ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས།(གཉིས་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཐུ་བོ་ཆེས་བསྒྱུར།   སྤེལ་དུས། : 2023-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་བོད་མཐོ་སྒང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ངེེས་པར་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཁྲོད་འཇོག་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་ལས་བགོས་ལྟར། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་འབྲེལ་ཡོད་ཆེད་དམིགས་འཆར་འགོད་རྩ་འཛུགས་དང་སྒྲིག་བཟོ་བྱེད་དགོས་ལ། གཙོ་གནད་སྐྱེ་ཁམས་སླར་གསོ་སོགས་ཀྱི་བཟོ་འགོད་རྩ་འཛུགས་ལག་བསྟར་བྱས་ཏེ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། མཚོ་བོད་མཐོ་སྒང་གི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལ་གཞིགས་ཏེ། རང་སྲིད་འཛིན་ས་ཁོངས་སུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་འབྲེལ་ཡོད་ཆེད་དམིགས་འཆར་འགོད་རྩ་འཛུགས་ལག་བསྟར་བྱེད་དགོས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ཀྱི་འབྲེལ་ཡོད་ཆེད་དམིགས་འཆར་འགོད་སྒྲིག་བཟོ་བྱེད་པར་ངེས་པར་དུ་ཚན་རིག་གི་རིགས་པས་ཁུངས་སྐྱེལ་གྱི་དཔྱད་འཇོག་སྤེལ་དགོས།

དོན་ཚན་བདུན་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་ས་ཞིང་དང་ནགས་ཚལ། ཆུ་བོ། མཚེའུ། རླན་ས། གངས་འཁྱགས། བྱེ་ཐང་། རི་སྐྱེས་སྲོག་ཆགས་སོགས་རང་བྱུང་ཐོན་ཁུངས་ཀྱི་གནས་བབ་དང་སྐྱེ་ཁམས་ཁོར་ཡུག་གནས་བབ་ཀྱི་བརྟག་བཤེར་ལ་ཤུགས་བསྣན་ཏེ། ས་ཁོངས་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་རྒྱལ་ཁབ་མངའ་ཁོངས་བར་སྟོངས་གསར་སྤེལ་གྱི་འོས་འཚམ་རང་བཞིན་གྱི་དཔྱད་འཇོག་སྤེལ་བ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་རང་བྱུང་ཐོན་ཁུངས། སྐྱེ་དངོས་སྣ་མང་རང་བཞིན། ཆུ་དཔྱད། གནམ་གཤིས། ས་གཤིས། ས་ཆུ་སྲུང་འཛིན། རང་བྱུང་གནོད་སྐྱོན་སོགས་ཀྱི་བརྟག་བཤེར་ཚད་ལེན་དྲ་བའི་མ་ལག་འཐུས་ཚང་དུ་བཏང་ནས། ཕྱོགས་བསྡུས་བརྟག་བཤེར་ཚད་ལེན་དང་མཐུན་སྦྱོར་བརྟག་བཤེར་ཚད་ལེན། རྒྱུན་ལྡན་ཅན་གྱི་བརྟག་བཤེར་ཚད་ལེན་ལ་སྐུལ་འདེད་གཏོང་དགོས། བརྟག་དཔྱད་དང་དཔྱད་འཇོག ལྟ་ཞིབ་ཚད་ལེན་བྱེད་པའི་ཆ་འཕྲིན་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་མཉམ་སྤྱོད་བྱེད་དགོས།

དོན་ཚན་བརྒྱད་པ། རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་ཚན་རིག་བརྟག་དཔྱད་དང་ཞིབ་འཇུག་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱེད་དགོས་ཤིང་། མཚོ་བོད་མཐོ་སྒང་གི་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན། སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ། ཆུ་དཔྱད་ཆུའི་ཐོན་ཁུངས། གངས་རི་འཁྱགས་དར་ས་འཁྱགས། ས་ཆུ་སྲུང་འཛིན། བྱེ་འགྱུར་ཅན་འགོག་བཅོས། ཆུ་མཚེའུ་ཡི་འགྱུར་ལྡོག ས་གཤིས་ཁོར་ཡུག རང་བྱུང་གནོད་སྐྱོན་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་དང་འགོག་བཅོས། ནུས་ཁུངས་དང་གནམ་གཤིས་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་། སྐྱེ་ཁམས་མ་ལག་གི་ཐཱན་འདུས་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་ཚན་རྩལ་གནད་དོན་ཞིབ་འཇུག་དང་གཙོ་གནད་ཚན་རྩལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། དུས་ཡུན་རིང་བོའི་ཞིབ་འཇུག་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་གཞི་དང་དེའི་འགྱུར་ལྡོག་ལ་ཤེས་རྟོགས་བྱེད་དགོས།

རྒྱལ་ཁབ་ཀྱིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཚན་རྩལ་གསར་སྐྲུན་སྟེགས་བུར་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། ཚན་རྩལ་ཆེད་ལས་མི་སྣའི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ནས། རྒྱུན་སྤྱོད་སྔོན་ཐོན་གྱི་སྤྱོད་བདེའི་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་ལ་སྐུལ་འདེད་བཏང་སྟེ། མཚོ་བོད་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་ཁྲོད་ཚན་རྩལ་གྱི་རོགས་འདེགས་བྱེད་ནུས་འདོན་སྤེལ་བྱེད་དགོས།

དོན་ཚན་དགུ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ། མཚོ་བོད་མཐོ་སྒང་གི་སྲོལ་རྒྱུན་སྐྱེ་ཁམས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་ཕུལ་བྱུང་སྐྱེ་ཁམས་རིག་གནས་དར་སྤེལ་གཏོང་དགོས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ཚན་རིག་ཁྱབ་གདལ་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་དཔལ་ཡོན་འདུ་ཤེས་བརྒྱུད་སྒྲོག་དང་ལྗང་མདོག་ཐཱན་དམའི་འཚོ་བའི་རྣམ་པ་དར་སྤེལ་གཏོང་བ་དང་། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་བྱང་ཚད་མཐོར་འདེགས་སུ་བཏང་ནས། ལས་ཁུངས་དང་མི་སྒེར་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་འབྲེལ་ཡོད་བྱ་འགུལ་ནང་ཞུགས་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་དགོས།

གསར་འགྱུར་སྨྱན་བྱད་ཀྱིས་ངེས་པར་དུ་རྣམ་པ་སྣ་མང་གིས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དྲིལ་སྒྲོག་སྒྲོག་སྤེལ་བྱེད་དགོས་པ་མ་ཟད་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་གླེང་ཕྱོགས་ཀྱི་ལྟ་སྐུལ་བྱེད་དགོས།

དོན་ཚན་བཅུ་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཁྲོད་བྱས་རྗེས་འབུར་ཐོན་འཇོག་མཁན་གྱི་ལས་ཁུངས་དང་མི་སྒེར་ལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས། (མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།