ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི2019ལོའི་ལོ་འཁོར་གྱི་སློབ་མའི་རོགས་དངུལ་སྙན་ཞུ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་མའི་རོགས་དངུལ་ནི་དམངས་འཚོ་འགན་ལེན་དང་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་འདུ་འགོད་གལ་ཆེན་ཞིག་ཡིན་པས་དབུལ་སྒྲོལ་འགག་སྒྲོལ་དང་སྤྱི་ཚོགས་དྲང་གཞག་དང་འབྲེལ་བ་ཡོད། དུས་ཡུན་རིང་པོའི་ནང་ཏང་དང་རྒྱལ་ཁབ་ཀྱི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རིམ་ཁག་སློབ་མའི་རོགས་དངུལ་དོ་དམ་སྡེ་ཚན་གྱི་ཐུན་མོང་འབད་བརྩོན་འོག་བོད་ལྗོངས་ཀྱི་སློབ་མའི་རོགས་དངུལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། རོགས་དངུལ་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ་བཅས་བྱུང་ནས་སློབ་མ་གཅིག་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་གྱི་དབང་གིས་སློབ་ཤོར་མི་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

2019ལོར་བོད་ལྗོངས་ཀྱི་སློབ་མའི་རོགས་དངུལ་ལས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་བཅས་ཀྱི་དགོངས་དོན་དང་དེ་བཞིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་རོགས་དངུལ་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། མ་དངུལ་ཚད་ལྡན་དོ་དམ་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་རོགས་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ། རོགས་དངུལ་བཏང་ནས་མི་གསོ་སྐྱོང་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སློབ་གསོའི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཡོད།

བསྡོམས་རྩིས་བྱས་པ་བརྒྱུད། 2019ལོར་ལྗོངས་ཡོངས་སུ་རོགས་དངུལ་སྒོར་དུང་ཕྱུར་37.78དོན་འཁྱོལ་བྱས་པས་དགེ་སློབ་མི་ཐེངས་ཁྲི་198.69ལ་ཕན་པ་ཐོབ་ཡོད།

གཅིག སློབ་ཞུགས་གོང་གི་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ།

སློབ་ཞུགས་གོང་གི་སློབ་གསོའི་སློབ་མར་རོགས་དངུལ་སྒོར་དུང་ཕྱུར་6.12དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་25.63ལ་ཕན་པ་ཐོབ་ཡོད། དེའི་ནང་ཞིང་འབྲོག་པའི་བུ་ཕྲུག་གི་ཁ་གསབ་རོགས་དངུལ་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་རོགས་དངུལ་སྒོར་དུང་ཕྱུར་3.52ཟིན་ནས་སློབ་མ་ཁྲི་11.80ལ་ཕན་པ་ཐོབ་པ་དང་། ཞིང་འབྲོག་ཁུལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཞུགས་གོང་གི་སློབ་གསོའི་སློབ་ཡོན་མི་དགོས་པའི་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་2.60ཟིན་ནས་སློབ་མ་ཁྲི་13.83ལ་ཕན་པ་ཐོབ་ཡོད།

གཉིས། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ།

འོས་འགན་སློབ་གསོའི་སློབ་མར་རོགས་དངུལ་སྒོར་དུང་ཕྱུར་21.04དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་136.24ལ་ཕན་པ་ཐོབ་ཡོད། དེའི་ནང་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་རོགས་དངུལ་སྒོར་དུང་ཕྱུར་16.25ཟིན་ནས་སློབ་མ་ཁྲི་44.62ལ་ཕན་པ་ཐོབ་པ་དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་1.39ཟིན་ནས་སློབ་མ་ཁྲི་48.02ལ་ཕན་པ་ཐོབ་པ། ཞིང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་3.40(རྒྱལ་ཁབ་ཀྱི་ཚོད་ལྟའི་ས་ཚིགས་ཀྱི་སྒོར་དུང་ཕྱུར་1.68དང་ས་གནས་ཀྱི་ཚོད་ལྟའི་ས་ཚིགས་ཀྱི་སྒོར་དུང་ཕྱུར་1.72)ཟིན་ནས་སློབ་མ་ཁྲི་43.60ལ་ཕན་པ་ཐོབ་ཡོད།

གསུམ། མཐོ་འབྲིང་དཀྱུས་མའི་སློབ་མའི་རོགས་དངུལ།

མཐོ་འབྲིང་དཀྱུས་མའི་སློབ་མའི་རོགས་དངུལ་སྒོར་དུང་ཕྱུར་3.29དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་12.44ལ་ཕན་པ་ཐོབ་ཡོད། དེའི་ནང་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་ཞུགས་རོགས་དངུལ་སྒོར་དུང་ཕྱུར་2.39ཟིན་ནས་སློབ་མ་ཁྲི་5.92ལ་ཕན་པ་ཐོབ་པ་དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་0.90ཟིན་ནས་སློབ་མ་ཁྲི་6.52ལ་ཕན་པ་ཐོབ་ཡོད།

