ཀྲུང་གོ་བོད་ཀྱི་དྲ་བ།

བསམ་གཟས་ནས་མི་བསད་པའི་ནག་ཉེས་དང་དེའི་ཉེས་དོན་འགན་འཁྲི།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བསམ་གཟས་ནས་མི་བསད་པའི་ནག་ཉེས་ནི་བསམ་གཟས་ནས་ཁྲིམས་འགལ་སྒོས་མི་གཞན་གྱི་ཚེ་སྲོག་བཙན་འཕྲོག་བྱེད་པའི་བྱ་སྤྱོད་ལ་གོ  འདི་ནི་སྤྱི་དམངས་ཀྱི་མི་ལུས་ཁེ་དབང་ལ་གནོད་འཚེ་གཏོང་བའི་ནག་ཉེས་ཁྲོད་ཆེས་ཚབས་ཆེ་བའི་ནག་ཉེས་ཤིག་ཡིན།  

བསམ་གཟས་ནས་མི་བསད་པའི་ཉེས་དོན་འགན་འཁྲི་ལ《ཉེས་ཁྲིམས》ཀྱི་དོན་ཚན232པའི་གཏན་ཁེལ་ལྟར་ན།  “བསམ་གཟས་ནས་མི་བསད་པའི་ནག་ཉེས་བསགས་ཚེ་སྲོག་ཁྲིམས་སམ་ཚེ་བཙོན།  ཡང་ན་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་གཅད་དགོས”ཞེས་བཀོད་ཡོད།  ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་འགྲེལ་བཤད་ལྟར་ན།  གློ་བར་དུ་བྱུང་བའི་འགོས་ནད་སོགས་གནོད་འཚེ་བཀག་འགོག་བྱེད་དུས་མི་མང་འདུས་ནས་རྐུ་འཕྲོག་བཅོམ་གསུམ་བྱས་ཏེ་མི་བསད་ན་བསམ་གཟས་ནས་མི་བསད་པའི་ནག་ཉེས་ལྟར་ཁྲིམས་ཆད་གཅོད་པ་ཡིན། ’

རྩོམ་སྒྲིག་པ། : ཀླུ་མོ་མཚོ།