ཀྲུང་གོ་བོད་ཀྱི་དྲ་བ།

དྲིན་ལ་དྲིན་ལོག གཡང་ལ་རྡོ་ཁ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : སངས་བཀྲ།   སྤེལ་དུས། : 2025-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེ་ཆར། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་ཤར་ཡན་ལག་ཅུས་མེ་འཁོར་འབབ་ཚུགས་མངགས་གཏོང་ཁང་གི་ཉེན་རྟོག་པས་ནར་མ་སོན་པའི་སྐྱེ་བོ་ཁྱིམ་དང་ཁ་བྲལ་ནས་འབྲོས་ཀྱིན་པའི་གྱོད་དོན་ཞིག་བདེ་ལེགས་ངང་འདུམ་འགྲིག་བྱས། ཉེན་རྟོག་པས་སྐོར་ཞིབ་བྱེད་སྐབས། ཕལ་ཆེར་ལོ17ཡས་མས་ཡིན་པའི་བྱིས་པ་ཞིག་མགྲོན་ཁང་སྒོ་ཁར་ཙོག་ནས་བསྡད་ཡོད་པ་མཐོང་སྟེ། ཉེན་རྟོག་གམ་དུ་བཅར་ནས་སྐད་ཆ་འདྲི་སྐབས་བྱིས་པ་དེས་ཕྱིར་ལན་ཅི་ཡང་མ་བཏབ། 

ཆུ་ཚོད་ཕྱེད་ཀའི་རིང་སེམས་གནད་ལ་ཕབ་ནས་ཁ་བརྡ་བྱས་པ་བརྒྱུད། བྱིས་པ་དེས་ཁོ་དང་ཁྱིམ་མིའི་བར་འགལ་བ་བྱུང་ནས་ཁྱིམ་གྱི་སྒོར་ཁྲི9འཁྱེར་ནས་ན་གོར་མོ་གྲོང་ཁྱེར་དུ་སོང་ནས་ལས་ཀ་འཚོལ་རྒྱུར་གྲ་སྒྲིག་བྱེད་བཞིན་པ་ཤེས་རྟོག་བྱུང་། དེ་ནས་ཉེན་རྟོག་པས་གཞོན་ནུ་དེའི་སྡོད་གནས་ཏེ་ཧེ་ཙི་ཀུག་ཉེན་རྟོག་ཕྱོགས་ཀྱིས་ཁྱིམ་བདག་ལ་བརྡ་བཏང་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཕ་མ་གཉིས་ཀའང་འབྱོར་སོང་། ཉེན་རྟོག་པས་ཁ་ཏ་སློབ་གསོ་བྱས་པ་བརྒྱུད་གཞོན་ནུ་དེས་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་ཟིན་ཐོབ་སྟེ་ཕ་མ་དང་འགྲིག་མཐུན་བྱུང་། སྐབས་དེར་ཁྱིམ་ནས་འཁྱེར་བའི་སྒོར་ཁྲི9ལས་སྒོར་ཁྲི6མ་གཏོགས་ལྷག་མི་འདུག

 
རྩོམ་སྒྲིག་པ། : སངས་བཀྲ།