ཀྲུང་གོ་བོད་ཀྱི་དྲ་བ།

བུད་མེད་དང་བྱིས་པ་བསླུ་འཚོང་བྱེད་མཁན་ལ་ཉེས་ཆད་ཇི་ལྟར་གཅད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་རིགས་ལ་དུས་བཙོན་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་གཅད་རྒྱུ་དང་།   གཤམ་གསལ་གནས་ཚུལ་གང་རུང་ཡོད་པའི་རིགས་ལ་དུས་བཙོན་ལོ10ཡན་དང་ཚེ་བཙོན་གྱི་ཉེས་ཆད་གཅད་རྒྱུ་དང་།  ཉེས་ཚབས་ཧ་ཅང་ཆེ་བའི་རིགས་ལ་སྲོག་ཆད་གཅོད་པར་མ་ཟད།  རྒྱུ་ནོར་ཡང་གཞུང་བཞེས་བྱ་དགོས་ཏེ།

1.བུད་མེད་དང་བྱིས་པ་བསླུ་འཚོང་བྱེད་མཁན་གྱི་ཚོགས་གཙོ།

2.བུད་མེད་དང་བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱེད་མཁན་མི་གསུམ་ཡན་གྱི་རིགས།

3.བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་ལ་ལོག་གཡེམ་བྱས་པའི་རིགས།

4. བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་ལ་མགོ་སྐོར་བསླུ་བྲིད་དང་བཙན་ཤེད་ཀྱི་སྒོ་ནས་སྨད་འཚོང་བྱེད་དུ་བཅུག་པའམ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་གཞན་ལ་བཙོངས་ནས་དེར་བཙན་ཤེད་ཀྱིས་སྨད་འཚོང་བྱེད་དུ་བཅུག་པའི་རིགས།

5.བཙོང་བྱའི་དམིགས་ཡུལ་དུ་བཙོངས་ནས་དྲག་ཤུགས་དང་བཙན་ཤེད་ཀྱིས་བྱེད་ཐབས་སྤྱད་པའམ་སྤྲིད་པར་བྱེད་པའི་ཐབས་ཤེས་ལ་བརྟེན་ནས་བུད་མེད་དང་བྱིས་པ་བཙན་ཁྲིད་བྱས་པའི་རིགས།

6.བཙོང་བྱའི་དམིགས་ཡུལ་དུ་བཟུང་ནས་ཕྲུ་གུ་དམར་འབྱར་དང་བྱིས་པ་རྐུས་ཁྱེར་བྱེད་པའི་རིགས།

7.བསླུ་བྲིད་དང་གཡོ་འཚོང་བྱས་པའི་བུད་མེད་དང་བྱིས་པའམ་དེ་དག་གི་གཉེན་ཉེར་རྨས་སྐྱོན་ཆེན་པོ་བཏང་བ་དང་ཤི་སྐྱོན་ནམ་དེ་མིན་གྱི་ངན་འབྲས་ཚབས་ཆེན་བཟོས་པའི་རིགས།

8.བུད་མེད་དང་བྱིས་པ་རྒྱལ་ཁབ་ཀྱི་མངའ་ཁོངས་ལས་ཕྱིར་བཙོང་བ་དམིགས་ཡུལ་དུ་འཛིན་པ་སྟེ།  བུད་མེད་དང་བྱིས་པ་མགོ་སྐོར་བསླུ་བྲིད་དང་བཙན་ཁྲིད།  བསླུ་ཉོ།   ལྐོག་འཚོང་།  བསུ་སྐྱེལ།   ལམ་བར་བརྒྱུད་སྤྲོད་བཅས་ཀྱི་བྱས་ཉེས་ལས་རིགས་གཅིག་ཡོད་པ་ལ་ཟེར། ’

རྩོམ་སྒྲིག་པ། : ཀླུ་མོ་མཚོ།