ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་འབྱོར་གྱི་དཀའ་ཁག་དང་འཕྲད་ན་ཆད་ཕོགས་སྔོན་ལ་སྟེར་བའི་རེ་བ་གདོན་ཆོག་གམ།

  རྩོམ་པ་པོ། : མདོ་སྡེ་རྒྱལ།   སྤེལ་དུས། : 2025-08-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངས་ངལ་རྩོལ་རྩོད་གཞི་ཞིག་ཁྲུན་གཅོད་བྱེད་དགོས་པའི་རེ་འདུན་ཞུ་སྐབས། ཆད་ཕོགས་སྟེར་རྒྱུ་དང་བཅས་པའི་རེ་བ་སྣ་མང་བཏོན་མོད། འོན་ཀྱང་རྩོད་གཞི་ཅུང་རྙོག་འཛིང་ཆེ་བས། དུས་ཡུན་རིང་པོར་འགོར་འགྱངས་ཐེབས་ཏེ་མཇུག་འབྲས་མ་ཐོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ང་རང་ད་སྔ་དཔལ་འབྱོར་གྱི་དཀའ་ཁག་ལ་འཕྲད་ཡོད་པས། ངས་ཀུང་སིར་ཆད་ཕོགས་སྟེར་དགོས་པའི་རེ་བ་བཏོན་ཆོག་གམ།

ཞེས་ཀློག་པ་པོ་འབྲུག་བྱམས་གྱིས།

བློ་མཐུན་འབྲུག་བྱམས་ལགས།

ངལ་རྩོལ་རྩོད་གཞི་འདུམ་སྒྲིག་ཁྲུན་གཅོད་བཅའ་ཁྲིམས་ནང་གཏན་འབེབས་བྱས་དོན། འདུམ་གཅོད་ཁྲིམས་རས་ངལ་རྩོལ་རྩོད་གཞིའི་གྱོད་དོན་ལ་ཁྲུན་ཐག་གཅོད་སྐབས། དེའི་ཁྲོད་ཀྱི་དོན་དངོས་ཁག་ཅིག་གསལ་པོ་ཡིན་ན། ཁག་དེའི་ཐད་ནས་སྔོན་ལ་ཁྲུན་གཅོད་བྱེད་ཆོག་པ་དང་། ཡང《ངལ་རྩོལ་མི་དོན་རྩོད་གཞི་ཁྲུན་གཅོད་གྱོད་སྒྲུབ་སྒྲིག་སྲོལ》ནང་དུ་གཏན་འབེབས་བྱས་དོན། འདུམ་གཅོད་ཁྲིམས་རས་གྱོད་དོན་ལ་ཁྲུན་ཐག་གཅོད་སྐབས། དེའི་ཁྲོད་ཀྱི་དོན་དངོས་ཁག་ཅིག་གསལ་པོ་ཡིན་ན། ཁག་དེར་སྔོན་ལ་ཁྲུན་གཅོད་བྱེད་ཆོག དོ་བདག་སྔོན་ལ་ཁྲུན་གཅོད་བྱས་པའི་མཇུག་འབྲས་ལ་མ་འཐད་ཚེ། ངལ་རྩོལ་རྩོད་གཞི་འདུམ་སྒྲིག་ཁྲུན་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐག་གཅོད་བྱེད་ཆོག

དེ་ལས་གཞན། དམངས་དོན་ཞུ་གཏུག་བཅའ་ཁྲིམས་ལས་ཀྱང་ངེས་གསལ་བྱས་དོན། མི་དམངས་ཁྲིམས་ཁང་གིས་གཤམ་གྱི་གྱོད་དོན་འདི་དག་གི་ཐད་ནས་དོ་བདག་གི་རེ་ཞུར་གཞིགས་ཏེ། སྔོན་ལ་ལག་བསྟར་བྱེད་ཆོག་པ་ཁྲུན་གཅོད་བྱེད་ཆོག (གཅིག)སྲི་ཞུ་གྲོན་དངུལ་དང་སྙོར་སྐྱོང་གྲོན་དངུལ། གསོ་སྐྱོང་གྲོན་དངུལ། སེམས་གསོའི་རོགས་དངུལ། སྨན་བཅོས་གྲོན་དངུལ་སོགས་བདའ་འདེད་ཚུར་ལེན་བྱེད་པ། (གཉིས)ངལ་རྩོལ་གླ་ཆ་བདའ་འདེད་ཚུར་ལེན་བྱེད་པ། (གསུམ)གནས་ཚུལ་བྲེལ་ཚབས་ཆེ་སྟབས་སྔོན་ལ་ལག་བསྟར་བྱེད་དགོས་པ་བཅས་ཡིན། མི་དམངས་ཁྲིམས་ཁང་གིས་སྔོན་ལ་ལག་བསྟར་བྱེད་ཆོག་པར་ཁྲུན་གཅོད་བྱེད་རིགས་ལ། གཤམ་གྱི་ཆ་རྐྱེན་འདི་དག་ཚང་དགོས་ཏེ། (གཅིག)དོ་བདག་པའི་བར་གྱི་དབང་ཆ་དང་འོས་འགན་འབྲེལ་བ་ངེས་གསལ་ཡིན་པ་དང་། སྔོན་ལ་ལག་བསྟར་མ་བྱས་ན་རེ་ཞུ་མཁན་གྱི་འཚོ་བ་དང་ཡང་ན་ཐོན་སྐྱེད་གཉེར་སྐྱོང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་པ། (གཉིས)རེ་ཞུ་བྱ་ཡུལ་ལ་འོས་འགན་ལག་བསྟར་བྱེད་པའི་ནུས་པ་ཡོད་པ།

དེ་ལྟ་ན། ཁྱོད་ཀྱིས་ཆད་ཕོགས་ཐད་ནས་སྔོན་ལ་ཁྲུན་ཐག་གཅོད་པའི་རེ་བ་ཞུ་བ་དང་། ད་དུང་ཆད་ཕོགས་ཀྱི་ཆ་ཤས་ཐད་ནས་སྔོན་དུ་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན་ཆོག 

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།


 
རྩོམ་སྒྲིག་པ། : མདོ་སྡེ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མདོ་སྡེ་རྒྱལ།