ཀྲུང་གོ་བོད་ཀྱི་དྲ་བ།

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་སྐོར་གྱི་སྲོལ་ཡིག

ཡོང་ཁུངས། : རྔ་བའི་གསར་འགྱུར་དྲ་བ།     སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༢༠༡༤ལོའི་ཟླ་དང་བོའི་ཚེས་༩ཉིན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམས་བྱུང་བ་དང་།   ༢༠༡༤ལོའི་ཟླ༣ཚེས་༢༠ཉིན་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཆོག་མཆན་བཀོད་པ།

ལེའུ་དང་བོ།  སྤྱིའི་རྩ་དོན་སྐོར།
       དོན་ཚན་དང་བོ།  རང་ཁུལ་མངའ་ཁོངས་ནང་གི་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལ་ཤུགས་ཆེན་སྣོན་ཞིང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་ཕན་ལྡན་དང་བདེ་སྤྱོད་ལུགས་མཐུན་བྱེད་པའི་ཆེད་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《མཛེས་ལྗོངས་གྲགས་ཅན་ས་ཁུལ་སྐོར་གྱི་སྲོལ་ཡིག》།  《སི་ཁྲོན་ཞིང་ཆེན་གྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་སྐོར་གྱི་སྲོལ་ཡིག》། 《རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》སོགས་  བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་བ་  དང་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར་རྒྱུ)གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
       དོན་ཚན་གཉིས་པ།  རང་སྐྱོང་ཁུལ་མངའ་ཁོངས་ནང་ནང་གི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་གསར་འཛུགས།  འཆར་འགོད།  སྲུང་སྐྱོང་།  འཛུགས་སྐྲུན།  བེད་སྤྱོད།  དོ་དམ་བཅས་བྱེད་པའི་ཐད་ལ་སྲོལ་ཡིག་འདི་སྤྱོད་དགོས།
       དོན་ཚན་གསུམ་པ།  སྲོལ་ཡིག་འདིའི་ནང་ཟེར་བའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་གཅིག་འདུས་ཡིན་པ་དང་།  རང་བྱུང་གི་ཁོར་ཡུག་མཛེས་ཤིང་གཞི་ཁྱོན་དང་ལྗོངས་སྐོར་གྱི་ཆ་རྐྱེན་ངེས་ཅན་ལྡན་པས།  རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་ཡོངས་བསྒྲགས་བཏང་བ་དང་།  རྒྱ་ཁྱོན་གཏན་ཁེལ་བྱས་ནས་མི་རྣམས་ལ་ལྟ་སྐོར་ལ་འགྲོ་ས་དང་སྤྲོ་གསེང་གཏོང་ས།  ཚན་རིག་དང་རིག་གནས་བྱེད་སྒོ་སྤེལ་ས་བཅས་སུ་བཏོན་པའི་གནས་ཡུལ་དང་ས་ཁམས་ཡིན།
       སྲོལ་ཡིག་འདིའི་ནང་ཟེར་བའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ནི་ལྟ་སྐོར་གྱི་རིན་ཐང་ལྡན་པ་དང་རིག་གནས་དང་ཚད་རིག་གི་རིན་ཐང་ལྡན་པའི་གཙང་བོ་དང་མཚོ་མཚེའུ།  རྦབ་ཆུ།  རི་བོ།  བྲག་ཕུག  ས་ཡོམ་རྗེས་ཤུལ།  དམིགས་བསལ་གྱི་ས་གཤིས་ས་དབྱིབས།  ནགས་ཚལ་སྔོ་ཁེབས།  རློན་ས།  རི་སྐྱེས་སྲོག་ཆགས།  བར་སྣང་གནམ་གཤིས་སོགས་ལས་གྲུབ་པའི་རང་བྱུང་མཛེས་ལྗོངས་དང་།  རིག་རྫས་གནའ་ཤུལ།  ལོ་རྒྱུས་ཐོག་གི་རྗེས་འདྲ་འོས་པའི་ས་ཆ།  གསར་བརྗེའི་དམར་མདངས་རིག་གནས།  གནའ་བོའི་རིག་གནས་ཤུལ་རྒྱུན།  སྲོལ་རྒྱུན་ལྡན་པའི་གྲོང་སྡེ།  སྐྱེད་ཚལ།  རྩིག་བཟོས།  ཆོས་ལུགས་སྤེལ་ས་ལ་སོགས་པའི་མིས་བཟོས་རིག་གནས་མཛེས་ལྗོངས་དང་དེ་དག་གནས་སའི་ཡུལ་གྲུ་ནང་གི་ཡུལ་སྲོལ་གོམས་གཤིས་སོགས་ཡིན།
       དོན་ཚན་བཞི་བ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དེ་ཚན་རིག་གི་འཆར་འགོད་དང་གཅིག་གྱུར་དོ་དམ།  གཟབ་ནན་སྲུང་སྐྱོང་།  ལུགས་མཐུན་འཛུགས་སྐྲུན།  ཡུན་རིང་བེད་སྤྱོད་བཅས་བྱེད་པའི་རྩ་དོན་ལག་ལེན་བྱེད་དགོས།
       དོན་ཚན་ལྔ་བ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་ གཞུང་གིས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་སྐྲུན་ཀྱི་ལས་ཀ་ཡོངས་ལ་འགོ་ཁྲིད་བྱེད་པར་ཤུགས་ཆེན་སྣོན་དགོས་ལ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུ་དེ་ས་གནས་དེ་གའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་འགོད་ནང་དུ་འཇོག་དགོས་པ་དང་།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་པ།  འཆར་འགོད།  འཛུགས་སྐྲུན།  སྲུང་སྐྱོང་།  བེད་སྤྱོད།  དོ་དམ་བཅས་བཅས་བྱེད་པའི་ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེནདག་མཐུན་སྦྱོར་དང་ཐག་གཅོད་བྱེད་པ་མ་ཟད།  དེ་ལ་མཁོ་བའི་འགྲོ་གྲོན་དེ་རིམ་པ་དེ་གའི་ནོར་སྲིད་ཀྱི་སྔོན་རྩིས་ནང་དུ་འཇོག་དགོས།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་སྐྲུན་ཀྱི་རྣམ་གྲངས་དེ་ས་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་གྲས་སུ་བཞག་སྟེ་ལྷན་དུ་ཞུ་འརྗལ་བྱེད་དགོས། 
       ཡུལ་ཚོ་དང་གྲོང་རྡལ་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱས་པའི་འགན་འཁྲི་ལྟར་གོང་རིམ་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་བཅས་ལ་རམ་འདེགས་བྱས་ནས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འབྲེལ་ཡོད་ལས་ཀ་ལེགས་པོར་བསྒྲུབ་དགོས།
       དོན་ཚན་དྲུག་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ནི་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་གཙོ་ གཉེར་བྱེད་པའི་སྡེ་ཁག་ཡིན་པས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་ལ་ཕྱོགས་བསྡུས་མཐུན་སྦྱོར་དང་ འཆར་འགོད་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལས་འགན་ཁུར་དགོས།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གཞན་དག་གིས་ཁྲིམས་ལྟར་རང་རང་སོ་སོའི་ལས་འགན་བསྒྲུབས་ཏེ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་ལ་ལྟ་སྐུལ་དོ་དམ་བྱེད་པའི་འབྲེལ་ཡོད་ལས་ཀ་ལེགས་པོར་བསྒྲུབ་དགོས།
       དོན་ཚན་བདུན་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་རིམ་གྲས་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་འཛུགས་དགོས་ལ།  དེས་མཛེས་ལྗོངས་གྲགས་ཅན་ས་ཁུལ་སྲུང་སྐྱོང་དང་འཆར་འགོད།  འཛུགས་སྐྲུན།  བེད་སྤྱོད།  དོ་དམ་བཅས་བྱེད་པའི་ལས་འགན་ཕྲ་ཞིབ་སྒྲུབ་འགན་འཁུར་དགོས།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ ཁྲིམས་དང་ཁྲིམས་སྲོལ་ལས་འགན་དབང་སྤྲད་པའམ་རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་མངག་བཅོལ་བྱས་པ་དང་དུ་བླངས་ཏེ་འབྲེལ་ཡོད་ཀྱི་སྲིད་འཛིན་དོ་དམ་འགན་དབང་བསྒྲུབ་དགོས།  
       རང་སྐྱོང་ཁུལ་མངའ་ཁོངས་ནང་གི་མཛེས་ལྗོངས་གྲགས་ཅན་ས་ཁུལ་དེ་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་མཉམ་དུ་དོ་དམ་བྱེད་པའི་ལམ་ལུགས་བསྟར་དགོས་ལ།  རྫོང་རིམ་དང་ཡང་ན་རྫོང་རིམ་གཞོན་པའི་དོ་དམ་ལས་ཁུངས་བཙུགས་པ་དེ་ཁུལ་གྱིས་དོ་དམ་གཙོ་བོར་བྱེད་རྒྱུ་དང་།  རྫོང་རིམ་མན་གྱི་དོ་དམ་ལས་ཁུངས་བཙུགས་པ་དེ་རྫོང་གིས་དོ་དམ་གཙོ་བོར་བྱེད་དགོས།  
       དོན་ཚན་བརྒྱད་པ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ལ་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་པ་ཡིན་པས།  ལས་ཁུངས་གང་ དང་མི་སྒེར་སུ་ཞིག་ལའང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་སྒྲིག་ཆས་སྲུང་སྐྱོང་བྱེད་པའི་འོས་འགན་ཡོད་པ་མ་ཟད།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་སྒྲིག་ཆས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ཐེར་འདོན་གོང་ཞུ་དང་དེར་བཀག་འགོག་བྱེད་པའི་དབང་ཆ་ཡང་ཡོད།  
       རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་ངམ་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་པ་དང་འཆར་འགོད།  འཛུགས་སྐྲུན།  སྲུང་  སྐྱོང་།  བེད་སྤྱོད།  དོ་དམ་བཅས་བྱེད་པའི་ཁྲོད་གྲུབ་འབྲས་མངོན་གསལ་ཆེ་བ་གྲུབ་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྟེར་དགོས།

