རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན1064པའི་གཏན་འཁེལ་ལྟར་ན། “ཁྱོ་ཤུག་ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་མིང་རྟགས་འགོད་པའམ་ཁྱོ་ཤུག་ཕྱོགས་གཅིག་གིས་རྗེས་སུ་ཁས་ལེན་བྱེད་པ་སོགས་ཐུན་མོང་གི་བསམ་འདུན་མཚོན་པའི་བུ་ལོན་དང་། དེ་བཞིན་ཁྱོ་ཤུག་ཕྱོགས་གཅིག་གིས་བཟའ་ཚང་གི་འབྲེལ་བ་ཡོད་པའི་སྐབས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བར་མཁོ་བའི་བུ་ལོན་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཁོངས་སུ་གཏོགས་ཤིང་། ཁྱོ་ཤུག་ཕྱོགས་གཅིག་གིས་བཟའ་ཚང་གི་འབྲེལ་བ་ཡོད་པའི་སྐབས་སུ་མི་སྒེར་གྱི་མིང་ཐོག་ནས་ཁྱིམ་ཚང་གི་རྒྱུན་ལྡན་འཚོ་བའི་དགོས་མཁོ་ལས་བརྒལ་བའི་བུ་ལོན་ནི་ཁྱོ་ཤུག་ཐུན་མོང་གི་བུ་ལོན་ཁོངས་སུ་མི་གཏོགས། ཡིན་ན་ཡང་བུན་བདག་གིས་བུ་ལོན་དེ་ཁྱོ་ཤུག་ཐུན་མོང་གི་འཚོ་བ་དང་། ཐུན་མོང་གི་ཐོན་སྐྱེད་ཚོང་གཉེར་རམ་ཁྱོ་ཤུག་ཕྱོགས་གཉིས་ཀྱི་ཐུན་མོང་གི་བསམ་འདུན་ལ་གཞིགས་ནས་མཚོན་པར་བྱས་པ་བདེན་དཔང་བྱེད་ཐུབ་རིགས་ཕུད”ཅེས་བཀོད་ཡོད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1065པའི་ཚན་པ3པའི་གཏན་འཁེལ་ལྟར་ན།“ཁྱོ་ཤུག་གཉིས་ཀྱིས་བཟའ་ཚང་གི་འབྲེལ་བ་ཡོད་པའི་རིང་ལ་ཐོབ་པའི་རྒྱུ་ནོར་རྣམས་སོ་སོར་དབང་བའི་ཁ་ཆད་བཞག་ཡོད་ཅིང་། ཁྱོ་གའམ་བཟའ་ཟླ་ཕྱོགས་གཅིག་གིས་ཕྱི་ཕྱོགས་སུ་ཆད་པའི་བུ་ལོན་དེ་བལྟོས་བཅས་ཀྱི་མིས་ཁ་ཆད་དེ་ཤེས་རིགས། ཁྱོ་གའམ་བཟའ་ཟླ་ཕྱོགས་གཅིག་གི་སྒེར་གྱི་རྒྱུ་ནོར་གྱིས་གཙང་འཇལ་བྱ་དགོས”ཞེས་བཀོད་ཡོད།