ཀྲུང་གོ་བོད་ཀྱི་དྲ་བ།

ཆ་རྐྱེན་གང་དག་ལྡན་ཚེ་གྲོས་མཐུན་གཉེན་འཐོར་བྱ་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གྲོས་མཐུན་གཉེན་འཐོར་ནི་དོ་བདག་ཕྱོགས་གཉིས་ཀའི་ཁྲིམས་ལུགས་ཀྱི་བྱ་སྤྱོད་ཅིག་སྟེ། གསར་དུ་བཟོས་པའི་གཉེན་སྒྲིག་བཅའ་ཁྲིམས་ཀྱི་དོན་ཚན31དང 《གཉེན་སྒྲིག་ཐོ་འགོད་དོ་དམ་སྲོལ་ཡིག》 གི་འབྲེལ་ཡོད་གཏན་ཁེལ་ལྟར་ན། གྲོས་མཐུན་གཉེན་འཐོར་བྱེད་དུས་ཅིས་ཀྱང་གཤམ་གསལ་གྱི་ཆ་རྐྱེན་གང་དག་ཚང་དགོས།

1.གྲོས་མཐུན་གཉེན་འཐོར་གྱི་སྐྱེས་པ་དང་བུད་མེད་གཉིས་ཀར་ངེས་པར་ཁྲིམས་མཐུན་བཟའ་ཚང་གི་ཐོབ་ཐང་ཡོད་དགོས།

2.གྲོས་མཐུན་གཉེན་འཐོར་གྱི་དོ་བདག་ཕྱོགས་གཉིས་ཀར་དམངས་དོན་བྱ་སྤྱོད་ཀྱི་ནུས་པ་ཡོད་དགོས།

3.གྲོས་མཐུན་གཉེན་འཐོར་གྱི་དོ་བདག་ཕྱོགས་གཉིས་ཀ་ངེས་པར་གཉེན་འཐོར་བྱེད་པར་ཁ་མཐུན་དགོས།

4..གྲོས་མཐུན་གཉེན་འཐོར་བྱེད་སྐབས་བུ་ཕྲུག་གསོ་སྐྱོང་དང་སློབ་གསོ་མྱོང་བའི་ཐད་ལ་ལུགས་མཐུན་གྱི་སྒོ་ནས་བཀོད་སྒྲིག་ལེགས་པོ་བྱ་དགོས་པ་མ་ཟད། ཕྱོགས་གཉིས་ཀ་གྲོས་མཐུན་ཡོང་དགོས།         

5.གྲོས་མཐུན་གཉེན་འཐོར་བྱེད་སྐབས་ངེས་པར་བཟའ་ཚང་སྤྱི་ལ་དབང་བའི་རྒྱུ་ནོར་འོས་འཚམ་གྱི་ངང་ནས་བགོ་བཤའ་ལེགས་པོ་བྱ་དགོས།

6.གྲོས་མཐུན་གཉེན་འཐོར་ངེས་པར་བཅའ་ཁྲིམས་དང་མཐུན་དགོས་ཤིང་། གོང་གསལ་གྱི་ཆ་རྐྱེན་དེ་དག་ལྡན་པའི་བཟའ་ཟླ་གཉི་ག་དངོས་སུ་གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་ཁུངས་སུ་སོང་སྟེ་གཉེན་འཐོར་འགྲོ་ལུགས་ཀྱི་ཐོ་འགོད་བྱས་རྗེས། གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་ཁུངས་ཀྱིས་གཉེན་སྒྲིག་དཔང་ཡིག་ཕྱིར་བླངས་ཏེ་གཉེན་འཐོར་དཔང་ཡིག་སྤྲད་ངེས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།