ལེའུ་གཉིས་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་པའི་སྐོར།
       དོན་ཚན་དགུ་བ།  རང་སྐྱོང་ཁུལ་གྱི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་ནང་བཞག་པའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དེ།  ལྟ་སྐོར་བྱེད་ས་དང་རིག་གནས་དང་ཚན་རིག་རྟོག་ཞིབ་བཅས་ཀྱི་རིན་ཐང་དང་ཁོར་ཡུག་སྤུས་ཚད།  གཞི་ཁྱོན་ཆེ་ཆུང་།  ལྗོངས་སྐོར་ཆ་རྐྱེན་ལ་སོགས་པའི་རྒྱུ་རྐྱེན་ལ་གཞིགས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ།  ཁུལ་རིམ་པ་བཅས་ཀྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་རྒྱུའི་ཞུ་འརྗལ་བྱེད་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་ཡིན་པའི་ཞིབ་བཤེར་ ཆོག་མཆན་བཀོད་དེ་མིང་བཏགས་རྗེས།  དེའི་མིང་ནི་རང་བསམ་གྱིས་བསྒྱུར་བ་དང་བཅོས་མི་ཆོག  གལ་ཏེ་བསྒྱུར་དགོས་ན།  སྔ་མའི་ཞིབ་བཤེར་ཆོག་མཆན་ལས་ཁུངས་ལ་ཆོག་མཆན་འགོད་རྒྱུར་ཞུས་ནས་མིང་གསར་དུ་འདོགས་ཁ་འཇུག་དགོས། 
       དོན་ཚན་བཅུ་བ།  ཁུལ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་བཙུགས་ན།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རེ་ཞུས་འདོན་དགོས་ལ།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་ཁུལ་གྱི་འབྲེལ་ཡོད་སྲིད་འཛིན་དོ་དམ་གཙོ་གཉེར་ལས་ཁུངས་དང་མཉམ་དུ་རིགས་པའི་ཁུངས་སྐྱེལ་གྱི་ལས་ཀ་སྒྲིག་འཛུགས་བྱས་ཏེ་ཞིབ་བཤེར་གྱི་བསམ་འཆར་བཏོན་ཏེ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་ཆོག་མཆན་ཡོངས་བསྒྲགས་བྱེད་པར་ཞུ་འརྗལ་བྱེད་དགོས།
       རྫོང་གི་སྲིད་འཛིན་མངའ་ཁོངས་ལས་བརྒལ་བའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་དགོས་ན།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ཀྱི་རྫོང་མི་དམངས་སྲིད་གཞུང་ལ་ཞུ་འརྗལ་གྱི་ལས་འགན་ཁུར་དུ་འཇུག་དགོས།  
       རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་ས་ཆ་དེ་གའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཀྱི་ཁྱད་ཆོས་དང་ལྗོངས་སྐོར་ཆ་རྐྱེན་གཞིར་བཟུང་ནས་ལྗོངས་ཁུལ་དང་ལྗོངས་ཚིགས་འཛུགས་དགོས།
       དོན་ཚན་བཅུ་གཅིག་པ།  སྲོལ་ཡིག་འདིའི་དོན་ཚན་གསུམ་པ་དང་དོན་ཚན་དགུ་བའི་གཏན་འབེབས་དང་མཐུན་པའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དེ།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་འཆར་འགོད་ཀྱི་བླང་བྱ་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་ གྲས་སུ་འཇོག་པའི་ཞུ་འབུལ་བྱེད་དགོས།
       དོན་ཚན་བཅུ་གཉིས་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ས་ཞིང་དང་ནགས་ཚལ་ལ་སོགས་པའི་རང་བྱུང་ཐོན་ཁུངས་དང་ཁང་བ་སོགས་རྒྱུ་རྫས་ཀྱི་བདག་དབང་ཡོད་པའི་མི་དང་བེད་སྤྱོད་བྱེད་དབང་ཡོད་པའི་མི་ཡི་ཁྲིམས་མཐུན་ཁེ་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་རྒྱུ།  
       མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་པའི་དབང་གིས་ས་ཞིང་དང་ ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་དང་ཁང་བ་སོགས་རྒྱུ་རྫས་བདག་དབང་ཡོད་པའི་མི་དང་རྒྱུ་རྫས་བེད་སྤྱོད་བྱེད་དབང་ཡོད་པའི་མི་ལ་གྱོང་གུན་བཟོས་ན།  ཁྲིམས་ལྟར་སྐྱིན་ཚབ་འཇལ་དགོས།
       རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་རྒྱུའི་རེ་ཞུས་མ་ཕུལ་གོང་།  མཛེས་ ལྗོངས་གྲགས་ཅན་ས་ཁུལ་འཛུགས་གྲབས་ཡིན་པའི་ས་ཆའི་ནང་གི་ས་ཞིང་དང་ནགས་ཚལ་སོགས་རང་བྱུང་ཐོན་ཁུངས་དང་ཁང་བ་སོགས་རྒྱུ་རྫས་བདག་དབང་ཡོད་པའི་མི་དང་རྒྱུ་རྫས་བེད་སྤྱོད་བྱེད་དབང་ཡོད་པའི་མི་ལ་གྲོས་མོལ་གང་ལེགས་བྱས་ནས།  མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་གྲབས་ཀྱི་འཆར་གཞི་དེ་སྤྱི་ ཚོགས་ལ་ཡོངས་བསྒྲགས་བྱས་ནས་ཆེད་མཁས་དང་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་ལ།  ཡོངས་བསྒྲགས་བྱེད་ ཉིན་དེ་ཉིན་༣༠ལས་ཉུང་མི་ཆོག

ལེའུ་གསུམ་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་འཆར་འགོད་སྐོར།
       དོན་ཚན་བཅུ་གསུམ་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གྱི་འཆར་གཞི་དང་ས་ཞིང་བེད་སྤྱོད་བྱེད་པའི་སྤྱི་ཁྱབ་འཆར་གཞི།  གྲོང་ཁྱེར་དང་ཡུལ་གྲོང་འཛུགས་སྐྲུན་གྱི་སྤྱི་ཁྱབ་འཆར་གཞི་རྣམས་བཟོ་འགོད་བྱེད་པའི་ཁྲོད།  ས་ཆ་དེ་གའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པར་འདང་གང་ལེགས་རྒྱག་དགོས།  འགྲིམ་འགྲུལ་དང་འཕྲིན་གཏོང་།  ཆུ་དང་གློག་མཁོ་འདོན།  ཁོར་ཡུག་སྲུང་སྐྱོང་ལ་སོགས་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་དེ་ས་ཆ་དེ་གའི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་འཆར་འགོད་དང་མཐུན་འཚམ་ཡོང་བ་བྱ་དགོས།
       དོན་ཚན་བཅུ་བཞི་བ།  རང་སྐྱོང་ཁུལ་གྱི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རང་སྐྱོང་ཁུལ་གྱི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཡོངས་བཤེར་དང་ལེགས་འདེམ།  རིགས་བགོས།  རིན་ཐང་དཔྱད་དཔོག་བཅས་བྱེད་དགོས་པ་དང་།  རང་སྐྱོང་ཁུལ་མངའ་ ཁོངས་ནང་གི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་བཟོ་འགོད་ཀྱི་ལས་ཀ་སྒྲིག་འཛུགས་བྱས་ནས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས།
       རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས་རྫོང་ཁོངས་ནང་གི་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་ནང་གི་ཡན་ལག་འཆར་གཞི་བཟོ་འགོད་བྱེད་དགོས།
       མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་གི་འཆར་འགོད་ལ་གཤམ་གསལ་གྱི་ནང་དོན་འཛོམས་དགོས་པ་སྟེ།
       (གཅིག) མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཁྱབ་ཚུལ་དང་རིགས་སྣ་ཁའི་ཁྱད་ཆོས།  ལྟ་འོས་རང་བཞིན།  ཚན་རིག་དང་རིག་གནས་ཀྱི་རིན་ཐང་བཅས་ལ་གདེང་འཇོག་བྱེད་དགོས་པ་དང་།
       (གཉིས) སྲུང་སྐྱོང་དང་བེད་སྤྱོད་བྱེད་པའི་སྤྱི་ཁྱབ་བླང་བྱ་དང་དམིགས་ཚད།  ཐབས་ཤེས།  སྲུང་སྐྱོང་འགན་འཁྲི་བཅས་གསལ་བོར་འདོན་དགོས། 
       (གསུམ) མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་གྲབས་ས་ཁུལ་ཀྱི་རིམ་གྲས་དང་ཁྱབ་ཁོངས།  ངོ་བོ།  དུས་རིམ།  འཛུགས་སྐྲུན་ཐད་བཀག་འགོག་དང་ཚོད་འཛིན་བྱེད་དགོས་ས་བཅས་གསལ་བོར་བརྗོད་དགོས།
       (བཞི) འབྲེལ་ཡོད་འཆར་འགོད་དང་བར་གྱི་འབྲེལ་བ་མཐུན་སྦྱོར་བྱ་དགོས། 
       དོན་ཚན་བཅོ་ལྔ་བ།  རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་དེ་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་མཉམ་དུ་སྒྲིག་འཛུགས་བྱས་ནས་བཟོ་འགོད་བྱེད་དགོས་ལ།  དེའི་སྤྱི་ཁྱབ་འཆར་འགོད་དེ་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་པ་བརྒྱུད།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་བྱེད་རྒྱུར་ཡར་ཞུ་འབུལ་དགོས་པ་མ་ཚད།  གཏན་འབེབས་བྱས་པའི་གོ་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས་པ་དང་།  འཆར་འགོད་ཞིབ་གསལ་དེ་གཏན་འབེབས་བྱས་པའི་གོ་རིམ་ལྟར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས། 
       ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་དེ་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བཟོ་འགོད་བྱེད་དགོས་ལ།  ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་སྤྱི་ཁྱབ་འཆར་འགོད་དེ་རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་རྗེས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་བྱེད་རྒྱུར་ཡར་ཞུ་འརྗལ་དགོས་པ་མ་ཟད།  གཏན་འབེབས་བྱས་པའི་གོ་རིམ་ལྟར་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས།  ཞིང་ཆེན་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ཞིབ་གསལ་འཆར་འགོད་དེ་གཏན་འབེབས་བྱས་པའི་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས།  ཁུལ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་དེ་རྫོང་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བཟོ་འགོད་བྱེད་དགོས་ལ།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས།  
       དོན་ཚན་བཅུ་དྲུག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་སྤྱི་ཁྱབ་འཆར་འགོད་དེ་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཀྱི་ཁྱད་ཆོས་དང་བེད་སྤྱོད་བླང་བྱར་གཞི་འཛིན་དགོས་པ་དང་།  རྒྱལ་ཁབ་ཀྱི་ཚད་གཞི་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་ལ་རིགས་སྣ་ཁ་བགོ་བ་དང་རིམ་གྲས་བགོས་ཏེ་སྲུང་སྐྱོང་བྱེད་རྒྱུའི་ས་ཁུལ་དང་ཕྱི་སྐོར་གྱི་སྲུང་སྐྱོང་ས་རྒྱུད་བགོ་དགོས་པ་དང་།  རིམ་གྲས་བགོས་ནས་སྲུང་སྐྱོང་བྱེད་པའི་ཐད་བཀག་འགོག་གི་གཏན་འབེབས་དང་ཚོད་འཛིན་དམིགས་ཚད་འདོན་དགོས་པ་དང་།  བེད་སྤྱོད་བྱེད་པའི་འཁྲེགས་ཚད་ཡང་གསལ་བོར་བཏོན་ནས།  སྲུང་སྐྱོང་བྱེད་པའི་བླང་བྱ་དང་སྲུང་སྐྱོང་བྱ་ཡུལ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ཞིབ་གསལ་འཆར་འགོད་བཟོ་འགོད་བྱེད་པའི་ཁྱབ་ཁོངས་བཅས་གསལ་བོར་འདོན་དགོས་པ་མ་ཟད།  རིམ་པ་འདྲ་བའི་འཆར་འགོད་གཞན་དག་དང་ཕན་ཚུན་མཐུད་འབྲེལ་བྱེད་དགོས།  
       དོན་ཚན་བཅུ་བདུན་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ཁྱབ་ཁོངས་ནང་གི་ཡུལ་ཚོ་གྲོང་རྡལ་དང་གྲོང་ཚོར་ཁྲིམས་ལྟར་འཛུགས་སྐྲུན་འཆར་གཞི་བཟོ་འགོད་བྱེད་དགོས།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ཞིབ་གསལ་འཆར་གཞི་ཁེལ་མེད་པའི་ཡུལ་ཚོ་གྲོང་རྡལ་དང་གྲོང་ཚོ་དག  རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གིས་འཆར་གཞི་བཟོ་འགོད་དང་འཆར་གཞི་ལག་བསྟར་བྱེད་པའི་གཙོ་སྐྱོང་ལས་ཁུངས་གཏན་འབེབས་བྱེད་དགོས།  
       མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ཞིབ་གསལ་འཆར་འགོད་ཁྱབ་ཁོངས་ནང་གི་ཡུལ་ཚོ་གྲོང་རྡལ་དང་གྲོང་ཚོའི་འཆར་འགོད་ལག་ལེན་བྱེད་པའི་འགན་འཁུར་དགོས།  
       དོན་ཚན་བཅོ་བརྒྱད་པ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མ་ལག་འཆར་འགོད་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལ་ཁྲིམས་ལྟར་ཆོག་མཆན་བཀོད་པ་ཐོབ་ཕྱིན།  ལས་ཁུངས་གང་དང་མི་སྒེར་སུ་ཞིག་གིས་ཀྱང་རང་བསམ་གྱིས་བསྒྱུར་བཅོས་བྱེད་མི་ཆོག  དགོས་ངེས་དངོས་སུ་ཡོད་པའི་དབང་གིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་སྤྱི་ཁྱབ་འཆར་འགོད་ནང་གི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ཁྱབ་ཁོངས་དང་ངོ་བོ།  སྲུང་སྐྱོང་བྱེད་ས།  སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་ཐབས།  གནད་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁྱབ་ཚུལ་བཀོད་སྟངས།  གསར་སྤེལ་བེད་སྤྱོད་བྱེད་ཚད།  དེ་མིན་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་བྱེད་ནུས་གྲུབ་སྟངས་དང་བར་སྣང་གི་ཁྱབ་ཚུལ་བཀོད་སྟངས་སོགས་ལ་བཟོ་བཅོས་བྱེད་དགོས་ན།  ཐོག་མའི་ཞིབ་མཆན་བཀོད་པའི་ལས་ཁུངས་ལ་ཞིབ་བཤེར་ཆོག་མཆན་འགོད་རྒྱུར་ཞུ་འརྗལ་བྱེད་དགོས།  ནང་དོན་གཞན་དག་ལ་བཟོས་བཅོས་བྱེད་ དགོས་ན།  ཐོག་མའི་ཞིབ་མཆན་ལས་ཁུངས་ལ་ཐོ་འགོད་བྱེད་  རྒྱུར་ཡར་ཞུ་འབུལ་དགོས།

ལེའུ་བཞི་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་སྲུང་སྐྱོང་བྱེད་སྐོར།
       དོན་ཚན་བཅུ་དགུ་བ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རང་བྱུང་ཁོར་ཡུག་དང་དེ་མིན་མཛེས་ལྗོངས་དག་བདག་གཉེར་ཐད།  རྒྱུན་མཐུན་གོང་འཕེལ་གཏོང་ཐུབ་པའི་རྩ་དོན་གཞིར་བཟུང་ནས་དོ་དམ་ནན་པོ་བྱེད་དགོས་པ་ལས་གཏོར་བརླག་གཏོང་བ་དང་རང་བསམ་གྱིས་བསྒྱུར་མི་ཆོག
       དོན་ཚན་ཉི་ཤུ་བ།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ནི་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ལྗོངས་སྐོར་ནང་དོན་ཡིན་པས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཡོད་སའི་རྫོང་དང་ཡུལ་ཚོ་གྲོང་རྡལ་མི་དམངས་སྲིད་གཞུང་གིས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ་གྱི་ལས་ཀ་ལེགས་པོར་བསྒྲུབ་དགོས་པ་དང་།  འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ཁྱབ་ཁོངས་དང་།  སྲུང་སྐྱོང་དོ་དམ་བྱེད་ཐབས།  སྲུང་སྐྱོང་དོ་དམ་འགན་འཁྲི་བཅས་གཏན་འཁེལ་གསལ་བོར་བྱས་ནས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་མྱུར་སྐྱོབ་དང་ཉམས་གསོ་བྱེད་དགོས་པ་ལས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་གཞན་ལ་གླ་རུ་གཏོང་བ་དང་བརྒྱུད་བཤུག་གཏོང་མི་ཆོག་པ་དང་།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཀྱི་རང་བྱུང་ཆགས་ཚུལ་དང་ལོ་རྒྱུས་ཀྱི་རིག་གནས་ཉམས་འགྱུར་ལ་གཏོར་བརླག་གཏོང་མི་ཆོག 
       མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཀྱི་ཐོན་རྟགས་བཞེངས་སྐྲུན་དང་སྲུང་སྐྱོང་།  བེད་སྤྱོད་བཅས་ལེགས་པོར་བྱེད་དགོས་པ་ལས།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཀྱི་ཐོན་རྟགས་རང་བསམ་གྱིས་བཀོལ་སྤྱོད་དང་རྐུ་སྤྱོད།  གཡོ་བཀོལ་བཅས་བྱེད་པའི་བྱ་སྤྱོད་མཐའ་དག་གཏན་འགོག་བྱེད་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་མཛེས་ལྗོངས་གྲགས་ཅན་ས་ཁོངས་ནང་གི་ཐོན་ཁུངས་དང་ལྗོངས་ཚིགས་གལ་ཆེན་ལ་བརྟག་དཔྱད་དང་རིན་ཐང་གདེང་འཇོག  ཐོ་འགོད།  ཡིག་ཚགས་འགྲུབ་པ་བཅས་བྱེད་དགོས་པ་མ་ཟད།  དུས་བཅད་ནང་དུ་མཛེས་ལྗོངས་གྲགས་ཅན་ས་ཁོངས་ནང་གི་ཁོར་ཡུག་སྤུས་ཚད་ལ་ལྟ་དཔྱད་ཚད་ལེན་བྱེད་དགོས།
       དོན་ཚན་ཉེར་གཅིག་པ།  ལས་ཁུངས་གང་དང་མི་སྒེར་སུ་ཞིག་ཡིན་རུང་།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་དང་འགལ་ཏེ་རང་བསམ་གྱིས་མཛེས་ལྗོངས་གྲགས་ཅན་ས་ཁོངས་ནང་གི་ས་ཞིང་དང་།  ནགས་ཚལ།  རྩྭ་ཐང་།  བཞུར་བའི་ཆུ་བོ།  གྲམ་ངོགས་སོགས་འཛིན་བཟུང་བཀོལ་སྤྱོད་བྱེད་མི་ཆོག་པ་དང་།  ཡང་ན་ས་ ཞིང་དང་ནགས་ས།  རྩྭ་ཐང་བཅས་ཀྱི་སྤྱོད་སྒོ་བསྒྱུར་མི་ཆོག
       དོན་ཚན་ཉེར་གཉིས་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་གསར་སྤེལ་ས་ཁོངས་འདྲ་མིན་སྣ་ཚོགས་དང་དེ་དང་འདྲ་མཚུངས་ཀྱི་དམིགས་བསལ་ས་ཁོངས་འཛུགས་མི་ཆོག་པ་དང་།  མཛེས་ལྗོངས་ས་ཁུལ་གྱི་ལྟེ་གནས་སུ་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་བྱེད་པ་དང་འབྲེལ་བ་མེད་པའི་ཁང་བ་དང་རྩིག་བཟོས་དངོས་པོ།  དེ་མིན་གཞན་དག་གི་ཟུར་གཏོགས་སྒྲིག་བཀོད་བཟོ་སྐྲུན་དང་བཀོད་འཇོག་གཏན་ནས་བྱེད་མི་ཆོག་པ་དང་།    མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལ་ཆོག་མཆན་མ་བཀོད་པའི་གོང་དུ་བཟོ་བཀོད་དངོས་པོ་བསྐྲུན་ཡོད་པ་དེ།    ཁྲིམས་ལྟར་ཆོག་མཆན་བཀོད་པའི་མཛེས་ལྗོངས་གྲགས་ཅན་ས་ ཁུལ་གྱི་འཆར་འགོད་ལྟར་གནས་གཞན་དུ་སྤོ་བ་དང་བཤིག་པའམ་ཡང་ན་གཞན་དོན་དུ་བཀོལ་བའི་འཆར་གཞི་གཏན་འབེབས་བྱེད་དགོས་པ་མ་ཟད།  རིམ་བཞིན་ལག་ལེན་བསྟར་དགོས།  སྐྱིན་ཚབ་སྤྲོད་དགོས་པ་ལ་ཁྲིམས་ལྟར་སྐྱིན་ཚབ་སྤྲོད་དགོས། 
