཞིག་ཕྱིར་སྟེར་རྒྱུར་འཐད་པ་ཡིན་ཚུལ་བསྟན། དེ་མཚུངས་སུ་ལྕམ་མཱེ་ཆེ་གེ་མོས་སྐུ་ཞབས་ལུག་གིས་རང་ལ་ལག་སྒོར་མ་བྱིན་པ་དང་གྱོད་དོན་འདིའི་ཕྱི་རོལ་གྱི་མི་ལ་དངུལ་བསྐུར་མེད་ཚུལ་བསྟན། ཁོ་མོས་སྐུ་ཞབས་ལུག་གིས་རང་དགར་ཏུ་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ཉུང་ཙམ་གཞན་ལ་བྱིན་ཡང་ལྕམ་ཀླུ་ཆེ་གེ་མོ་ལ་དེ་ཕྱིར་ལེན་པའི་དབང་ཆ་མེད་པར་འདོད་པས་ལྕམ་ཀླུ་ཆེ་གེ་མོའི་གཏུག་བཤེར་རེ་འདུན་ལ་འཐད་པ་མ་བྱུང་།

微信图片_20191016102719.jpg

ཁྲིམས་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད། 2015ལོའི་ཟླ7པ་དང་ཟླ8པར་སྐུ་ཞབས་ལུག་ལགས་ཀྱིས་ལྕམ་མཱེ་ཆེ་གེ་མོ་ལ་སོ་སོར་སྒོར་ཁྲི་30དང་སྒོར་ཁྲི་13.8བྱིན་ལ། སྒོར་ཁྲི་30བྱིན་པའི་ཉིན་དེ་ཁོང་གཉིས་ཀྱིས་ཁ་བརྡ་བྱས་པ་གཤམ་གསལ་ལྟར།

སྐུ་ཞབས་ལུག་གིས་“ཁྱེད་ཀྱིས་ལྗིད་ཚད་ལ་ཅིག་ལྟོས་དང་། ཡར་ལ་ཅིག་ཁྱོག་དང་། ཁྲི་སུམ་ཅུ་ཡོད།  ངས་སྐར་གང་ཡང་བཀོལ་མ་མྱོངས།” ཞེས་བཤད་པ་དང་། ལྕམ་མཱེ་ཆེ་གེ་མོས་“ངོ་མ་ཡིད་འགུལ་ཐེབས་པ་ཞིག་རེད་”ཅེས་བཤད། གཞན་ཡང་2013ལོའི་ཟླ་7པ་ནས་2015ལོའི་ཟླ་12བར་སྐུ་ཞབས་ལུག་གིས་བསྟུད་མར་དངུལ་བྱང་དང་ALIདངུལ་ཁུག་སྤྱད་ནས་ལྕམ་མཱེ་ཆེ་གེ་མོ་ལ་སྒོར་ཁྲི་15.64ཙམ་བསྐུར་ཡོད། ཁྲིམས་ཁང་གིས་ད་དུང་2016ལོའི་ཟླ་1པོར་སྐུ་ཞབས་ལུག་གིས་ཆུང་མ་ལ་རྩིས་སྤྲོད་བྱེད་དགོས་པར་ཁ་གཡར་ནས་ལྕམ་མཱེ་ལགས་ལ་བསྐྱི་ཡིག་འབྲི་དགོས་པའི་རེ་འདུན་བཏོན་ཡང་མོས་ཁས་མ་བླངས་པ་རྩད་ཆོད།

微信图片_20191016102723.jpg

【གྱོད་དོན་ལས་ཁྲིམས་བཤད་པ།】

2016ལོའི་ཟླ་10པར་ཁྲང་ཉིན་ཁྲིམས་ཁང་གིས་གོང་གི་གྱོད་དོན་དེ་ལ་ཐག་གཅོད་བྱས་དོན། ཁྲིམས་ཁང་གིས་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ལ་བཟའ་ཚང་ཐུན་མོང་ལ་འདྲ་མཉམ་གྱི་ཐག་གཅོད་བྱེད་དབང་ཡོད་པ་དང་། གྱོད་དོན་དང་འབྲེལ་བའི་སྒོར་ཁྲི་59.44བོ་ཚང་མ་སྐུ་ཞབས་ལུག་གི་ལག་བརྒྱུད་ནས་གཞན་ལ་བྱིན་པ་ཡིན་མོད། བདེན་དཔང་གཞན་པ་མེད་ན་སྒོར་མོ་དེ་དག་ནི་བཟའ་ཚང་ཐུན་མོང་གི་རྒྱུ་ནོར་ཡིན། ལྕམ་ཀླུ་ཆེ་གེ་མོས་མི་ཤེས་པའི་གནས་ཚུལ་འོག་ཏུ་སྐུ་ཞབས་ལུག་གིས་སྒོར་མོ་དེ་གཞན་ལ་བྱིན་པ་ནི་དབང་མེད་རྒྱུ་ལ་དབང་གཅོད་བྱས་པ་ཞིག་རེད། ད་སྐབས་ལྕམ་ཀླུ་ཆེ་གེ་མོས་སྒོར་མོ་དེ་ཕྱིར་སྟེར་རྒྱུ་དང་། རང་ཉིད་གཞན་ལ་སྒོར་མོ་དེ་དག་སྟེར་རྒྱུར་མི་འཐད་པའི་ཚུལ་བསྟན་པ་ནི་ཁོ་མོས་སྐུ་ཞབས་ལུག་གི་བྱ་སྤྱོད་དེར་ཁས་ལེན་མ་བྱས་པའི་བདེན་དཔང་ཡིན། སྐུ་ཞབས་ལུག་གིས་གཉེན་སྒྲིག་གི་དུས་ཡུན་ནང་དུ་མི་གཞན་དང་ཚུལ་མིན་གྱི་འབྲེལ་བ་བཟུང་བ་དང་། ལྕམ་མཱེ་ཆེ་གེ་མོས་ཀྱང་འབྲེལ་བ་དེ་ལ་བསྟེན་ནས་རྒྱུ་ནོར་ཐོབ་ཐབས་བྱས་པ་ཡིན་པས་སྤྱི་ཚོགས་ཀྱི་བླ་མེད་ཀུན་སྤྱོད་དང་སྒྲིག་སྲོལ་ལ་འགལ་ཡོད་པ་གསལ་པོ་ཡིན་ཕྱིར་ཁྲིམས་ཀྱིས་དེ་ལ་སྲུང་སྐྱོབ་བྱེད་མི་འོས། དེ་ཕྱིར་ཁོང་གཉིས་བར་གྱི་སྦྱིན་པའི་བྱ་སྤྱོད་དེ་ནུས་མེད་ཡིན་པ་དང་ལྕམ་མཱེ་ཆེ་གེ་མོས་མ་དངུལ་དང་ཐོབ་འོས་ཀྱི་སྐྱེད་ཀ་ཡོངས་རྫོགས་ཕྱིར་སྟེར་དགོས་པར་ཐག་བཅད། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།