ཀྲུང་གོ་བོད་ཀྱི་དྲ་བ།

སྨད་འཚོང་འཆལ་སྤྱོད་བྱས་ན་ཉེས་ཆད་ཇི་ལྟར་གཅད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།   རྩོམ་པ་པོ། : མཁའ་འབུམ་རྒྱལ།   སྤེལ་དུས། : 2025-08-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན66པའི་གཏན་འཁེལ་ལྟར་ན། སྨད་འཚོང་དང་འཆལ་སྤྱོད་བྱེད་མཁན་ལ་ཉིན་བཅུའི་ཡན་ནས་ཉིན་བཅོ་ལྔ་མན་གྱི་བཀག་ཉར་བྱ་རྒྱུ་དང་། སྒོར་ལྔ་སྟོང་མན་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅད་རྒྱུ་དང་། ཉེས་ཚབས་ཅུང་ཆུང་བའི་རིགས་ལ། ཉིན་ལྔའི་མན་ལ་བཀག་ཉར་བྱེད་པའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་རྒྱུ། མི་མང་འདུ་འཛོམས་བྱ་ཡུལ་དུ་མགྲོན་འབོད་བྱས་ནས་འཆལ་སྤྱོད་བྱེད་མཁན་གྱི་རིགས་ལ་ཉིན་ལྔའི་མན་དུ་བཀག་ཉར་བྱེད་པའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅད་དགོས་ཞེས་བཀོད་ཡོད།

དོན་ཚན67པའི་གཏན་འཁེལ་ལྟར་ན། གཞན་ལ་བསླུ་བྲིད་གཏོང་བ་དང་། བསྡུ་ཉར་བྱེད་པ། གཞན་ལ་ངོ་སྤྲོད་བྱས་ནས་སྨད་འཚོང་བྱེད་དུ་བཅུག་པའི་རིགས་ལ། ཉིན་བཅུའི་ཡན་ནས་ཉིན་བཅོ་ལྔའི་མན་དུ་བཀག་ཉར་བྱ་རྒྱུ་མ་ཟད། དངུལ་ཆད་སྒོར་ལྔ་སྟོང་མན་གྱི་ཆད་པ་གཅད་རྒྱུ། ཉེས་ཚབས་ཅུང་ཆུང་བའི་རིགས་ལ། ཉིན་ལྔའི་མན་དུ་བཀག་ཉར་བྱེད་པའམ་ཡང་ན་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་རྒྱུ་ཞེས་བཀོད་ཡོད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན359པར། 【སྨད་འཚོང་བྱེད་པར་བསླུ་བྲིད་དང་བསྡུ་ཉར། ངོ་སྤྲོད་བཅས་བྱས་པའི་ནག་ཉེས】མི་གཞན་ལ་སྨད་འཚོང་བྱེད་པར་བསླུ་བྲིད་དང་བསྡུ་ཉར། ངོ་སྤྲོད་བཅས་བྱས་པའི་རིགས་ལ། དུས་བཀག་བཙོན་འཇུག་ལོ་ལྔའི་མན་དང་བཀར་ཉར་བྱེད་པ། ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་ཆབ་སྦྲགས་སུ་གཅད་རྒྱུ། གནས་ཚུལ་ཅུང་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་ལྔའི་ཡན་གྱི་ཉེས་ཆད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅད་རྒྱུ། 

【བུ་མོ་ཆུང་ཆུང་ལ་བསླུ་བྲིད་བཏང་ནས་སྨད་འཚོང་བྱེད་དུ་བཅུག་པའི་ནག་ཉེས】ལོ་ན14ལ་སོན་མེད་པའི་བུ་མོ་ཆུང་ཆུང་ལ་བསླུ་བྲིད་བཏང་ནས་སྨད་འཚོང་བྱེད་དུ་བཅུག་པའི་རིགས་ལ། དུས་བཀག་བཙོན་འཇུག་ལོ་ལྔའི་ཡན་གྱི་ཉེས་ཆད་གཅད་རྒྱུ་དང་དངུལ་ཆད་ཆབས་སྦྲགས་སུ་གཅད་རྒྱུ་ཞེས་བཀོད་ཡོད། 

དོན་ཚན361པར་པའི་གཏན་འཁེལ་ལྟར་ན། 【དམིགས་བསལ་སྡེ་ཁག་གི་མི་སྣས་སྨད་འཚོང་བྱེད་པར་རྩ་འཛུགས་དང་བཙན་སྐུལ། བསླུ་བྲིད། བསྡུ་ཉར། ངོ་སྤྲོད་བྱེད་པ་བཅས་ཀྱི་ཐག་གཅོད་གཏན་འཁེལ】མགྲོན་ཁང་ལས་རིགས་དང་བཟའ་བཏུང་ཞབས་ཕྱིའི་ལས་རིགས། རིག་གནས་རོལ་རྩེད་ལས་རིགས། གླ་གཏོང་རླངས་འཁོར་ལས་རིགས་སོགས་སྡེ་ཁག་གི་མི་སྣས། སྡེ་ཁག་གི་ཆ་རྐྱེན་བེད་སྤྱད་ནས་མི་གཞན་ལ་སྨད་འཚོང་བྱེད་པར་རྩ་འཛུགས་དང་བཙན་སྐུལ། བསླུ་བྲིད། བསྡུ་ཉར། ངོ་སྤྲོད་བྱེད་པ་བཅས་ཡིན་ན། བཅའ་ཁྲིམས་འདིའི་དོན་ཚན358པ་དང་། དོན་ཚན359པའི་གཏན་འཁེལ་ལྟར་ཉེས་ཆད་གཏན་འཁེལ་དང་ཐག་གཅོད་བྱ་རྒྱུ་ཞེས་བཀོད་ཡོད། 

དོན་ཚན་གོང་མའི་ནང་བཀོད་པའི་སྡེ་ཁག་གི་འགན་འཁུར་བ་གཙོ་བོས་དོན་ཚན་གོང་མའི་ནག་ཉེས་བསགས་པའི་རིགས་ལ་ཉེས་ཆད་ལྕི་མོ་གཅད་དགོས་ཞེས་བཀོད་ཡོད།

 
རྩོམ་སྒྲིག་པ། : མཁའ་འབུམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། : མཁའ་འབུམ་རྒྱལ།