ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་པའི་སྒྲིག་ལམ་དཀྲུགས་པའི་ནག་ཉེས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མཁའ་འབུམ་རྒྱལ།   སྤེལ་དུས། : 2025-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ《ཉེས་ཁྲིམས》ཀྱི་དོན་ཚན290པའི་གཏན་འཁེལ་ལྟར་ན།【མི་མང་འདུས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ནག་ཉེས】མི་མང་འདུས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ཉེས་ཚབས་ཆེ་བའི་དབང་གིས་ལས་ཀ་དང་ཐོན་སྐྱེད། ཚོང་གཉེར། སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་བཅོས་བཅས་བྱེད་ཐབས་བྲལ་ནས་གྱོང་གུན་ཚབས་ཆེན་བཟོས་པའི་ཉེས་ཅན་ལ་དུས་བཀག་བཙོན་འཇུག་ལོ3ཡན་ནས་ལོ7མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། དེའི་ནང་ཧུར་ཐག་གིས་ཞུགས་མཁན་གཞན་དག་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་དང་ཡང་ན་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱ་རྒྱུ།

【མི་མང་འདུས་ཏེ་རྒྱལ་ཁབ་ལས་ཁུངས་ལ་རྡུང་རྡེག་བཏང་བའི་ནག་ཉེས】མི་མང་འདུས་ཏེ་རྒྱལ་ཁབ་ལས་ཁུངས་ལ་རྡུང་རྡེག་བཏང་ནས་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བ་བྱེད་ཐབས་བྲལ་ཏེ་གྱོང་གུན་ཚབས་ཆེན་བཟོས་པའི་ཉེས་ཅན་ལ་དུས་བཀག་བཙོན་འཇུག་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་། དེར་ཧུར་ཐག་གིས་ཞུགས་མཁན་གཞན་དག་ལ་དུས་བཀག་བཙོན་འཇུག་ལོ5མན་དང་བཙན་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ་མ་ཡང་ན་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་བྱས་པའི་ཉེས་ཆད་གཅོད་རྒྱུ།

【རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་སྒྲིག་ལམ་དཀྲུགས་པའི་ནག་ཉེས】རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བའི་སྒྲིག་ལམ་ཐེངས་མང་དཀྲུགས་ཀྱང་སྲིད་འཛིན་གྱི་ཆད་པ་བཅད་རྗེས་སྔར་བཞིན་ཡོ་བསྲང་མ་བྱས་པར་མཇུག་འབྲས་ཚབས་ཆེན་བཟོས་པའི་རིགས་ལ་དུས་བཀག་བཙོན་འཇུག་ལོ3མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ།

【ཁྲིམས་འགལ་འདུ་འཛོམས་སྒྲིག་འཛུགས་དང་རོགས་དངུལ་སྤྲོད་པའི་ནག་ཉེས】མི་གཞན་སྒྲིག་འཛུགས་དང་རོགས་དངུལ་ཐེངས་མང་སྤྲད་ནས་ཁྲིམས་འགལ་འདུ་འཛོམས་བྱས་ཏེ་སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ཉེས་ཚབས་ཆེ་བའི་རིགས་ལ་གོང་གསལ་དོན་ཚན་གྱི་གཏན་འཁེལ་ལྟར་ཉེས་ཆད་གཅོད་རྒྱུ།


 
རྩོམ་སྒྲིག་པ། : མཁའ་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མཁའ་འབུམ་རྒྱལ།