ཟླ6པའི་ཚེས9ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་སྤྱི་བདེ་ཅུས་མར་ཁུ་ཐང་མངགས་གཏོང་ཁང་གིས་ཤོ་རྒྱག་གི་གྱོད་དོན་ཞིག་བདེ་བླག་ངང་ཞིབ་བཤེར་ཐག་གཅོད་བྱས་ཏེ་མི3ལ་སྲིད་འཛིན་ཆད་པ་བཅད།
ཟླ6པའི་ཚེས18ཉིན། མར་ཁུ་ཐང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྒྱུན་ལྡན་གྱི་བྱ་བའི་ཁྲོད། མངའ་ཁུལ་གྱི་ཚོང་ཁང་ག་གེ་མོའི་ནང་ཤོ་རྒྱག་བཞིན་ཡོད་པ་ཤེས་རྟོགས་བྱུང་། མངགས་གཏོང་ཁང་གིས་མགྱོགས་མྱུར་ངང་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། འཛིན་བཟུང་གི་འཆར་གཞི་བཟོས་ནས་ཤོ་རྒྱག་ས་གནས་དེར་འཕྲལ་སྒྲུབ་ཞིབ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད། ཡུལ་དངོས་སུ་རྩེད་ཤོག་གི་རྣམ་པའི་ཤོ་རྒྱག་བཞིན་པའི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་བསྟན་ཆེ་གེ་མོ་སོགས་མི3འཛིན་བཟུང་བྱས་པར་མ་ཟད། ད་དུང་ཤོ་རྒྱག་མ་དངུལ་སྒོར་ཆིག་སྟོང་ལྷག་དང་ཤོ་རྒྱག་ཡོ་བྱད་འགའ་ཞིག་རྩིས་ལེན་བྱས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། གཅན་ཚ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ཤོ་རྒྱག་མཁན3ལ་སྲིད་འཛིན་ཆད་པ་བཅད།