ཀྲུང་གོ་བོད་ཀྱི་དྲ་བ།

བགྲོད་སྐྱོད་འཛིན་ཡིག་གི་འགྲོ་ལུགས་བསྒྲུབ་ན་ཞིང་ལས་དོ་དམ་སྡེ་ཁག་ལ་ཇི་ལྟར་ཞུ་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.འཁོར་རྟགས་ལེན་ན་ཐོག་མར་རེའུ་མིག་ཁ་སྐོང་བ་དང་། སྒོར་མོ་སྤྲོད་པ། པར་ལེན་པ། ཨང་རྟགས་ལེན་པ་སོགས་ཀྱི་གོ་རིམ་བརྒྱུད་དགོས། ལག་སྐྱོར་འཁོར་ལོ་དང་ཞིང་འབྲེག་འཁོར་ལོ་ཐོ་འགོད་དུས། གཤམ་གྱི་ཆ་རྐྱེན་དག་ངེས་པར་ཚང་དགོས།

(1)ཞིང་ལས་འཕྲུལ་ཆས་སྐོར་མཁན་གྱི་ཐོབ་ཐང་དཔང་ཡིག་སྤྲད་དགོས།

(2)འཁོར་ལོ་ཉོ་སྐབས་ཀྱི་འཕྲོད་ཡིག་སྤྲད་དགོས།

(3)འཁོར་ལོའི་བཟོ་གྲྭའི་ཚད་ལྡན་དཔང་ཡིག་སྤྲད་དགོས།

(4)བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་འཁོར་ལོ་ཉོ་སྐབས་ཐོ་འགོད་བྱས་པའི་དཔང་ཡིག་སྤྲད་དགོས། ཞིང་ལས་འཕྲུལ་ཆས་དོ་དམ་སྡེ་ཁག་ལ་སྙན་ཞུ་བྱས་པའི་ཉིན་དེ་ནས་བཟུང་སྟེ་ཉིན5ནང་དུ་ཞིབ་བཤེར་བྱ་དགོས། གོང་གི་ཆ་རྐྱེན་མཐུན་ཚེ་ད་གཟོད་ཐོ་འགོད་དཔང་ཡིག་དང་འཁོར་རྟགས། བགྲོད་སྐྱོད་དཔང་ཡིག་སྟེར་ལ་དེ་དང་མི་མཐུན་ན་མི་སྟེར།

2.ལག་སྐྱོར་འཁོར་ལོ་དང་ཞིང་པའི་བེད་སྤྱོད་འཁོར་ལོ་གཤམ་གྱི་ཆ་རྐྱེན་དེ་དག་འཛོམ་ན་ཐོ་འགོད་བྱ་ཆོག

(1)བདག་དབང་ལ་འགྱུར་བ་བྱུང་བ།

(2)ཐོ་འགོད་ནང་དོན་བསྒྱུར་བཅོས་ཅན།

(3)གཞན་ལ་གཏའ་མར་བཞག་པ།

(4)བཀོལ་སྤྱོད་ནུས་པ་ཉམས་པ།

གཉེན་སྒྲིག་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ནི་ཅི་ཞིག་ཡིན།

གཉེན་སྒྲིག་བཅའ་ཁྲིམས་ལ་གཞི་རྩའི་རྩ་དོན་ལྔ་ཡོད་དེ། གཉེན་སྒྲིག་རང་དབང་ཡིན་པ། ཁྱོ་གཅིག་ཤུག་གཅིག་ཡིན་པ།ཕོ་མོ་འདྲ་མཉམ་ཡིན་པ། བུད་མེད་དང་བྱིས་པ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། འཆར་ལྡན་བུ་སྐྱེས་ལག་བསྟར་བྱེད་པ་བཅས་སོ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།