ཀྲུང་གོ་བོད་ཀྱི་དྲ་བ།

གནས་ཚུལ་ག་འདྲའི་འོག་མི་ཤུགས་བཀོལ་སྤྱོད་ལས་ཁོངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོ་ཆོག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱི«ངལ་རྩོལ་བཅའ་ཁྲིམས»ཀྱི་དོན་ཚན25པའི་གཏན་ཁེལ་ལྟར་ན། ངལ་རྩོལ་པར་གཤམ་གྱི་གནས་ཚུལ་གཅིག་ཡོད་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོས་ཆོག

1.ཚོད་ལྟའི་དུས་ཡུན་ནང་བསྡུ་ལེན་གྱི་ཆ་རྐྱེན་དང་མི་མཐུན་པ་བདེན་དཔང་བྱེད་པ།

2.ངལ་རྩོལ་སྒྲིག་ལམ་མམ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་སྒྲིག་སྲོལ་ལམ་ལུགས་དང་འགལ་བ་ཚབས་ཆེན་བཟོས་པ།

3.འགན་འཛོལ་ཚབས་ཆེན་བྱུང་བ་དང་། སྒེར་ཕན་གཡོ་ཟོལ་བྱས་ཏེ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ལ་གནོད་པ་ཚབས་ཆེན་བཟོས་པ།

4.ཁྲིམས་ལྟར་ཉེ་དོན་འགན་འཁྲི་བདའ་འདེད་བྱས་པ།

རང་རྒྱལ་གྱི«ངལ་རྩོལ་བཅའ་ཁྲིམས»ཀྱི་དོན་ཚན་26པའི་གཏན་ཁེལ་ལྟར་ན། གཤམ་གྱི་གནས་ཚུལ་གཅིག་ཡོད་ཚེ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱ་མེད་པར་བཟོ་ཆོག་མོད། འོན་ཀྱང་ཉིན་30ཡི་སྔོན་ལ་ཡིག་ཐོག་གི་རྣམ་པས་ངལ་རྩོལ་པ་རང་ཉིད་ལ་བརྡ་བརྒྱག་དགོས།

1.ངལ་རྩོལ་པར་ནད་བྱུང་བའམ་ཡང་ན་བྱ་བའི་ཆེད་མ་ཡིན་པའི་རྨས་སྐྱོན་ཕོག་སྟེ། སྨན་བཅོས་དུས་ཡུན་ལོངས་རྗེས། སྔོན་གྱི་བྱ་བ་གཉེར་མ་ཐུབ་ལ་མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་གཞན་ནས་བཀོད་སྒྲིག་བྱས་པའི་བྱ་བའང་གཉེར་མ་ཐུབ་པ།

2.ངལ་རྩོལ་པའི་བྱ་བའི་འགན་མ་ཐེག་ལ། ཟབ་སྤྱོང་དང་ལས་གནས་ལེགས་སྒྲིག་བྱས་རྗེས་ཀྱང་བྱ་བའི་འགན་མི་ཐེག་པ།

3.ངལ་རྩོལ་གན་རྒྱ་འཇོག་དུས་གཞི་འཛིན་སའི་གཞན་ངོས་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྔོན་གྱི་ངལ་རྩོལ་གན་རྒྱ་ལག་བསྟར་བྱ་ཐབས་མེད་པས། དོ་བདག་པས་གྲོས་བསྡུར་བྱས་ཏེ་གན་རྒྱ་བཅོས་བསྒྱུར་བྱས་ནའང་མ་ཆོག་པར་ངེས་པར་བཟོ་དགོས་ལ་དེར་གྲོས་མཐུན་ཡང་བྱུང་བ།

སྔོན་ལ་ངལ་རྩོལ་པུའུ་ཡི «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ངལ་རྩོལ་བཅའ་ཁྲིམས་ལག་ལེན་མཐར་འཁྱོལ་བྱེད་པའི་གནད་དོན་འགའི་བསམ་འཆར» གྱི་གཏན་ཁེལ་ལྟར་ན། ངལ་རྩོལ་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག་ཚེ། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་དོན་དངོས་དེར་དམིགས་ནས་ངལ་རྩོལ་པ་དེ་དང་ངལ་རྩོལ་གན་རྒྱ་མེད་པར་བཟོ་ཆོག 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།