       དོན་ཚན་ཉེར་གསུམ་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་ནགས་ལས་དང་ཆུ་དོན།  རྒྱལ་ཁམས་ཐོན་ཁུངས་ལ་སོགས་པའི་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་དང་མཉམ་དུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ནགས་ཚལ་ཐོན་ཁུངས་དོ་དམ་དང་།  ལྗང་བསྒྱུར་ནགས་གསོ།  ནགས་སྲུང་མེ་འགོག  ནགས་ཚལ་གྱི་གནོད་འརྗ་དང་ནད་ཡམས་འགོག་བཅོས།  ཆུའི་ཐོན་ཁུངས་དོ་དམ།  ས་ཆུ་སྲུང་འཛིན།  ས་གཤིས་གནོད་སྐྱོན་ཟོན་འགོག་ལ་སོགས་པའི་ལས་ཀ་ལེགས་སྒྲུབ་བྱེད་དགོས།
       དོན་ཚན་ཉེར་བཞི་བ།  ལས་ཁུངས་གང་དང་མི་སྒེར་སུ་ཞིག་ཡིན་རུང་།  རང་བསམ་གྱིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ནགས་ཤིང་འཐུ་གཅོད་དང་སྤོ་འཛུགས།  ཡལ་བཞུར་རྒྱག་པ་སོགས་བྱེད་མི་ཆོག་པ་དང་།  ས་གཞན་ནས་འཁྱེར་ཡོང་བའི་སྐྱེ་ དངོས་རིགས་རྒྱུད་དང་གཞི་རྒྱུ་འགྱུར་བའི་དངོས་རིགས་དེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་དུ་ནང་འདྲེན་བྱེད་མི་ཆོག་པ་དང་།   མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རང་བྱུང་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས།  ནགས་ངོས་ལ་དགོས་ངེས་ཀྱི་བཟོ་  བཅོས་དང་།  གསོ་སྐྱོང་གསར་སྤེལ།  དེ་མིན་ལྗོངས་ཁུལ་ལྗོངས་ཚིགས་འཛུགས་སྐྲུན་བྱེད་དགོས་པ་སོགས་ཀྱི་དབང་གིས་ནགས་ཤིང་ཉུང་ཙམ་གཅོད་དགོས་པ་དང་།  བར་མཚམས་གཅོད་དགོས་པ།  སྤོ་འཛུགས་དགོས་པ།  ཡལ་བཞུར་རྒྱག་དགོས་པ་བཅས་ཡིན་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཡིད་མཐུན་བྱུང་བ་བརྒྱུད།  ཡུལ་དེ་གའི་རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ནགས་ལས་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཆོག་མཆན་བཀོད་པ་ཐོབ་དགོས།
       དོན་ཚན་ཉེར་ལྔ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ལྟེ་གནས་ཡིན་པའི་ལྗོངས་ཁུལ་ནས་དངོས་རིགས་དང་གསོབ་དངོས།  རི་སྐྱེས་ལྡུམ་སྨན་བཅས་དང་གཞན་དག་གི་ནགས་ཞོར་ཐོན་རྫས་འཐུ་རྐོ་མི་ཆོག  ལྟེ་གནས་ལྗོངས་ཁུལ་མིན་ས་ནས་འཐུ་རྐོ་བྱེད་དགོས་ན།  《སི་ཁྲོན་ཞིང་ཆེན་གྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་སྐོར་གྱི་སྲོལ་ཡིག》དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་བསྒྲུབ་དགོས།
       དོན་ཚན་ཉེར་དྲུག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་དུ་ལྗོངས་སྐོར་བ་ཆེས་མང་ཤོང་ཚད་ཡོངས་བསྒྲགས་གཏོང་དགོས་པ་དང་།  ལྗོངས་སྐོར་བ་ཞུགས་ཚད་ཚོད་འཛིན་བྱེད་པའི་འཆར་གཞི་བཀོད་དེ།  ལྗོངས་ཁུལ་དུ་ལྗོངས་སྐོར་བ་ཞུགས་ཚད་ཚོད་འཛིན་འོས་འཚམ་བྱེད་དགོས།  ལྗོངས་ཁུལ་ནང་ལྗོངས་སྐོར་བ་ཤོང་ཚད་ཆེས་མང་བོ་ལྟར་ཞུགས་ཡོང་སྲིད་པའི་སྐབས་སུ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དུས་སྔ་སེ་ནས་ལྗོངས་ཁུལ་དུ་ཞུགས་པའི་མི་གྲངས་ཚོད་འཛིན་བྱེད་རྒྱུའི་སྔོན་བརྡ་གཏོང་དགོས་པ་མ་ཟད།  ཡུལ་དེ་གའི་མི་དམངས་སྲིད་གཞུང་ལ་གནས་ཚུལ་  ཡར་ཞུ་བྱེད་དགོས།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་  ལས་ཁུངས་དང་ཡུལ་དེ་གའི་མི་དམངས་སྲིད་གཞུང་གིས་དུས་ཐོག་ཏུ་ལྗོངས་སྐོར་བ་ལྗོངས་ཁུལ་དུ་ཕྲལ་བགོས་ནས་མངག་སྟེ་མི་གྲངས་ཚོད་འཛིནབྱེད་པའི་ཐབས་བཀོད་སྤྱད་དགོས།  
       དོན་ཚན་ཉེར་བདུན་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་གཤམ་གསལ་གྱི་བྱེད་སྒོ་དང་བྱ་སྤྱོད་དག་སྤེལ་མི་ཆོག་པ་སྟེ།
       (གཅིག) བདེ་འཇགས་འགན་སྲུང་གི་སྒྲིག་ཆས་བཀོད་འཛུགས་བྱས་མེད་སར་ལྗོངས་སྐོར་གྱི་བྱེད་སྒོ་སྤེལ་མི་ཆོག་པ་དང་།
       (གཉིས) ལྗོངས་ཁུལ་ནང་དུ་རང་བསམ་གྱིས་ར་སྐོར་ རྒྱག་པ་དང་།  ས་ངོས་ཁོད་སྙོམས་བཟོ་བ།  ཆུ་འགོག་པ་དང་  ཆུའི་ཐོག་འགེབ་པ་སོགས་བྱེད་མི་ཆོག
       (གསུམ) རི་རྐོ་བ་དང་རྡོ་སྔོག་པ།  བྱེ་མ་དང་ས་ལེན་པ།  གཏེར་རྫས་སྔོག་འདོན།  ཐང་རྒོད་བརྐོས་ནས་ཞིང་དུ་བསྒྱུར་བ།  དུར་ས་བཀོད་ཅིང་རྡོ་བྱང་འཛུགས་པ་སོགས་ས་དབྱིབས་བསྒྱུར་ བཅོས་དང་ཁོར་ཡུག་དང་མཇེས་ལྗོངས་ལ་གཏོར་བརླག་གཏོང་  བའི་བྱ་སྤྱོད་སྤེལ་མོ་ཆོག
       (བཞི) ལྗོངས་ཁུལ་གྱི་སྡོང་བོར་འཛེགས་པ་དང་ཡལ་ག་འཐེན་བཅག  གྱང་སོགས་ལ་འཛེགས་པ་དང་བཤིག་པ།  ཡིག་རིས་འབྲི་རྐོ།  བཙོག་དངོས་བྱུག་པ།  འཛེར་མ་རྒྱག་པ་དང་སྐུད་ཐིག་ འདོགས་འཐེན།  སྡོང་བོ་ཡོམ་སྒུལ།  སྔོ་ཁེབས་དང་རྩྭ་ས་གཏོར་ བརླག  རང་བསམ་གྱིས་ཤིང་ལོ་དང་དེའི་མེ་ཏོག་འབྲས་རྗ་སོགས་འཐུ་འབྲེག་དང་རྩ་བ་རྐོ་འཐུ་བཅས་བྱེད་མི་ཆོག་པ་དང་།  ཆུ་ཁོངས་དང་སྐམ་སར་ས་རོ་དང་ཆུ་བཙོག  གད་སྙིགས་ལ་སོགས་པའི་བེད་མེད་  དངོས་པོ་འདོར་མི་ཆོག་ལ།  གད་སྙིགས་ག་སར་འདོར་བ་དང་མེར་  བསྲེག་པ།  ཤིང་ལོ་དང་ཡལ་ག་སྐམ་པོ་མེར་བསྲེག་པ་སོགས་བྱེད་མི་ཆོག
       (ལྔ) རི་སྐྱེས་སྲོག་ཆགས་དང་ཆུ་སྐྱེས་སྲོག་ཆགས་རྩི་ཤིང་རྔོ་གསོད་དང་འཛིན་བཟུང་བསད་རྨས་གཏོང་མི་ཆོག
       (དྲུག) མཛེས་ལྗོངས་དངོས་པོ་དང་དེ་མིན་སྤྱི་པའི་སྒྲིག་བཀོད་ངོར་བཙོག་བྱུག་དང་ཡིག་རིས་འབྲི་རྐོ།  ཡིག་རིས་རྦུར་བ་སོགས་བྱེད་མི་ཆོག་པ་དང་།  ལྟ་སྐོར་དང་ཞབས་ཞུ་ལ་སོགས་  པའི་སྤྱི་བྱིངས་སྒྲིག་བཀོད་དང་སྒྲིག་ཆས་གཞན་དག་ལ་གཏོར་ བརླག་གཏོང་མི་ཆོག 
       (བདུན) བདེ་སྲུང་ལན་ག་ལས་ཕར་བརྒལ་བ་དང་དེའི་སྟེང་དུ་འཛེགས་སྡོད་མི་ཆོག་པ་དང་།  རང་བསམ་དུ་གདོང་འདེགས་འཕྲང་ལམ་དང་རྐང་ཐང་འགྲོ་ལམ་ནས་ཕྱིར་བརྒལ་ཏེ་སྔོ་ཁེབས་ རྡོག་བརྫས་དང་ཆུ་རྩེད་སོགས་བྱ་མི་ཆོག
       (བརྒྱད) ལྗོངས་ཁུལ་ནང་དུ་ཞག་སྡོད་དང་གཏན་སྡོད།  སྦྲ་ཕུབ་མཚན་སྡོད་དང་ཚ་ཕོག་རྒྱག་པ་བཅས་བྱེད་མི་ཆོག
       (དགུ) རང་བསམ་གྱིས་ལྗོངས་ཁུལ་ནས་རིར་འཛེགས་ཏེ་ཕྱིར་འརྗད་མི་ཆོག
       (བཅུ) མེ་འགོག་པའི་དུས་སྐབས་ནང་ལྗོངས་ཁུལ་ནང་ དུ་བ་འཐེན་མི་ཆོག་པ་དང་མེ་སྤར་མི་ཆོག་ལ།  མེ་བཙའ་དོར་མི་ཆོག་པ་དང་།  ཤོག་སྤག་གད་གཏོང་དང་མེ་བཙའ་ཡོད་པའི་བར་སྣང་འཕུར་དངོས་གཏོང་མི་ཆོག
       (བཅུ་གཅིག) ཁྱིམ་བྱ་སྒོ་ཕྱུགས་སོགས་གར་འགྲོ་བསྐྱིལ་མེད་དུ་འཚོ་མི་ཆོག་པ་དང་།  ཁྲིམས་འགལ་ངང་ཕྱུགས་འཚོ་མི་ཆོག
       (བཅུ་གཉིས) གཏན་འཁེལ་བྱས་ས་ལས་བརྒལ་ཏེ་ཚོང་བཤམས་མི་ཆོག་ལ།  ཉི་གདུགས་དང་གུར་ཕུབ་མི་ཆོག་པ་དང་།   སྒྲོག་ཙེ་རྐུབ་བཀྱག་འཇོག་མི་ཆོག
       (བཅུ་གསུམ) མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ལ་གཏོར་བརླག་གཏོང་བ་དང་།  མཛེས་ལྗོངས་དང་ལྗོངས་སྐོར་ལ་འགལ་རྐྱེན་བཟོ་བ།  སྤྱི་པའི་སྒྲིག་བཀོད་ལ་གཏོར་བརླག་གཏོང་བ།  སྤྱི་པའི་འཕྲོད་བསྟེན་ལ་གནོད་སྐྱོན་གཏོང་བ།  སྤྱི་པའི་སྒྲིག་ལམ་ དང་སྤྱི་པའི་བདེ་འཇགས་ལ་ཪྙོག་ཟིང་དང་གནོད་སྐྱོན་གཏོང་བ་བཅས་ཀྱི་བྱ་སྤྱོད་གཞན་དག་སྤེལ་མོ་ཆོག
       དོན་ཚན་ཉེར་བརྒྱད་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་དགོས་མཁོ་ལྟར་ལྗོངས་ཁུལ་དང་ལྗོངས་ཚིགས་གནད་ཆེན་དག་ལ་དུས་བཅད་ནང་དུ་རེས་འཁོར་སྒོ་སུབ་ནས་སྐྱེ་དངོས་ཉམས་གསོ་བྱེད་དགོས།

ལེའུ་ལྔ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་སྐྲུན་སྐོར།
