ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》སྐོར་གྱི་བརྡ་ཐོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་འཛིན་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུ་དང་། ཀྲུང་དབྱངགི་པུའུ་ཨུ་དང་། རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུ་སོ་སོའི་ཏང་ཙུའུ། ( ཏང་ཨུ ) བཅིངས་འགྲོལ་དམག་གི་ལས་ཁུངས་ཆེ་གྲས་སོ་སོ་དང་། དྲག་ཆས་ཉེན་རྟོག་རུ་དཔུང་། ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་སྡེ་ཁག་སོ་སོའི་ཏང་ཨུ། མི་དམངས་ཚོགས་པ་སོ་སོའི་ཏང་ཙུའུ་བཅས་ལ།

        2015ལོའི་ཟླ5པར། ཀྲུང་གུང་ཀྲུང་དབྱང་གིས་པར་འགྲེམས་བྱས་པའི《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》དེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། བླང་བྱ་གསར་པ་བཅས་གཞིར་བཟུང་ནས། ཏང་ཀྲུང་དབྱང་གིས་དེར་བཟོ་བཅོས་བྱས། ད་ལྟ《ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག་》ཅེས་བསྡུ་རྒྱུ)ཁྱེད་ཚོར་པར་འགྲེམས་བྱ་རྒྱུ་ཡིན་པས། ཁྱེད་ཅག་གིས་ནན་གྱིས་བརྩི་སྲུང་དང་ལག་བསྟར་བྱེད་དགོས།

        ད་ཐེངས་བཟོ་བཅོས་བྱས་པའི《སྲོལ་ཡིག》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་དོན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་གཅིག་སྡུད་དང་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པ་མཐའ་འཁྱོངས་དང་ཤུགས་སྣོན། འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཀྱི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་སྒྱུར་སྙིང་སྟོབས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་བྱ་བ་ཚན་རིག་ཅན་དང་། ཚད་ལྡན་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་ཧུར་ཐག་གིས་མཐོ་རུ་གཏོང་བ་ནི་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གཞི་རྩའི་སྲུང་བྱ་ཡིན།《སྲོལ་ཡིག》དག་བཅོས་དང་ལག་བསྟར་བྱས་པ་དེས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ལ་ཡོངས་ཁྱབ་ཀྱི་སྟོབས་ཤུགས་ཀྱིས་རྒྱབ་སྐྱོར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

         རིམ་པ་སོ་སོའི་ཏང་ཨུས(ཏང་ཙུའུ )དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པར་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་སློབ་སྦྱོང་དང་གོ་བ་ལེན་པ། འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པར་སྒྲུབ་པའི་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་འཁུར་བ། འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་བཟང་པོ་གཏོང་བ། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ལེགས་པར་སྤེལ་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་དགེ་མཚན་ལྡན་པའི་ཆ་རྐྱེན་བསྐྲུན་དགོས། 《སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བྱེད་པར་དམ་འཛིན་བཟང་པོ་བྱས་ནས།  རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་བསྣན་ནས《སྲོལ་ཡིག》གི་གཏན་འབེབས་དོན་ཚན་ཁག་ནུས་པ་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་ཐུབ་པར་འགན་ལེན་བྱེད་དགོས།

          ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས《སྲོལ་ཡིག》ལག་བསྟར་བྱེད་པའི་ཁྲོད་ཀྱི་གནས་ཚུལ་དང་གྲོས་གཞི་གལ་ཆེན། དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས།

ཀྲུང་གུང་ཀྲུང་དབྱང་།

2020ལོའི་ཟླ12པའི་ཚེས21ཉིན།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།