ཟླ7པའི་ཚེས17ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁུལ་སྤྱི་བདེ་ཅུས་ཀྱི་གཞོགས་འདེགས་འོག ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་མདོ་བ་སྤྱི་བདེ་ཡན་ལག་ཅུས་དང་མཉམ་འབྲེལ་སྒོས་མགོ་སྐོར་གྱོད་གཞི་དང་འབྲེལ་བ་ཡོད་པའི་དྲ་ཐོག་བྲོས་བྱོལ་ཉེས་ཅན་ཞིག་འཛིན་བཟུང་བྱས།
དོགས་ཡོད་ཉེས་ཅན་དེས་སྨན་བཅོས་འགན་བཅོལ་ལ་བརྟེན་ནས་མགོ་གཡོག་མགོ་སྐོར་གཏོང་བཞིན་ཡོད་ཅིང་། མྱུལ་ཞིབ་ལ་གཡོལ་བའི་འདུ་ཤེས་ཅུང་མཐོ་བས། སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་ལས་དོན་ལ་གཡོལ་ནས་འཛིན་བཟུང་བྱ་བར་དཀའ་ཁག་ཆེན་པོ་བཟོས་ཤིང་། ཁུལ་སྤྱི་བདེ་ཅུས་ཀྱིས་རོགས་འདེགས་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཧོང་ཀྲུང་ཆུས་མདོ་བ་གྲོང་རྡལ་གྱི་ཉེ་འཁོར་དུ་ཡོད་པ་ཤེས་རྟོགས་བྱུང་།
ཟླ7པའི་ཚེས18ཉིན་གྱི་ནམ་གུང་ལ། རྫ་སྟོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཕུལ་བྱུང་ཉེན་རྟོག་པ་མདོ་བ་གྲོང་རྡལ་དུ་མངགས་ཏེ། ཁུལ་སྤྱི་བདེ་ཅུས་དང་མདོ་བ་སྤྱི་བདེ་ཡན་ལག་ཅུས་ཀྱི་གཞོགས་འདེགས་འོག མཉམ་སྤྱོད་བྱས་པའི་དོགས་ཡོད་ཉེས་ཅན་གྱི་སྡོད་གནས་དང་སྤྱི་ཚོགས་འབྲེལ་བ་སོགས་ཀྱི་ཆ་འཕྲིན་ལ་བརྟེན་ནས། ཆུ་ཚོད12སྤྱད་རྗེས་མཇུག་མཐར་གླ་གཏོང་ཁང་པ་ག་གེ་མོ་རུ་བྲོས་བྱོལ་ཉེས་ཅན་འཛིན་བཟུང་བྱས།
མིག་སྔར་གྱོད་གཞི་ལ་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།