ཉེ་ཆར། གཅན་ཚ་རྫོང་སྤྱི་བདེ་ཅུས་མར་ཁུ་ཐང་མངགས་གཏོང་ཁང་གིས་མི་མང་པོས་ཤོ་བརྒྱབ་པའི་གྱོད་གཞི་ཞིག་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཡུལ་དངོས་སུ་རྒྱན་དངུལ་སྒོར་ཁྲི1.2ལྷག་རྩད་ཆོད།
ཟླ6ཚེས28ཉིན། མར་ཁུ་ཐང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་ལྡན་གྱི་བྱ་བའི་ཁྲོད་ཚོང་ཁང་ག་གེ་མོ་རུ་མི་མང་པོས་ཤོ་རྒྱག་སྲིད་པའི་ཁུངས་སྣེ་རྙེད་པ་དང་། ཐོག་མའི་ཞིབ་བཤེར་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ས་གནས་དེ་གར་མི་མང་པོ་འཛོམས་ནས་ཤོ་རྒྱག་བཞིན་ཡོད་པར་མ་ཟད། ད་དུང་གྱོད་འབྲེལ་དངུལ་གྲངས་ཅུང་མཐོ་བ་གཏན་འཁེལ་བྱས། ཚེས29ཉིན་གྱི་ཞོགས་པར། མངགས་གཏོང་ཁང་གིས་ཕུལ་བྱུང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཚོང་ཁང་དེར་འཕྲལ་རྒོལ་ཞིབ་བཤེར་བྱས་ཤིང་། ཡུལ་དངོས་སུ་ཤོ་དང་འབྲེལ་བ་ཡོད་པའི་མི་སྣ6དང་། མཱ་ཅང་སོགས་རྒྱན་སྐུག་ལག་ཆ་འགའ། རྒྱན་དངུལ་སྒོར་ཁྲི1.2ལྷག་བཅས་རྩད་ཆོད།
འདྲི་རྩད་བྱས་པ་བརྒྱུད། ཚེ་ཆེ་གེ་མོ་སོགས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན6གིས་ཤོ་བརྒྱབ་པའི་ཁྲིམས་འགལ་དོན་དངོས་ཁས་བླངས་པ་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་སྟེ། གཅན་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་གྱོད་དོན་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་མི་སྣ6ལ་སྲིད་འཛིན་བཀག་ཉར་གྱི་ཆད་གཅོད་བྱས་པར་མ་ཟད། ད་དུང་ཁྲིམས་ལྟར་རྒྱན་དངུལ་དང་རྒྱན་སྐུག་ལག་ཆ་གཞུང་བཞེས་བྱས་པ་རེད།