       དོན་ཚན་ཉེར་དགུ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཛུགས་སྐྲུན་སྣ་ཚོགས་དེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལྟར་སྐྲུན་དགོས་ལ།  འཛུགས་སྐྲུན་རྣམ་གྲངས་ཀྱི་སྐྲུན་ས་འདེམ་པ་དང་།  ཁྱབ་ཚུལ་བཀོད་འཇོག  རྩིག་བཟོའི་མཐོ་ཚད།  བཟོ་དབྱིབས།  ཁྱད་ཆོས།  ཚོན་མདོག་བཅས་ནི་མཐའ་སྐོར་གྱི་མཛེས་ལྗོངས་དང་ཁོར་ཡུག་དང་མཐུན་འཚམ་ཡོང་བ་ བྱས་ནས།  མཛེས་ལྗོངས་གཙོ་བོར་ལྟ་སྐོར་ལ་འགལ་རྐྱེན་མི་བཟོ་བ་དང་ལྗོངས་སྐོར་འགྲོ་ལམ་ལ་བཀག་འགོག་མེད་པ་བྱ་དགོས།
       དོན་ཚན་སུམ་ཅུ་བ།  ཞིང་ཆེན་རིམ་པ་ཡན་གྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་སྐྲུན་གྱི་རྣམ་གྲངས་ལ་ཞིབ་མཆན་འགོད་པ་དེ་《སི་ཁྲོན་ཞིང་ཆེན་གྱི་མཛེས་ལྗོངས་གྲགས་ཅན་ས་ཁུལ་སྐོར་གྱི་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས། 
       ཁུལ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་འཛུགས་སྐྲུན་གྱི་རྣམ་གྲངས་དེ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པ་བརྒྱུད།  ཁྲིམས་ལྟར་འཛུགས་སྐྲུན་ཨར་ལས་སྐྲུན་ས་འདེམ་པའི་བསམ་འཆར་ཡི་གེ་དང་།  འཛུགས་སྐྲུན་ཐད་དུ་བཀོལ་བའི་ས་ཞིང་འཆར་འགོད་སྐོར་གྱི་ཆོག་འཐུས་ལག་འཁྱེར།  འཛུགས་སྐྲུན་ཨར་ལས་འཆར་འགོད་སྐོར་གྱི་ཆོག་འཐུས་ལག་འཁྱེར།  འཛུགས་སྐྲུན་ཨར་ལས་སྤེལ་བའི་སྐོར་གྱི་ཆོག་འཐུས་ལག་འཁྱེར་བཅས་བསྒྲུབ་དགོས་པ་དང་།  རྣམ་གྲངས་སྤེལ་ས་འདེམ་པ་དང་རྣམ་གྲངས་ཀྱི་བཟོ་འགོད་འཆར་གཞི་དེ་རྫོང་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཞིབ་མཆན་འགོད་རྒྱུར་ཡར་ཞུ་འབུལ་དགོས།  རྣམ་གྲངས་གལ་ཆེན་རྣམས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་བྱེད་རྒྱུར་ཡར་ཞུ་འབུལ་དགོས།
       དོན་ཚན་སོ་གཅིག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་གཏན་ཁེལ་ལྟར་སོར་བཞག་བྱས་པའི་རྩིག་བཟོས་དངོས་པོ་དག་གི་གཞི་ཁྱོན་དང་བཟོ་དབྱིབས་དེ་རང་བསམ་གྱིས་བསྒྱུར་བཅོས་བྱེད་མི་ཆོག  ངེས་པར་དུ་བསྒྱུར་བཅོས་བྱེད་དགོས་ན།  འབྲེལ་ཡོད་ཀྱི་འགྲོ་ལུགས་ལྟར་ཞིབ་མཆན་འགོད་པ་བརྒྱུད་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་གྲོང་གསེབ་སྡོད་དམངས་ཀྱིས་ཁང་གསར་སྐྲུན་ས་སློང་དགོས་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ནང་གཏན་ཁེལ་བྱས་པའི་ གྲོང་དམངས་སྡོད་ཁུལ་ནང་དུ་ཁྲིམས་ལྟར་སྡོད་ཁང་སྐྲུན་དགོས།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ལྗོངས་ཁུལ་ནང་གི་སྡོད་དམངས་ལ་སྐུལ་ཁྲིད་བྱས་ནས་མཛེས་ལྗོངས་ གྲགས་ཅན་ས་ཁུལ་གྱི་འཆར་འགོད་ནང་གཏན་ཁེལ་བྱས་པའི་ གྲོང་དམངས་སྡོད་སར་གཞིས་སྤོར་ནས་སྡོད་དུ་འཇུག་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ནང་ཁང་བ་སོགས་བཤིག་དགོས་པ་གཏན་ཁེལ་བྱས་པ་དེ།  བསྒྱུར་སྐྲུན་དང་རྒྱས་སྐྲུན།  བཅོས་སྐྲུན་བཅས་བྱེད་མི་ཆོག  བེད་སྤྱོད་ཀྱི་བདེ་འཇགས་འགན་ལེན་མི་ཐུབ་པའི་ཁང་བ་དེ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ནང་གཏན་ཁེལ་བྱས་པའི་གྲོང་དམངས་སྡོད་ཁུལ་ནང་དུ་འཛུགས་སྐྲུན་བཀོད་སྒྲིག་བྱེད་དགོས།
       དོན་ཚན་སོ་གཉིས་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་འཛུགས་སྐྲུན་རྣམ་གྲངས་དག་ལ་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཞིབ་བཤེར་ཆོག་མཆན་བཀོད་རྗེས།  སྲོལ་ཡིག་འདི་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་ཁེལ་ལྟར་འཆར་འགོད་དང་སྐྲུན་ས་བཀོལ་སྤྱོད།  ཁོར་ཡུག་ལ་ཤུགས་རྐྱེན་གཏོང་ཚད་ལ་དཔྱད་དཔོག་བྱེད་པ་སོགས་ཀྱི་ཞིབ་མཆན་དང་ཐོ་འགོད་བྱེད་པའི་འགྲོ་ལུགས་བསྒྲུབ་དགོས།

ལེའུ་དྲུག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་བེད་སྤྱོད་དང་དོ་དམ་བྱེད་པའི་སྐོར།
       དོན་ཚན་སོ་གསུམ་པ།  རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་སྲིད་འཛིན་དོ་དམ་གཙོ་གཉེར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་གཞི་བཟོ་འགོད་དང་ལག་ལེན་བྱེད་ཚུལ་དང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་གདེང་འཇོག་བྱེད་དགོས་པ་མ་ཟད།  ད་དུང་སྤྱི་ཚོགས་ལ་ཡོངས་བསྒྲགས་གཏོང་དགོས།
       དོན་ཚན་སོ་བཞི་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་གཤམ་གསལ་གྱི་ལས་འགན་བསྒྲུབ་དགོས་པ་སྟེ།
       (གཅིག) རྒྱལ་ཁབ་དང་ཞིང་ཆེན།  རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་ལག་ལེན་བྱེད་དགོས་པ་དང་།  
       (གཉིས) མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་དོ་དམ་ལམ་ལུགས་སྣ་ཚོགས་གསར་འཛུགས་དང་འཐུས་ཚང་བཏང་སྟེ།  རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།  གསར་བརྗེའི་དམར་མདངས་རིག་གནས་དང་མི་རགས་ཀྱི་རིག་གནས་དར་སྤེལ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ རང་བྱུང་མཛེས་ལྗོངས་དང་མིས་བཟོས་མཛེས་ལྗོངས་སྲུང་སྐྱོང་།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བཅས་བྱེད་དགོས།  
       (གསུམ) མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་སྤྱི་ཁྱབ་འཆར་འགོད་བཟོ་འགོད་ཀྱི་རོགས་རམ་བྱེད་དགོས་པ་དང་།  ཞིབ་གསལ་འཆར་འགོད་བཟོ་འགོད་བྱེད་པའི་འགན་ཁུར་དགོས་པ་མ་ཟད་སྒྲིག་འཛུགས་བྱས་ནས་ལག་ལེན་བྱེད་དགོས་ཤིང་།  སྤྱི་ཁྱབ་འཆར་འགོད་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་གསར་སྐྲུན་དང་རྒྱས་སྐྲུན་ལེགས་སྐྲུན་བྱེད་དགོས་པའི་རྣམ་གྲངས་ལ་ཞིབ་བཤེར་བྱེད་དགོས་པ་དང་གཏན་ཁེལ་བྱས་པའི་གོ་རིམ་ལྟར་གོང་རིམ་ལ་ཡར་ཞུ་འབུལ་དགོས།  འབྲེལ་ཡོད་སྡེ་ཁག་ལ་གཞོགས་ འདེགས་བྱས་ནས་མཛེས་ལྗོངས་གྲགས་ཅན་ས་ཁུལ་མཐའ་སྐོར་གྱི་སྲུང་སྐྱོང་ས་རྒྱུད་ནང་གི་ས་ཞིང་བེད་སྤྱོད་བྱེད་ཚུལ་དང་འཛུགས་སྐྲུན་རྣམ་གྲངས་སྤེལ་ཚུལ་ལ་ལྟ་སྐུལ་དོ་དམ་བྱེད་དགོས། 
       (བཞི) མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རྨང་ གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་།  དོ་དམ་བཅས་བྱེད་དགོས་པ་དང་།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་མཚོན་རྟགས་མིང་བྱང་དང་ལམ་རྟགས།  ཚན་རྩལ་ཁྱབ་གདལ་སློབ་གསོའི་ཡིག་རྦུར།  བདེ་འཇགས་ཟོན་བརྡ་ལ་སོགས་པའི་མཚོན་རྟགས་ཡིག་བྱང་རྣམས་བཀོད་འཇོག་ཚད་ལྡན་བྱེད་དགོས།
       (ལྔ) མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལམ་ལུགས་དང་།  བདེ་འཇགས་བྱུར་ཉེས་ཟོན་འགོག་གི་ནང་རྐྱེན་དང་ཐོལ་བྱུང་གི་དོན་རྐྱེན་ཟོན་འགོག་གི་མཁོ་བསྟུན་མྱུར་སྒྲུབ་འཆར་གཞི་བཅས་གཏན་འབེབས་བྱེད་དགོས་པ་དང་།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ལྗོངས་སྐོར་བདེ་འཇགས་དང་ཁོར་ཡུག་གཙང་སྦྲ།  སྒྲིག་ལམ་བདེ་སྐྱོང་།  ཞབས་ཞུའི་ལས་རིགས་དོ་དམ་སོགས་ཀྱི་ལས་ཀ་སྒྲུབ་འགན་འཁུར་དགོས་ལ།  བདེ་འཇགས་དོ་དམ་ཀྱི་སྒྲིག་བཀོད་འཐུས་ཚང་བར་བཙུགས་ནས་བྱུར་ཉེས་ལ་ཟོན་འགོག་བྱེད་དགོས།
       (དྲུག) འཆར་འགོད་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་སྡོད་དམངས་སྒྲིག་འཛུགས་བྱེད་རྒྱུ་དང་ཁོ་ཚོར་རོགས་སྐྱོར་བྱས་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་དང་ཞབས་ཕྱིའི་ལས་དོན་སྤེལ་དགོས་པ་མ་ཟད།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་བདག་གཉེར་རྣམ་གྲངས་སྤེལ་མཁན་སྒུག་ལེན་དང་གན་རྒྱ་བཀོད་འཇོག  གྲོས་དོན་ལག་བསྟར་བཅས་ཀྱི་ལས་ཀ་སྒྲིག་འཛུགས་དང་འགན་ཁུར་དགོས་ཤིང་།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་བདག་གཉེར་བྱེད་པའི་ལས་ཁུངས་དང་མི་སྒེར་གྱི་ཁྲིམས་ལྟར་བདག་གཉེར་བྱ་ཚུལ་ལ་ལྟ་སྐུལ་བྱེད་དགོས།
