ཉེ་ཆར། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་ལས་འགན་སྒྲུབ་པར་བཀག་འགོག་བྱས་པའི་གྱོད་དོན་གཉིས་ཞིབ་བཤེར་ཐག་གཅོད་བྱས་ཏེ། ཉེན་རྟོག་པའི་ཁྲིམས་ལག་བསྟར་བྱེད་པའི་ཁེ་དབང་ལ་སྲུང་སྐྱོང་བྱས།
ཟླ5པའི་ཚེས28ཉིན། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཏུང་ཧྲན་མངགས་གཏོང་ཁང་གི་ཉེན་རྟོག་པས་ཁྲིམས་ལྟར་ཁྱིམ་ཚང་དྲག་སྤྱོད་བྱེད་མཁན་གྱི་དོགས་ཡོད་ཉེས་ཅན་ཝང་ཆེ་གེ་མོར་བརྡ་བཏང་ནས་མངགས་གཏོང་ཁང་དུ་འབོད་དུས། ཝང་ཆེ་གེ་མོས་རམ་འདེགས་མི་བྱེད་པར་མ་ཟད་ད་དུང་དམའ་འབེབས་སོགས་ཀྱི་སྐད་ཆ་མང་པོ་བཤད་ཅིང་། ཉེན་རྟོག་པས་བསྐྱལ་ཡོང་བའི་ཁྲིམས་དོན་ཡིག་རིགས་ཡུལ་དངོས་ནས་གཤགས་ཏེ། ས་གནས་མང་ཚོགས་ལ་མི་བཟང་བའི་བག་ཆགས་བཞག
ཟླ6པའི་ཚེས1ཉིན་གྱི་དགོང་མོར། ཧུའུ་ཀྲུའུ་རྫོང་ཐང་ཁྲོན་མངགས་གཏོང་ཁང་གིས་ལས་རེས་ཉེན་རྟོག་པས་ཆང་འཐུང་ནས་ཟིང་ཆ་བསླངས་པའི་གྱོད་དོན་ཞིག་ཐག་གཅོད་བྱེད་སྐབས། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོ་དང་རེན་ཆེ་གེ་མོས་གཞོགས་འདེགས་མི་བྱེད་པར་མ་ཟད། ད་དུང་ཉེན་རྟོག་པར་སྡིགས་ནས་ཕུད་རྒྱག་བྱས་ཏེ་གཞུང་དོན་སྒྲུབ་པར་བར་ཆད་བཟོས།
ཉེན་རྟོག་པས་ཁྲིམས་ལག་བསྟར་བྱེད་པར་བཀག་འགོག་བྱས་པའི་གྱོད་དོན་འདི་གཉིས་བྱུང་རྗེས། ཧུའུ་ཀྲུའུ་རྫོང་སྤྱི་བདེ་ཅུས་ཀྱི་མགོ་ཁྲིད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་འཕྲལ་དུ་དམིགས་བསལ་ཉེན་རྟོག་དང་བདེ་སྲུང་རུ་ཆེན་བཀོད་སྒྲིག་བྱས་ནས་ཁྲིམས་ལྟར་ཝང་ཆེ་གེ་མོ་དང་། རེན་ཆེ་གེ་མོ། ཝང་ཆེ་གེ་མོ་བཅས་སོ་སོར་སྲིད་འཛིན་བཀག་ཉར་ཉིན་བཅུ་དང་། ཉིན་ཉི་ཤུ། ཉིན་དགུ་ཡི་ཆད་གཅོད་བྱས།