ཀྲུང་གོ་བོད་ཀྱི་དྲ་བ།

ཉེས་ཁྲིམས་ལས་ཉེས་དོན་འགན་འཁྲིའི་ལོ་ན་ལ་གཏན་ཁེལ་ག་འདྲ་བྱས་ཡོད་དམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཉེས་དོན་འགན་འཁྲིའི་ལོ་ན་ནི། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་བྱ་སྤྱོད་སྤེལ་མཁན་གྱིས་རང་གི་ནག་ཉེས་བྱ་སྤྱོད་ལ་ཉེས་དོན་འགན་འཁྲི་འཁུར་བར་ངེས་པར་དུ་ཐོན་དགོས་པའི་ལོ་ན་ལ་ཟེར།  རང་རྒྱལ་གྱི་«ཉེས་ཁྲིམས»ཀྱི་དོན་ཚན17 པའི་ནང་ཉེས་དོན་འགན་འཁྲིའི་ལོ་ན་ལ་འདི་ལྟར་གཏན་ཁེལ་བྱས་ཡོད་དེ།  “ལོ་ན17ལ་སོན་པའི་མིས་ཉེས་སྐྱོན་བཟོས་ན་ཉེས་དོན་འགན་འཁྲི་འགན་འཁུར་དགོས།  ལོ་ན14ལ་སོན་པ་དང་ལོ་ན17ལ་མ་སོན་པའི་མིས་བསམ་བཞིན་དུ་མི་ལ་གནོད་འཚེ་བཏང་ནས་རྨས་སྐྱོན་ལྗིད་མོ་བཏང་བའམ་ཤི་རྨས་ཐེབས་པ།  བཙན་གཡེམ་བྱས་པ།  བཙན་འཕྲོག  དུག་རྫས་ཉོ་འཚོང་བྱེད་པ།  མེར་གཏོང་བ།  འགད་རྫས་བཀད་པ།  དུག་འཕེན་པ་བཅས་ཀྱི་ནག་ཉེས་བཟོས་ན།  དེ་ལ་ཉེས་དོན་འགན་འཁྲི་འཁུར་དགོས།  ལོ་ན14ལ་སོན་པ་དང་ལོ་ན18ལ་མ་སོན་པའི་མིས་ནག་ཉེས་བཟོས་ན་ཉེས་ཆད་ཇེ་ཡང་ངམ་ཡང་ན་ཇེ་ཉུང་དུ་གཏོང་དགོས།  ལོ་ན17ལ་མ་སོན་པའི་མི་ཡིན་ན་ཉེས་ཆད་མི་གཅོད་པར་མི་དེར་ལྟ་སྐྱོང་བྱེད་མཁན་ལ་སློབ་གཅུན་བྱེད་པ་དང་།  དགོས་ངེས་ཀྱི་སྐབས་སུ་སྲིད་གཞུང་གིས་བཀག་ཉར་བྱས་ནས་སློབ་གསོ་གཏང་དགོས།”ཞེས་བཀོད་ཡོད།  འདིར་བཤད་པའི“སོན”དང“མ་སོན”ཞེས་པ་ནི་ཚང་མ་སྤྱི་རྩིས་ལྟར་བརྩིས་པ་ཡིན།  ཟླ་ཁ་ཤས་སམ་ཡང་ན་ཉིན་ཁ་ཤས་ཀྱིས་མ་ལོན་ནའང་“སོན”དང“མ་སོན”ཞེས་པའི་ཐ་སྙད་སྦྱར་མི་ཆོག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།