ཀྲུང་གོ་བོད་ཀྱི་དྲ་བ།

འདྲ་པར་བདག་དབང་སྤྱོད་སྐབས་དོན་གང་དག་ལ་དོ་སྣང་བྱ་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མཁའ་འབུམ་རྒྱལ།   སྤེལ་དུས། : 2025-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདྲ་པར་བདག་དབང་སྤྱོད་སྐབས་གཤམ་གསལ་ཕྱོགས་གཉིས་ལ་དོ་སྣང་བྱ་དགོས་ཏེ།

གཅིག རྩ་འཛུགས་དང་མི་སྒེར་གང་རུང་གིས་དམའ་འབེབས་དང་ཉམས་ཆག་གཏོང་བའམ་ཆ་འཕྲིན་ལག་རྩལ་གྱི་ཐབས་ལ་བརྟེན་ནས་རྫུན་བཟོ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མི་གཞན་གྱི་འདྲ་པར་བདག་དབང་ལ་གནོད་འཚེ་གཏོང་མི་ཆོག བརྙན་པར་བདག་དབང་མཁན་གྱི་མོས་མཐུན་མ་བརྒྱུད་པར་འདྲ་པར་བདག་དབང་མཁན་གྱི་འདྲ་པར་བཟོ་བ་དང་བེད་སྤྱོད། ཡོངས་གྲགས་སུ་སྤེལ་མི་ཆོག འོན་ཀྱང་ཁྲིམས་ལུགས་ཀྱིས་གཏན་འཁེལ་གཞན་བྱས་ཡོད་པ་ཕུད།

གཉིས། འདྲ་པར་བདག་དབང་མཁན་གྱི་མོས་མཐུན་མ་བརྒྱུད་པར་འགྲེམས་སྤེལ་དང་འདྲ་བཟོ། འགྲེམས་སྤེལ། གླ་གཏོང་། འགྲེམ་སྟོན་སོགས་ཀྱི་རྣམ་པས་འདྲ་པར་བདག་དབང་མཁན་གྱི་འདྲ་པར་བཀོལ་སྤྱོད་དང་སྤྱི་བསྒྲགས་བྱས་མི་ཆོག

 
རྩོམ་སྒྲིག་པ། : མཁའ་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མཁའ་འབུམ་རྒྱལ།