       (བདུན) མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ཕྱོགས་བསྡུས་ཆ་འཕྲིན་མ་ལག་འཛུགས་སྐྲུན་དང་དོ་དམ་བྱེད་པའི་ལས་ཀ་ལེགས་པོར་སྒྲུབ་དགོས་ལ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལག་ལེན་བྱེད་ཚུལ་དང་ཐོན་ཁུངས་སྲུང་སྐྱོང་ བྱེད་ཚུལ་ལ་འགྱུར་ལྡན་ལྟ་དཔྱད་ཚད་ལེན་བྱེད་པ་དང་།  གཏན་ཁེལ་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལག་ལེན་བྱེད་ཚུལ་དང་ཐོན་ཁུངས་སྲུང་སྐྱོང་བྱེད་ཚུལ་སྐོར་གྱི་ལོ་འཁོར་སྙན་ཞུ་འབུལ་དགོས།  དུས་ཐོག་ཏུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་གནམ་གཤིས་དང་མཐོང་ཚད་སོགས་ལྗོངས་སྐོར་དང་འབྲེལ་བའི་ཆ་འཕྲིན་ཡོངས་བསྒྲགས་གཏོང་དགོས།  ཡིག་ཚགས་ལེགས་པར་ཉར་བའི་ལམ་ལུགས་གསར་འཛུགས་དང་འཐུས་ཚང་གཏོང་དགོས་ལ།  བརྟག་དཔྱད་སྡོམ་རྩིས་ཀྱི་ལས་ཀར་ཤུགས་ཆེན་བསྣན་ཏེ།  དཔྱད་གཞི་ཆ་ཚང་བར་འགྲུབ་དགོས་པ་དང་ ཉར་ཚགས་འོས་འཚམ་བྱེད་དགོས། 
       (བརྒྱད) མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་སྒོ་འཛིན་བཙོང་འགན་ཁུར་དགོས་པ་དང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱ་བའི་རིན་དངུལ་ལེན་འགན་ཁུར་དགོས།
       (དགུ) བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་གཏན་ཁེལ་བྱས་པའི་ལས་འགན་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་སྤྲད་པའི་ལས་འགན་གཞན་དག་བསྒྲུབ་དགོས།
       དོན་ཚན་སོ་ལྔ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་བདག་གཉེར་གྱི་རྣམ་གྲངས་སྤེལ་བའི་ལས་ཁུངས་གང་དང་མི་སྒེར་སུ་ཞིག་ཡིན་རུང་།  འབྲེལ་ཡོད་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་རིན་དོད་ཡོད་པའི་བེད་སྤྱོད་བྱེད་རིན་སྤྲོད་དགོས།
       དོན་ཚན་སོ་དྲུག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད།  རིག་གནས་སྒྲིག་བཀོད་ལ་སོགས་པའི་རྣམ་གྲངས་དེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལྟར།  དམིགས་བསལ་གྱི་ཆོག་མཆན་བཀོད་དེ་བདག་གཉེར་བྱེད་པའི་ཐབས་སྟངས་སྤྱད་དེ་མ་དངུལ་གཏོང་མཁན་དང་།  འཛུགས་སྐྲུན་བྱེད་མཁན།  བདག་གཉེར་བྱེད་མཁན་བཅས་འདེམ་ཆོག
       སྲོལ་ཡིག་འདིའི་ནང་དུ་བརྗོད་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རྣམ་གྲངས་ལ་དམིགས་བསལ་གྱི་ཆོག་མཆན་བཀོད་དེ་བདག་གཉེར་བྱེད་དུ་འཇུག་པ་ཞེས་པ་ནི།  སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་གིས་ཁྲིམས་བཀོད་གོ་རིམ་དང་ཚད་གཞི་དང་ཆ་རྐྱེན་བཅས་ལྟར།  དུས་ཚོད་དང་ཁྱབ་ཁོངས་ངེས་ཅན་གྱི་ནང་དུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ཞིག་གི་རྣམ་གྲངས་ཡོངས་རྫོགས་སམ་ཡང་ན་ཁེར་རྐྱང་ལ་རིན་དོད་སྤྲོད་པའི་སྒོ་ནས་མ་དངུལ་གཏོང་དབང་དང་བདག་ གཉེར་བྱེད་དབང་ལག་ལེན་བསྟར་བའི་བྱེད་སྒོ་སྤེལ་བ་དེ་ཡིན།
       བདག་གཉེར་བྱེད་མཁན་གྱིས་དམིགས་བསལ་གྱི་ཆོག་  མཆན་བཀོད་པའི་བདག་གཉེར་བྱ་བའི་གྲོས་མཐུན་ཆིངས་ཡིག་ནང་བཀོད་པའི་དོན་ཚན་ལྟར་ཞབས་ཕྱི་སྒྲུབ་དགོས་པ་དང་།  མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་བེད་སྤྱོད་དང་སྲུང་སྐྱོང་ལུགས་མཐུན་བྱེད་དགོས།  བདག་གཉེར་བྱེད་པའི་དུས་ཚད་གང་བའམ་ཡང་ན་དམིགས་བསལ་གྱི་ཆོག་མཆན་བཀོད་པའི་བདག་གཉེར་གྲོས་མཐུན་ཆིངས་ཡིག་ལག་ལེན་བསྟར་མཚམས་བཞག་ཕྱིན།  བདག་གཉེར་བྱེད་མཁན་གྱིས་མ་དངུལ་བཏང་སྟེ་འཛུགས་སྐྲུན་དང་གསར་བཟོ་ལེགས་བཅོས་བྱས་པའི་སྒྲིག་བཀོད་དང་མིས་བཟོས་མཛེས་ལྗོངས་རྣམས།  དམིགས་བསལ་གྱི་ཆོག་མཆན་བཀོད་པའི་བདག་གཉེར་བྱ་བའི་གྲོས་མཐུན་ཆིངས་ཡིག་ལྟར་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ལ་སྤྲད་དགོས།
       དམིགས་བསལ་གྱི་ཆོག་མཆན་བཀོད་པའི་བདག་གཉེར་གྲོས་མཐུན་ཆིངས་ཡིག་ནང་དུ་གྲོས་མཐུན་ཆིངས་ཡིག་འགོད་མཁན་ཕྱོགས་གཉིས་ཀས་འཁུར་དགོས་པའི་འགན་འཁྲི་དང་གན་དོན་ལས་འགལ་མཁན་གྱིས་སྐྱིན་ཚབ་སྤྱོད་དགོས་དོན།  དེ་མིན་གྲོས་མཐུན་ཆིངས་ཡིག་མེད་པར་གཏོང་དགོས་པའི་དོན་ཚན་རྣམས་གཏན་འབེབས་གསལ་བོར་བྱེད་དགོས།
       དོན་ཚན་སོ་བདུན་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་དོ་དམ།  རིག་རྫས་སྲུང་སྐྱོང་།  དེ་མིན་རང་བྱུང་སྲུང་སྐྱོང་ས་ཁུལ་དོ་དམ་བཅས་དང་འབྲེལ་བའི་དོན་དག་དེ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པ་ལྟར་སྒྲུབ་དགོས་ལ།  ས་ཆ་དེའི་གའི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་བྱས་ནས།  ལྗོངས་སྐོར་ཐོན་ཁུངས་གྱི་ཡུག་འབྲེལ་ཧྲིལ་བོའི་རང་བཞིན་དང་རིག་གནས་ཀྱི་མཚོན་བྱེད་རང་བཞིན།  ས་ཁམས་ཀྱི་ཁྱད་ཆོས་རང་བཞིན་བཅས་གཅེས་སྲུང་  བྱེད་དགོས་པ་མ་ཟད།  དམིགས་བསལ་གྱི་སྒྲིག་བཀོད་སྲུང་སྐྱོང་བྱེད་པའི་དགོས་མཁོ་ལ་ཡང་བསམ་བློ་གཏོང་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ཆོས་ལུགས་བྱེད་སྒོ་སྤེལ་ས་དོ་དམ་གྱི་བྱ་བ་དེ་རྒྱལ་ཁབ་དང་ཞིང་ཆེན།  རང་སྐྱོང་ཁུལ་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
       དོན་ཚན་སོ་བརྒྱད་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དུ་ཞུགས་པའི་ལྗོངས་སྐོར་བ་དང་མི་སྣ་གཞན་དག  འགྲིམ་འགྲུལ་ཡོ་བྱད་སྐོར་མཁན་བཅས་ཀྱིས་སྲོལ་ཡིག་འདི་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་བྱེད་དགོས།
       དོན་ཚན་སོ་དགུ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་ སྒོ་འཛིན་བཙོང་བའི་ཡོང་སྒོ་དང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་བྱས་པའི་བསྡུ་དངུལ་དེ་གཏོང་ཡོང་སོ་སོར་དབྱེ་བའི་སྒོ་ནས་དོ་དམ་བྱེད་དགོས་ལ།  གཙོ་བོ་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་དོ་དམ།   འཛུགས་སྐྲུན།  དེ་མིན་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་རྒྱུ་ནོར་ལ་བདག་དབང་ཡོད་པའི་མི་དང་བེད་སྤྱོད་བྱེད་དབང་ཡོད་པའི་མི་ལ་ཁ་གསབ་སྤྲོད་པ་བཅས་ཀྱི་ཐད་དུ་འགྲོ་སོང་གཏོང་དགོས།  དོ་དམ་བྱེད་ཐབས་ཞིབ་གསལ་ནི་རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་གཏན་ཁེལ་བྱེད་དགོས།
       མཛེས་ལྗོངས་གྲགས་ཅན་ས་ཁུལ་དུ་ཞུགས་པར་གྲོན་དངུལ་བསྡུ་ལེན་བྱེད་པའི་ཚད་གཞི་དང་བསྡུ་ལེན་ཁྱབ་ཁོངས་དེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་སྐྱོང་ཁུལ་དང་རྫོང་གི་ནོམ་གོང་དོ་དམ་གཙོ་གཉེར་སྡེ་ཁག་ལ་ཞུས་ནས་ཞིབ་དཔྱད་གཏན་ཁེལ་བྱེད་དུ་འཇུག་དགོས།
       དོན་ཚན་བཞི་བཅུ་བ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་ཡིན་པའི་བདག་གཉེར་བྱེད་སྒོ་སྤེལ་མི་ཆོག་པ་དང་།  འཆར་འགོད་དང་དོ་དམ།  ལྟ་སྐུལ་སོགས་སྲིད་འཛིན་དོ་དམ་གྱི་འགན་ནུས་དེ་ཁེ་ལས་སམ་ཡང་ན་མི་སྒེར་ལ་བཅོལ་ཏེ་ལག་བསྟར་བྱེད་དུ་འཇུག་མི་ཆོག
       དོན་ཚན་ཞེ་གཅིག་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ལྗོངས་ཁུལ་གྱི་ལྗོངས་སྐོར་གཞི་ཁྱོན་དང་ཐོན་ཁུངས་སྲུང་སྐྱོང་དོ་དམ།  དེ་མིན་བདེ་སྐྱོང་དོ་དམ་བཅས་ཀྱི་ལས་ཀའི་དགོས་མཁོ་ལྟར།  སྤྱི་བདེའི་ལས་ཁུངས་ཀྱི་མངག་གཏོང་ཁང་ངམ་ཉེན་རྟོག་ལས་སྒྲུབ་ཁང་འཛུགས་རྒྱུའི་རེ་འདུན་ཞུ་དགོས།

ལེའུ་བདུན་པ།  ཁྲིམས་འབྲེལ་འགན་འཁྲི་སྐོར།
