མི་མང་པོ་ཞིག་གི་བསམས་པར་སྤྱི་དམངས་ནི་ལོ་བཅོ་བརྒྱད་ལ་སོན་པའི་མི་དར་མར་གོ་བ་དང་། ད་དུང་མི་ལ་ལ་ཞིག་གིས་ཁྲིམས་འགལ་ཉེས་ཅན་ནམ་ཉེས་པ་བསགས་རྗེས་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པའི་མི་ནི་སྤྱི་དམངས་མ་ཡིན་པར་འདོད། དེ་དག་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཞིག་རེད།
རང་རྒྱལ་གྱི་རྩ་ཁྲིམས་ལས་གཏན་འཁེལ་གསལ་པོར་བྱས་པ་ལྟར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཡིན་ཕྱིན་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན། རང་རྒྱལ་གྱི་སྤྱི་དམངས་ནི་རང་རྒྱལ་སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ལ་བསྟན་ཅིང་། དེར་ནར་སོན་པའི་མི་དང་ནར་མ་སོན་པའི་མི། བྱིས་པ་བཅས་འདུས་ལ། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ་དང་ཁྲིམས་འགལ་ཉེས་བསགས་ཅན་ཡང་འདུས། ཀྲུང་གོའི་རྒྱལ་ཁོངས་ཅན་ཡིན་ཕྱིན་ལོ་ཚོད་དང་ཕོ་མོ། སྐྱེ་ཁུངས། ལས་རིགས། མི་རིགས། མི་རྒྱུད། ཆབ་སྲིད་ཀྱི་འཁྱེར་སོ་དང་གནས་སྟངས་གང་འདྲ་ཡིན་ཡང་། ཚང་མ་ཀྲུང་གོའི་སྤྱི་དམངས་ཡིན།