བཞི། འབྲིང་རིམ་ལས་རིགས་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ།

འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མའི་རོགས་དངུལ་སྒོར་དུང་ཕྱུར་1.71དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་4.66ལ་ཕན་པ་ཐོབ་ཡོད། དེའི་ནང་ཞིང་འབྲོག་པའི་བུ་ཕྲུག་གི“འགན་ལེན་གསུམ”དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་གི་སློབ་རོགས་དངུལ་སྒོར་དུང་ཕྱུར་0.95ཟིན་ནས་སློབ་མ་ཁྲི་2.32ལ་ཕན་པ་ཐོབ་པ་དང་། སློབ་ཡོན་མི་དགོས་པའི་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་0.76ཟིན་ནས་སློབ་མ་ཁྲི་2.34ལ་ཕན་པ་ཐོབ་པ། རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྒོར་དུང་ཕྱུར་0.0017ཟིན་ནས་སློབ་མ་ཁྲི་0.0029ལ་བྱ་དགའ་སྤྲད་ཡོད།

ལྔ། མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་མའི་རོགས་དངུལ།

མཐོ་རིམ་སློབ་གསོའི་སློབ་མའི་རོགས་དངུལ་སྒོར་དུང་ཕྱུར་3.53དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་6.42ལ་ཕན་པ་ཐོབ་ཡོད། དེའི་ནང་དངོས་གཞིའི་ཚན་ཁག་དང་ཆེད་ཚན་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། རྒྱལ་ཁབ་ཀྱི་སྐུལ་ལྕག་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བཅས་སྒོར་དུང་ཕྱུར་0.25ཟིན་ནས་སློབ་མ་ཁྲི་1.22ལ་བྱ་དགའ་སྤྲད་པ་དང་། ཞིབ་འཇུག་སློབ་མའི་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་། སློབ་སྦྱོང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བཅས་སྒོར་དུང་ཕྱུར་0.21ཟིན་ནས་ཞིབ་འཇུག་སློབ་མ་ཁྲི་0.47ལ་བྱ་དགའ་སྤྲད་པ། དགེ་འོས་དང་དེ་བཞིན་ཞིང་འབྲོག་ནགས་ཆུ་བཅས་དང་ས་གཤིས་དང་གཏེར་ཁའི་རིགས་ཀྱི་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁ་གསབ་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་1.82ཟིན་ནས་སློབ་མ་ཁྲི་2.76ལ་ཕན་པ་ཐོབ་པ། དམག་སྐུལ་དང་ལེན་ཞུ་བཞིན་པའི་མཐོ་རིམ་སློབ་གྲྭའི་སློབ་མའི་རྒྱལ་ཁབ་སློབ་གསོའི་རོགས་དངུལ་སྒོར་དུང་ཕྱུར་0.0075ཟིན་ནས་སློབ་མ་ཁྲི་0.01ལ་རོགས་དངུལ་སྤྲད་པ། ཡིག་ཚགས་དང་གཱ་བཟོས་པའི་སློབ་ཆེན་སློབ་མའི“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སློབ་གསོའི་ཁ་གསབ་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་0.49ཟིན་ནས་སློབ་མ་ཁྲི་1.16ལ་རོགས་སྐྱོར་བྱས་པ། མཐོ་སློབ་སློབ་ཐོན་སློབ་མའི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་ཚབ་སྤྲོད་མ་དངུལ་སྒོར་དུང་ཕྱུར་0.75ཟིན་ནས་སློབ་མ་ཁྲི་0.66ལ་དངུལ་བུན་གསམ་སྤྲོད་དང་ཚབ་སྤྲོད་བྱས་པ། རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གྱི་སྐྱེད་གསམ་དང་ཉེན་ཁའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་0.004ཟིན་ནས་སློབ་མ་ཁྲི་0.14ལ་ཕན་པ་ཐོབ་ཡོད།

དྲུག ཕྱོགས་བསྡུས་རིགས་ཀྱི་སློབ་མའི་རོགས་དངུལ།

ཕྱོགས་བསྡུས་རིགས་ཀྱི་སློབ་མའི་རོགས་དངུལ་སྒོར་དུང་ཕྱུར་2.09དོན་འཁྱོལ་བྱས་ནས་སློབ་མ་མི་ཐེངས་ཁྲི་13.30ལ་རོགས་སྐྱོར་བྱས་ཡོད། དེའི་ནང་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱི་སློབ་གསོའི་སློབ་རོགས་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་0.08ཟིན་ནས་དགེ་སློབ་ཁྲི་0.30ལ་ཕན་པ་ཐོབ་པ་དང་། རིམ་ཁག་ས་གནས་སྲིད་གཞུང་གིས་སློབ་རོགས་མ་དངུལ་སྒོར་དུང་ཕྱུར་1.64བཏང་ནས་སློབ་མ་ཁྲི་3.30ལ་ཕན་པ་ཐོབ་པ། ལྗོངས་ཕྱི་ནང་གི་སློབ་ཆེན་དང་འབྲིང་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་དང་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མའི་སྨན་བཅོས་འགན་བཅོལ་སྲིད་ཇུས་མ་དངུལ་སྒོར་དུང་ཕྱུར་0.13ཟིན་ནས་སློབ་མ་ཁྲི་5.89ལ་ཕན་པ་ཐོབ་པ། སློབ་གྲྭའི་ནང་གི་རོགས་དངུལ་སྒོར་དུང་ཕྱུར་0.08ཟིན་ནས་སློབ་མ་ཁྲི་0.89ལ་ཕན་པ་ཐོབ་པ། སྤྱི་ཚོགས་ཀྱི་རོགས་དངུལ་སྒོར་དུང་ཕྱུར་0.16ཟིན་ནས་སློབ་མ་ཁྲི་2.92ལ་ཕན་པ་ཐོབ་ཡོད།

བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས།

2020ལོའི་ཟླ་4ཚེས་20ཉིན། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།