ཟླ7པའི་ཚེས14ཉིན་གྱི་ནམ་གུང་ཆུ་ཚོད1སྟེང་། གུང་ཧོ་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་དང་སྐོར་ཞིབ་ཉེན་རྟོག་རུ་ཆེན་དང་མཉམ་འབྲེལ་འོག མགྱོགས་མྱུར་ངང་རྟ་ནག་མ་གྲོང་རྡལ་དུ་ཁྲིམས་འགལ་ངང་མཚོ་སྔོན་པོའི་གསེར་ཉ་འཛིན་པའི་གྱོད་དོན་ཚབས་ཆེན་ཞིག་རྩད་ཆོད་དེ། ཡུལ་དངོས་སུ་གྱོད་འབྲེལ་མི་སྣ7འཛིན་བཟུང་བྱས་པར་མ་ཟད། ཉ་སྤྱི་རྒྱ707.9(ཁྱོན་བསྡོམས་ཉ7730)ཞིབ་བཤེར་རྩིས་སྤྲོད་དང་གྱོད་འབྲེལ་རླངས་འཁོར2། ཉ་འཛིན་ཡོ་བྱད་ཁག་ཅིག་ལག་སོན་བྱུང་།
འཛིན་བཟུང་བྱེད་སྐབས། ཁྲིམས་འཛིན་མི་སྣས་ཡུལ་དངོས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་གྱོད་དོན་བཟོ་ཡུལ་གནད་ལ་འཁེལ་བའི་སྒོ་ནས་གཏན་འཁེལ་བྱས་ཏེ་གྱོད་དོན་བཟོ་བའི་ཚོགས་པ་གཅིག་ཀྱང་མ་ལུས་པར་འཛིན་བཟུང་བྱས། འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན7གྱིས་ཁྲིམས་འགལ་ངང་གསེར་ཉ་བཟུང་བའི་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།
མིག་སྔར། གྱོད་དོན་དེ་གུང་ཧོ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་ནགས་ཚལ་ཉེན་རྟོག་རུ་ཆེན་ལ་མྱུལ་ཞིབ་བྱ་རྒྱུར་རྩིས་སྤྲད་པ་དང་དོགས་ཡོད་ཉེས་ཅན7ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ཤིང་། ཁྲིམས་འགལ་ངང་ཉ་འཛིན་པ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་ཀྱི་ནག་ཚོགས་ཤིག་རྩ་བ་ནས་མེད་པར་བཟོས།