       དོན་ཚན་ཞེ་གཉིས་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་རིགས་གཅིག་ཡོད་ན།  ཐད་གའི་འགན་ཁུར་བའི་དོ་དམ་གཙོ་གཉེར་མི་སྣར་དང་གཞན་དག་གི་ཐད་གའི་འགན་ཁུར་མི་སྣར་ཁྲིམས་ལྟར་ཆད་པ་གཅད་དགོས་པ་སྟེ། 
       (གཅིག) མཛེས་ལྗོངས་གྲགས་ཅན་ས་ཁུལ་བཙུགས་པའི་ཉིན་ནས་བཟུང་ལོ་གཉིས་ཀྱི་ནང་དུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་གསར་སྤེལ་གྱི་སྤྱི་ཁྱབ་འཆར་འགོད་བཟོ་འགོད་བྱས་མ་ཐུབ་པ་དང་།
       (གཉིས) འོས་བབ་ཀྱི་ལས་གཉེར་རིམ་གྲས་ཐོབ་ཐང་མེད་པའི་སྡེ་ཚན་བདམས་ཏེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་གསར་སྤེལ་གྱི་འཆར་འགོད་བཟོ་འགོད་བྱེད་དུ་བཅུག་པ།
       (གསུམ) མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལ་ཆོག་མཆན་བཀོད་པ་མ་ཐོབ་སྔོནདུ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་བའི་ཆོག་མཆན་བཀོད་ཟིན་པ།
       (བཞི) མཛེས་ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་ལ་རང་བསམ་གྱིས་བསྒྱུར་བཅོས་བྱས་པ། 
       (ལྔ) མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་གསར་སྤེལ་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པའི་ཁྲོད་འགན་ཤོར་འགན་ འཛོལ་བྱས་པ། 
       (དྲུག)ལྟ་སྐུལ་དོ་དམ་གྱི་འགན་ནུས་ཁྲིམས་ལྟར་མི་སྒྲུབ་པའི་བྱ་སྤྱོད་གཞན་དག་ཡོད་པ་བཅས་སོ།།
       དོན་ཚན་ཞེ་གསུམ་པ།  སྲོལ་ཡིག་འདི་དང་འགལ་བའི་གཤམ་གསལ་གྱི་བྱ་སྤྱོད་རིགས་གཅིག་ཡོད་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ཡོད་སའི་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་བཀའ་ཕབ་སྟེ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་དགོས་པ་དང་།  གནད་དོན་ཚབ་ཆེན་ཡིན་ན།  ཐད་གའི་དོ་དམ་གཙོ་གཉེར་མི་སྣ་དང་ཐད་གའི་འགན་ཁུར་མི་སྣ་གཞན་དག་ལ་སྲིད་འཛིད་ཐོག་གི་ཆད་པ་གཅད་དགོས་པ་སྟེ།
       (གཅིག) མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དེ་ཕྱི་ལ་གླ་རུ་བཏང་བ་དང་བརྒྱུད་བཤུག་གཏོང་བའམ་རྣམ་པ་བསྒྱུར་བའི་སྒོ་ནས་བརྒྱུད་བཤུག་བཏང་བ་དང་། 
       (གཉིས) རང་བསམ་གྱིས་ལྗོངས་སྐོར་སྒོ་འཛིན་གྱི་རིན་དངུལ་སྤར་བ་དང་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་གྲོན་དངུལ་བསྡུ་ལེན་གྱི་ཚད་གཞི་མཐོ་རུ་སྤར་བ་དང་གྲོན་དངུལ་བསྡུ་ལེན་ཁྱབ་ཁོངས་རྒྱ་ཆེར་བཏང་བ།  
       (གསུམ) བདེ་འཇགས་འགན་ལེན་མེད་པའི་ས་ཁུལ་དུ་ལྗོངས་སྐོར་གྱི་བྱེད་སྒོ་སྤེལ་བ། 
       (བཞི) མཛེས་ལྗོངས་གྲགས་ཅན་ས་ཁུལ་ཡིན་པའི་མཚོན་རྟགས་དང་ལམ་རྟགས།  བདེ་འཇགས་ཟོན་བརྡ་ལ་སོགས་པའི་མཚོན་རྟགས་ཡིག་བྱང་བཀོད་འཇོག་བྱས་མེད་པ།  
       (ལྔ) ཁེ་སྤོགས་ལེན་རྒྱུ་དམིགས་ཡུལ་ཡིན་པའི་བདག་གཉེར་བྱེད་སྒོ་སྤེལ་བ།
       (དྲུག) འཆར་འགོད་དང་དོ་དམ།  ལྟ་སྐུལ་སོགས་སྲིད་འཛིན་དོ་དམ་གྱི་འགན་ནུས་དེ་ཁེ་ལས་སམ་ཡང་ན་མི་སྒེར་ལ་བཅོལ་ཏེ་ལག་ལེན་བྱེད་བཅུག་པ།
       (བདུན) མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་མཛེས་ ལྗོངས་གྲགས་ཅན་ས་ཁུལ་གྱི་འཆར་འགོད་དང་མི་མཐུན་པའི་འཛུགས་སྐྲུན་བྱེད་སྒོ་སྤེལ་བར་ཞིབ་བཤེར་བྱས་ནས་ཆོག་མཆན་བཀོད་པ། 
       (བརྒྱད) ཁྲིམས་འགལ་གྱི་བྱ་སྤྱོད་མཐོང་ན་ཡང་རྩད་ཞིབ་དང་ཐག་གཅོད་མ་བྱས་པ།
       (དགུ) འགན་དབང་གང་བསམ་དུ་སྤྱད་པ་དང་ལས་འཛོལ་འགན་ཤོར་གྱི་བྱ་སྤྱོད་ལས་མཐའ་འབྲས་ངན་པ་ཚབས་ཆེན་བྱུང་བ་བཅས་སོ།།
       དོན་ཚན་ཞེ་བཞི་བ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་རིགས་གཅིག་སྤེལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་བཀའ་ཕབ་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་བཞག་སྟེ་སྔོན་ལྟར་སླར་གསོ་བྱེད་འཇུག་པ་དང་ཡང་ན་དུས་བཅད་ནང་ལ་བཤིག་ཏུ་འཇུག་དགོས།  བཀའ་ལྟར་སླར་གསོའི་ཐབས་ཤེས་མ་སྤྱད་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ལས་ཚབ་བྱས་ནས་སྔོན་ལྟར་སླར་གསོ་བྱེད་དགོས།  དེར་མཁོ་བའི་འགྲོ་གྲོན་ནི་ཁྲིམས་དང་འགལ་མཁན་གྱིས་ཕུད་འགན་ཁུར་དགོས་པ་མ་ཟད།  དེ་ལ་སྒོར་ཁྲི་ལྔ་བཅུ་ཡན་ནས་སྒོར་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅད་དགོས་པ་སྟེ། 
       (གཅིག) མཛེས་ལྗོངས་གྲགས་ཅན་ས་ཁུལ་དུ་གསར་སྤེལ་ས་ཁུལ་འདྲ་མིན་སྣ་ཚོགས་དང་དེ་དང་འདྲ་མཚུངས་ཀྱི་དམིགས་བསལ་ས་ཁུལ་བཙུགས་པ་དང་།
       (གཉིས) ལྟེ་གནས་མཛེས་ལྗོངས་ས་ཁུལ་ནང་དུ་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་འབྲེལ་བ་མེད་པའི་རྩིག་བཟོས་དངོས་པོ་དང་གཞན་དག་གི་ཟུར་གཏོགས་སྒྲིག་བཀོད་འཛུགས་སྐྲུན་བྱས་པ།
       རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་དོ་དམ་གཙོ་གཉེར་སྡེ་ཁག་གིས་དོན་ཚན་འདིའི་ཚན་པ་དང་བོའི་ལེ་ཚན་(གཅིག)པའི་གཏན་ཁེལ་དང་འགལ་བའི་བྱ་སྤྱོད་སྤེལ་ན།  ཐད་གའི་འགན་ཁུར་བའི་དོ་དམ་གཙོ་གཉེར་མི་སྣ་དང་ཐད་གའི་ལས་འགན་ཁུར་བའི་མི་སྣ་ལ་ཁྲིམས་ལྟར་གོ་གནས་འབེབས་པའམ་ཡང་ན་གོ་གནས་འཐེན་པའི་ཆད་པ་གཅད་དགོས།
       དོན་ཚན་ཞེ་ལྔ་བ།  སྲོལ་ཡིག་འདིའི་དོན་ཚན་ཉེར་ལྔ་བའི་གཏན་འབེབས་དང་འགལ་ཏེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་ལྟེ་གནས་མཛེས་ལྗོངས་ས་ཁུལ་ནས་དངོས་རིགས་དང་གསོབ་དངོས་འཐུ་བསྡུ་བྱས་པ་དང་།  རི་སྐྱེས་ལྡུམ་སྨན་དང་ནགས་ཞོར་ཐོན་རྫས་གཞན་དག་འཐུ་བསྡུ་བྱས་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་རྒྱུ་དང་སྐྱོན་བརྗོད་སློབ་གསོ་གཏོང་དགོས་པ་མ་ཟད།  སྒོར་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་གཅད་ཆོག
       དོན་ཚན་ཞེ་དྲུག་པ།  སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(གསུམ)པའི་གཏན་འབེབས་དང་འགལ་ཏེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་རི་རྐོ་བ་དང་རྡོ་ལེན་པ།  གཏེར་རྫས་སྔོག་འདོན་བྱེད་པ་སོགས་མཛེས་ལྗོངས་དང་སྔོ་ཁེབས་དང་ས་བབ་ཆགས་ཚུལ་བཅས་ལ་གཏོར་བརླག་བཏང་པའི་བྱ་སྤྱོད་སྤེལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་དུ་འཇུག་དགོས་པ་མ་ཟད།  ཁྲིམས་འགལ་གྱི་ཐོབ་ཆ་རྣམས་གཞུང་བཞེས་བཏང་དགོས།  རེ་བ་ལྟར་དག་ཐེར་ལེགས་བཅོས་ཀྱི་བྱེད་ཐབས་སྤྱད་ཁ་མི་ཉིན་པའམ་ཡང་ན་དག་ཐེར་ལེགས་བཅོས་བྱེད་པའི་ནུས་ཤུགས་མེད་པ་ཡིན་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དག་ཐེར་ལེགས་བཅོས་བྱེད་ནུས་ ལྡན་པའི་ལས་ཁུངས་ཤིག་དམིགས་འཛུགས་བྱས་ཏེ་ལས་ཚབ་  བྱེད་བཅུག་ནས་དག་ཐེར་ལེགས་བཅོས་བྱེད་དུ་འཇུག་དགོས་ལ།  དེར་མཁོ་བའི་འགྲོ་གྲོན་རྣམས་ཁྲིམས་དང་འགལ་མཁན་ལ་གཏོང་དུ་འཇུག་དགོས་པ་མ་ཟད།  དེ་ལ་སྒོར་ཁྲི་ལྔ་བཅུ་ཡན་ནས་ཁྲི་བརྒྱ་མན་གྱི་དངུལ་ཆད་གཅད་དགོས།  མི་སྒེར་གྱིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་ས་རྐོ་ཞིང་འདེབས་དང་རྡོ་ལེན་པ།   དུར་ས་བཀོད་ཅིང་རྡོ་བྱང་འཛུགས་པ་སོགས་ཀྱི་བྱེད་སྒོ་སྤེལ་ན།   མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཚམས་འཇོག་ཏུ་ འཇུག་དགོས་པ་དང་།  དུས་བཅད་ནང་དུ་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་དུ་འཇུག་དགོས་པའམ་ཡང་ན་གཞན་དག་གི་ཁ་གསབ་ཐབས་ཤེས་སྤྱད་དུ་འཇུག་དགོས།  རེ་བ་ལྟར་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་ཁ་མི་ཉན་པ་ཡིན་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་ལས་ཚབ་བྱས་ཏེ་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་དགོས།  དེར་མཁོ་བའི་འགྲོ་གྲོན་རྣམས་ཁྲིམས་དང་འགལ་མཁན་ལ་གཏོང་དུ་འཇུག་དགོས་པ་མ་ཟད།  དེ་ལ་སྒོར་སྟོང་གཅིག་ཡན་ནས་ཁྲི་གཅིག་མན་གྱི་དངུལ་ཆད་གཅད་དགོས།
