ཀྲུང་གོ་བོད་ཀྱི་དྲ་བ།

ཁ་ལོ་བ་ཞིག་གིས་རྩལ་ངོམ་པས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : སངས་བཀྲ།   སྤེལ་དུས། : 2025-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2025ལོའི་ཟླ6པའི་ཚེས27ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སྤྱི་བདེ་ཅུས་ལ་དྲ་དམངས་ཀྱིས་ཞུ་གཏུག་བྱས་ཏེ། མི་ལ་ལས་བདེ་འཇགས་ངང་རླངས་འཁོར་བསྐོར་བར་འགོག་རྐྱེན་བཟོ་བ་དང་འགྲིམ་འགྲུལ་བདེ་འཇགས་ལ་འཇིགས་སྐུལ་བྱེད་བཞིན་ཡོད་ཅེས་བཤད། ཞུ་གཏུག་ཁུངས་སྣེ་འབྱོར་རྗེས། འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་དོན་རྐྱེན་ལ་ཞིབ་བཤེར་བྱས་པ་བརྒྱུད། 2025ལོའི་ཟླ6པའི་ཚེས26ཉིན། ཧོང་ཀྲུང་ཆུས་མདོ་བ་གྲོང་རྡལ་པིན་ཧོ་ལྷོ་ལམ་དུ་འགྲུལ་པ་གསུམ་གྱིས་ཡན་ཆེ་གེ་མོས་བསྐོར་བའི་རླངས་འཁོར་གྱི་ཕྱི་ངོས་ཀྱི་རྐང་སྟེགས་སུ་ལངས་པ་དང་། ཡན་ཆེ་གེ་མོས་བཀག་སྡོམ་མ་བྱས་པར་རླངས་འཁོར་བསྐོར་ནས་པིན་ཧོ་ལྷོ་ལམ་བརྒྱུད་དེ་མུ་མཐུད་དུ་བསྐྱོད་པ་རེད།

དོན་དངོས་རྩད་ཆོད་བྱས་རྗེས། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》སོགས་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་སྟེ། ཡན་ཆེ་གེ་མོས་རླངས་འཁོར་སྐོར་སྐབས་བདེ་འཇགས་ངང་རླངས་འཁོར་བསྐོར་བར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་ཡོད་པས་སྲིད་འཛིན་ཆད་པ་བཅད།

 
རྩོམ་སྒྲིག་པ། : སངས་བཀྲ།