(1) གྲོང་ཁྱེར་གྱི་ས་ཞིང་རྒྱལ་ཁབ་ལ་དབང་བ་ཡིན།
(2) གྲོང་གསེབ་དང་གྲོང་ཁྱེར་ཉེ་འདབས་ཀྱི་ས་ཞིང་རྣམས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རྒྱལ་ཁབ་ལ་དབང་བ་རྣམས་ཕུད། གཞན་དག་ཚང་མ་ཐུན་མོང་ལ་དབང་བ་ཡིན། ཁང་ས་དང་། རང་བཀོལ་ས་ཞིང་། རང་བཀོལ་གནས་རི་རྣམས་ཀྱང་ཐུན་མོང་ལ་དབང་བ་ཡིན།
(3) རྒྱལ་ཁབ་ཀྱིས་སྤྱིའི་ཁེ་ཕན་གྱི་དགོས་མཁོའི་ཆེད་དུ་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ས་ཞིང་བསྡུ་ལེན་བྱས་ཆོག་མོད། འོན་ཀྱང་བསྡུ་ལེན་བྱས་པའི་ས་ཞིང་ལ་ཁ་གསབ་སྤྲད་དགོས།
(4) རྩ་འཛུགས་དང་མི་སྒེར་སུས་ཀྱང་ས་ཆ་ཧམ་བཟུང་དང་ཉོ་འཚོང་ངམ་བྱེད་ཐབས་གཞན་དག་ལ་བརྟེན་ནས་ཁྲིམས་འགལ་གྱིས་ས་ཆ་གཞན་ལ་བཤུག་སྤྲོད་བྱས་མི་ཆོག བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ས་ཆ་བཀོལ་སྤྱོད་བྱེད་དབང་གཞན་ལ་བཤུག་སྤྲོད་བྱས་ཆོག
(5) ས་ཆ་བེད་སྤྱོད་བྱེད་པའི་རྩ་འཛུགས་དང་མི་སྒེར་ཚང་མས་ངེས་པར་ཚུལ་མཐུན་གྱིས་ས་ཆ་བེད་སྤྱོད་བྱ་དགོས།