ཀྲུང་གོ་བོད་ཀྱི་དྲ་བ།

ལམ་བཀག་ནས་འཕྲོག་བཅོམ་བྱེད་མཁན་གྱི་ན་སོ་དར་ལ་མ་བབས་པའི་ མི་བཞི་འཛིན་བཟུང་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཁྲིམས་ལུགས་ཚགས་པར།     སྤེལ་དུས། : 2016-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief.jpg

ལམ་བཀག་ནས་འཕྲོག་བཅོམ་བྱེད་མཁན་གྱི་ན་སོ་དར་ལ་མ་བབས་པའི་མི་བཞི་འཛིན་བཟུང་བྱས་པ།

ཞའོ་ལིའུ་དང་ཞའོ་ཐང་གཉིས་པོ་གཙང་བྲན་གྲོང་ཚོའི་ཆུ་འགྲམ་གྱི་ཐང་སྟེང་དུ་རྩེད་མོ་རྩེད་ནས་སྡོད་སྐབས། གཞན་གྱིས་འཕྲོག་བཅོམ་བྱས་པའི་གནས་ཚུལ་ཐོན་པར་ཉེན་རྟོག་ཕྱོགས་ཀྱིས་འཕྲལ་མར་མྱུལ་ཞིབ་མི་སྣ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་དཔང་འཚོལ་ལས་དོན་སྒྲུབ་འགོ་བརྩམས་ཡོད། གནོད་འཚེ་ཕོག་མཁན་གྱིས་གནས་ཚུལ་རྒྱས་བཤད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་བཞི་ནི་ན་སོ་དར་ལ་མ་བབས་པའི་མི་ཡིན་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་ཉེས་གསོག་དོགས་ཅན་འཇིགས་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། འཇིགས་ཆེ་གེ་མོས་ནག་ཉེས་ངོས་ལེན་ཞུས་པ་བརྒྱུད། མི་དམངས་ཉེན་རྟོག་པས་སྔ་རྗེས་སུ་ཉེས་གསོག་དོགས་ཅན་གཞན་གསུམ་པོ་འཛིན་བཟུང་བྱས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་ན་སོ་དར་ལ་མ་བབས་པའི་མིས་ཉེས་གསོག་བྱེད་སྤྱོད་སྤེལ་མང་དུ་འགྲོ་བ་བཀག་འགོག་ནུས་ལྡན་བྱ་ཆེད། གཙོ་བོ་ཕ་མའི་རྒྱུན་གཏན་གྱི་དོ་དམ་སློབ་གསོར་བརྟེན་དགོས་པ་མ་ཟད། བུ་ཕྲུག་གི་བྱ་སྤྱོད་དེ་རང་ཉིད་ཀྱི་ལྟ་སྡོམ་ཁྱབ་ཁོངས་ནང་ཚུད་པར་བྱེད་པ་ལས། བར་ཐག་རིང་དྲགས་པའམ་ཡང་ན་ཁྱིམ་ཚང་གི་གནས་ཚུལ་ལ་འགྱུར་ལྡོག་བྱུང་རུང་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གི་བྱ་སྤྱོད་ལ་ལྷོད་གཡེང་གཏོང་མི་རུང་བར། དུས་དང་རྣམ་པ་ཀུན་ཏུ་བུ་ཕྲུག་འགྲོ་སའི་ཁོར་ཡུག་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།