རང་རྒྱལ་གྱི་ཉེས་ཁྲིམས་གསར་བའི་ཁྲོད་གཏན་ཁེལ་བྱས་པ་ལྟར་ན། བཟའ་འཐོར་རྗེས་སུ་སྐྱེས་པས་སྔོན་གྱི་ཆུང་མར་གཤམ་གསལ་གྱི་ཉེས་པ་དག་བསྐྱར་སྤེལ་བྱས་ཚེ། ཉེས་ཁྲིམས་ཁྲོད་འཁྲུག་རྐྱེན་དང་ཟིང་ཆ་བསླངས་པའི་ཉེས་པ་ཞེས་ཉེས་མིང་ཐོགས་པར་མ་ཟད། ལོ5མན་གྱི་དུས་བཀག་བཙོན་འཇུག་བྱ་ཆོག་ལ། ཡང་ན་དུས་ཐུང་བཙོན་འཇུག་དང་བཀག་ཉར་བྱ་ཆོག
1.གང་འདོད་གྱི་གཞན་ལ་གཅར་རྡུང་བྱེད་པའི་གནས་ཚུལ་གདུག་རྩུབ་ཅན།
2.གཞན་གྱི་རྗེས་འདེད་པ་དང་ལམ་འགོག་པ། དམོད་མོ་བྱེད་པའི་གནས་ཚུལ་གདུག་རྩུབ་ཅན།
3.གཞུང་སྒེར་གྱི་རྒྱུ་ནོར་བཙན་ཤེད་དང་ཨུ་ཚུགས་ཀྱིས་ཁྱེར་བ་དང་། གང་འདོད་སྒོས་ཆག་གྲུམ་བཟོ་བའམ་ཡང་ན་བདག་བཟུང་བྱེད་པའི་གནས་ཚུལ་ཚབས་ཆེན།
4.མི་མང་བོ་འདུས་ནས་འུར་བརྒྱབ་པ་དང་ཟིང་ཆ་བསླངས་ཏེ་སྤྱི་སྤྱོད་ར་བའི་སྒྲིག་ལམ་རྙོག་འཛིང་དང་འུར་ཟིང་དུ་བཏང་པ།
གོང་གི་བཅའ་ཁྲིམས་ལྟར། གཉེར་འཐོར་བྱས་རྗེས་སྐྱེས་པས་སྔོན་གྱི་ཆུང་མར་བརྙས་བཅོས་དང་ཟིང་ཆ་ཚབས་ཆེན་བསླབས་ཚེ། གནོད་འཁེལ་བུད་མེད་རྣམས་ཀྱིས་འཕྲལ་མར་ཁྲིམས་འཛིན་ལས་ཁུངས་ལ་གཏུག་བཤེར་བྱ་ཆོག་ལ། མི་དམངས་ཁྲིམས་ཁང་གིས་ཁྱིམ་དོན་དུ་བརྩིས་ནས་སྣང་མེད་དུ་བསྐྱུར་མི་ཆོག
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བཟའ་འཐོར་བྱས་རྗེས་སྔོན་གྱི་ཆུང་མར་བརྙས་བཅོས་བྱས་ཚེ་ཇི་ལྟར་བྱ།