ཀྲུང་གོ་བོད་ཀྱི་དྲ་བ།

དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་ཉེས་ཆད་ཇི་ལྟར་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-03-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་རྡུང་རྡེག་ནན་མོ་གཏང་དགོས་ཤིང་། ཉེས་ཁྲིམས་སུ་དུག་རྫས་བཟོ་བ་དང་ལྐོག་འཚོང་བྱེད་པ། དབོར་བ། ཁྱེར་བ། སྤྱོད་པ། དེ་བཞིན་དུག་རྫས་འདེབས་འཛུགས་བྱེད་པ་སོགས་ཁྲིམས་འགལ་དུ་གཏན་ཁེལ་བྱས་ཡོད། དུག་རྫས་དང་འབྲེལ་བའི་ཁྲིམས་འགལ་བྱ་སྤྱོད་དུ་གཏོགས་པ་ནི།

1.ཉལ་ཐའི་སྡོང་བོ་500འམ་གཞན་པའི་དུག་རྫས་སྐྱེ་དངོས་འདེབས་འཛུགས་བྱེད་པ།

2.དུག་སེལ་བྱས་མེད་པའི་ཉལ་ཐ་སོགས་དུག་རྫས་སྐྱེས་དངོས་ཀྱི་ས་བོན་དང་མྱུ་གུ་འཚོང་བ་དང་དབོར་བ། ཁྱེར་བ། ཉར་བའི་བྱ་སྤྱོད།

 3.རྒྱ་མེན་གྱི་སྐོགས་པ་དབོར་བ་དང་ཉོ་འཚོང་། ཉར་བ། སྤྱོད་པའི་རིགས།

4.ཉལ་ཐ་དང་ཧེ་ལའོ་ཡན། ཅ་གཞི་པེན་པང་བཅས་ཁེ10མན་བསྟེན་པའམ་ཡང་ན་གཞན་པའི་དུག་རྫས་སྤྱོད་པ།

5.གཞན་ལ་དུག་རྫས་སྤྱོད་པ།

6.དུག་རྫས་རྔུབ་པ་དང་ཟ་བ།

7.སྨན་བཅོས་མཁན་ལ་འཇིགས་སྐུལ་དང་རྫུན་ལབ་ནས་བཟི་སྨན་སོགས་ལེན་པ།

8.མི་གཞན་ལ་བསླུ་བྲིད་དང་རྫུན་ལབ་ནས་དུག་རྫས་བསྟེན་དུ་འཇུག་པ་བཅས་ཡིན་ལ། དེ་ལས1པོ་ནས3པའི་བར་གྱི་བྱ་སྤྱོད་གང་བྱུང་ཡང་ཉིན10ཡི་ཡན་དང15མན་ལ་བཀག་ཉར་བྱ་དགོས་པར་མ་ཟད། སྒོར3000མན་གྱི་དངུལ་ཆད་གཅད་དགོས་ཤིང་། ཉེས་པ་ཚབས་ཆུང་ན་ཉིན5ཡི་མན་གྱི་བཀག་ཉར་རམ་ཡང་ན་སྒོར500ཡི་དངུལ་ཆད་གཅད་དགོས། དེ་ལས་དོན་ཚན4ནས་7བར་གྱི་བྱ་སྤྱོད་གང་བྱུང་ཡང་ཉིན10ཡི་ཡན་དང་ཉིན15མན་ལ་བཀག་ཉར་བྱ་དགོསཔར་མ་ཟད། སྒོར2000མན་གྱི་དངུལ་ཆད་གཅད་དགོས་ཤིང་། ཉེས་པ་ཚབས་ཆེན་ཆུང་ན་ཉིན5ཡི་མན་གྱི་དཀག་ཉར་རམ་ཡང་ན་སྒོར་500ཡི་དངུལ་ཆད་གཅོད་དགོས།

མི་གཞན་གྱི་བསླུ་བྲིད་དང་རྫིན་ལབ་ནས་དུག་རྫས་བསྟེན་དུ་བཅུག་པའི་བྱ་སྤྱོད་ལ་ཉིན10ཡི་ཡན་དང་ཉིན15ཡི་མན་གྱི་བཀག་ཉར་བྱ་དགོས་པ་མ་ཟད། སྒོར500ཡི་ཡན་དང་2000མན་གྱི་དངུལ་ཆད་གཅད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།