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(བཞི)བའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་དུ་འཇུག་དགོས་པའམ་ཡང་ན་གཞན་དག་གི་ཁ་གསབ་ཐབས་ཤེས་སྤྱད་དུ་འཇུག་དགོས་པ་དང་།  དེ་ལ་སྒོར་ལྔ་བཅུའི་དངུལ་ཆད་གཅད་དགོས།  བསམ་བཞིན་དུ་རྒྱལ་ཁབ་ཀྱི་ སྲུང་སྐྱོང་བྱེད་པའི་རིག་རྫས་དང་གནའ་ཤུལ་གྲགས་ཅན་གཏོར་བརླག་བཏང་བའམ་དེའི་ངོར་ཡིག་རིས་རྐོ་འབྲི་དང་བཙོག་བྱུག་བཏང་བ་ཡིན་ན།  བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཆད་པ་གཅད་དགོས།
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(བདུན)པའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་སྔར་གྱི་ས་བབ་ཆགས་ཚུལ་སླར་གསོ་བྱེད་དུ་འཇུག་དགོས་པའམ་ཡང་ན་གཞན་དག་གི་ཁ་གསབ་ཐབས་ཤེས་སྤྱད་དུ་འཇུག་དགོས་པ་དང་།  དུས་མཚུངས་སུ་དེ་ལ་སྒོར་ལྔ་བཅུ་ཡན་ནས་ཉིས་བརྒྱ་མན་གྱི་དངུལ་ཆད་གཅད་དགོས།  མི་སྒེར་གྱི་རྒྱུ་མཚན་དབང་གིས་བདེ་འཇགས་ཀྱི་བྱུར་ཉེས་གྲུབ་པ་ཡིན་ན།  འགན་ཁུར་བྱེད་མཁན་རང་གིས་འཛོལ་འགན་ཁུར་དགོས།
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(བརྒྱད)པའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་སྒོར་བརྒྱ་ཡན་ནས་ཉིས་སྟོང་མན་གྱི་དངུལ་ཆད་གཅད་དགོས།
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་ (དགུ)བའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་སྒོར་སྟོང་གཅིག་ཡན་ནས་ཁྲི་གཅིག་མན་གྱི་དངུལ་ཆད་གཅད་དགོས།  མཐའ་འབྲས་ངན་པ་བཟོས་འདུག་པ་ཡིན་ན།  ཉེན་སེལ་རྒུད་སྐྱོབ་ཐད་དུ་འགྲོ་སོང་བཏང་བའི་གྲོན་དངུལ་ཡང་གཏོང་འགན་ཁུར་དགོས། 
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་   (བཅུ)བའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་སྒོར་བརྒྱ་ཡན་ནས་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་དགོས། 
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(བཅུ་གཉིས)པའི་གཏན་ཁེལ་དང་འགལ་ན།  མཛེས་ལྗོངས་གྲགས་ ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་སྒོར་ལྔ་བཅུ་ཡན་ནས་ཉིས་བརྒྱ་མན་གྱི་དངུལ་ཆད་གཅད་དགོས། 
       སྲོལ་ཡིག་འདིའི་དོན་ཚན་ཉེར་བདུན་པའི་ལེ་ཚན་(བཅུ་གསུམ)པའི་གཏན་ཁེལ་དང་འགལ་ན།  སྤྱི་བདེ་ལས་ཁུངས་ཀྱིས་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ གཏན་ཁེལ་ལྟར་ཆད་པ་གཅད་དགོས།
       དོན་ཚན་ཞེ་བདུན་པ།  སྲོལ་ཡིག་འདིའི་དོན་ཚན་སོ་དྲུག་པའི་གཏན་ཁེལ་དང་འགལ་ཞིང་།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་དམིགས་བསལ་ཆོག་མཆན་བཀོད་པའི་བདག་གཉེར་རྣམ་གྲངས་སྤེལ་དབང་ཐོབ་མེད་པའི་ལས་ཁུངས་གང་དང་མི་སྒེར་སུ་ཞིག་གིས་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་བདག་གཉེར་གྱི་བྱེད་སྒོ་སྤེལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་དགོས་པ་དང་སྐྱོན་བརྗོད་སློབ་གསོ་གཏོང་དགོས་པ་མ་ཟད།  སྒོར་སྟོང་གཅིག་ཡན་ནས་སྟོང་ལྔ་མན་གྱི་དངུལ་ཆད་གཅད་དགོས།  
       མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་དམིགས་བསལ་ཆོག་མཆན་བཀོད་པའི་བདག་གཉེར་རྣམ་གྲངས་སྤེལ་དབང་  ཐོབ་ཟིན་པའི་ལས་ཁུངས་དང་མི་སྒེར་གྱིས་གན་རྒྱའི་ནང་དུ་བཀོད་པའི་བདག་གཉེར་བྱེད་ས་དང་ཁྱབ་ཁོངས།  དུས་ཡུན།  གྲོན་དངུལ་བསྡུ་ལེན་ཚད་གཞི་བཅས་བསྒྱུར་བའམ་ཡང་ན་གན་རྒྱའི་ནང་དོན་ལས་བརྒལ་བའི་བདག་གཉེར་བྱེད་སྒོ་སྤེལ་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ ཕབ་སྟེ་དུས་བཅད་ནང་དུ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་དགོས་པ་དང་།  ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་གཞུང་བཞེས་ གཏོང་དགོས་པ་མ་ཟད།  དེ་ལ་སྒོར་བརྒྱ་ཡན་ནས་སྟོང་ཉིས་མན་གྱི་དངུལ་ཆད་གཅད་དགོས།  
       གལ་ཆེའི་རྣམ་གྲངས་བསྒྱུར་བ་དང་ཡང་ན་གན་རྒྱའི་ནང་དུ་གཏན་ཁེལ་བྱས་པའི་བདག་གཉེར་བྱེད་ས་དང་ཁྱབ་ཁུངས།  དུས་ཡུན།  གྲོན་དངུལ་བསྡུ་ལེན་ཚད་གཞི་སོགས་ལས་བརྒལ་ཏེ་ བདག་གཉེར་བྱས་པའམ་ཡང་ན་རང་བསམ་གྱིས་ལས་མཚམས་བཞག་པ་ཡིན་ན།  རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འཆར་འགོད་འཛུགས་སྐྲུན་དོ་དམ་གཙོ་གཉེར་སྡེ་ཁག་གིས་དེ་ལ་བཀའ་ཕབ་སྟེ་དུས་བཅད་ནང་དུ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་དགོས་པ་དང་།  ཁྲིམས་འགལ་གྱི་ཐོབ་ཆ་ཡོད་ན་གཞུང་བཞེས་གཏོང་དགོས་པ་མ་ཟད།  སྒོར་ཁྲི་གཅིག་ཡན་ནས་ཁྲི་ལྔ་མན་གྱི་དངུལ་ཆད་གཅད་དགོས།  གནད་དོན་ཚབས་ཆེན་ཡིན་ན།   བདག་གཉེར་གྱི་གན་རྒྱ་ལག་ལེན་བསྟར་མཚམས་འཇོག་དགོས།
       དོན་ཚན་ཞེ་བརྒྱད་པ།  མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་དུ་ཞུགས་པའི་ལྗོངས་སྐོར་བ་དང་མི་སྣ་གཞན་དག་དང་འགྲིམ་འགྲུལ་ཡོ་བྱད་སྐོར་བའི་མི་སྣ་བཅས་ཀྱིས་སྲོལ་ཡིག་འདིའི་དོན་ ཚན་སོ་བརྒྱད་པའི་གཏན་ཁེལ་དང་འགལ་ཞིང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་མ་བྱས་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་དེ་ལ་བཀའ་ཕབ་སྟེ་ཡོ་བསྲང་ལེགས་བཅོས་བྱེད་དུ་འཇུག་དགོས་པ་དང་།  དེ་ལ་སྐྱོན་བརྗོད་སློབ་གསོ་གཏོང་དགོས་པ་མ་ཟད།  སྒོར་བརྒྱ་ཡན་ནས་ལྔ་བརྒྱ་མན་གྱི་དངུལ་ཆད་གཅད་དགོས།  
       དོན་ཚན་ཞེ་དགུ་བ།  སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ཏེ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ས་ཁུལ་ ནང་དུ་འཛུགས་སྐྲུན་ཨར་ལས་ཆེན་པོ་སྤེལ་བའི་རྣམ་གྲངས་འཛུགས་ས་བདམས་པའི་འཆར་འགོད་དེ་གཏན་ཁེལ་བྱས་པའི་གོ་རིམ་ལྟར་གོང་རིམ་ལ་མ་ཞུས་པར་རྫོང་རིམ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དེའི་འཛུགས་ས་བདམས་པར་ཞིབ་དཔྱད་བྱས་ནས་ཆོག་མཆན་བཀོད་པའི་ཡི་གེ་སྟེར་བ་ཡིན་ན།  ཐད་གའི་ལས་འགན་ཁུར་བའི་དོ་དམ་གཙོ་གཉེར་མི་སྣ་དང་ཐད་གའི་ལས་འགན་ཁུར་བའི་མི་སྣ་གཞན་དག་ལ་ཆད་པ་གཅད་དགོས།
       དོན་ཚན་ལྔ་བཅུ་བ།  སྲོལ་ཡིག་འདིའི་གཏན་ཁེལ་དང་འགལ་ཏེ་མཛེས་ལྗོངས་གྲགས་ཅན་ས་ཁུལ་ནང་གི་བཀག་འགོག་ཁྱབ་ཁོངས་ཕྱི་རུ་འཛུགས་སྐྲུན་གྱི་བྱེད་སྒོ་སྤེལ་ཞིང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱི་ཞིབ་དཔྱད་བརྒྱུད་མེད་པ་ཡིན་ན།  མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཁུངས་ཀྱིས་བཀའ་ཕབ་སྟེ་འཛུགས་སྐྲུན་བྱེད་མཚམས་འཇོག་ཏུ་འཇུག་པ་དང་དུས་བཅད་ནང་ལ་བཤིག་ཏུ་འཇུག་དགོས་པ་མ་ཟད།  མི་སྒེར་ལ་སྒོར་ཁྲི་གཉིས་ཡན་ནས་ཁྲི་ལྔ་མན་གྱི་དངུལ་ཆད་གཅད་དགོས།  ལས་ཁུངས་ལ་སྒོར་ཁྲི་ཉི་ཤུ་ཡན་ནས་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་གཅད་དགོས།  
       དོན་ཚན་ང་གཅིག་པ།  རྒྱལ་ཁབ་ཀྱི་ལས་སྒྲུབ་མི་སྣས་མཛེས་ལྗོངས་གྲགས་ཅན་ཐོན་ཁུངས་སྲུང་སྐྱོང་དང་མཛེས་ལྗོངས་གྲགས་ཅན་ས་ཁུལ་དོ་དམ་ལས་ཀའི་ཁྲོད་འགན་དབང་གང་བྱུང་དུ་སྤྱད་པ་དང་།  འགན་འཛོལ་ལས་ཤོར།  ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནའང་བྱས་ཉེས་བསགས་མེད་པ་ཡིན་ན།  དོ་དམ་དབང་ཚད་ཡོད་པའི་འབྲེལ་ཡོད་སྡེ་ཁག་གིས་དེ་ལ་སྲིད་འཛིན་ཆད་གཅོད་བྱེད་དགོས་པ་དང་།  བྱས་ཉེས་བསགས་ཡོད་པ་ཡིན་ན།  ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་བྱེད་དགོས།  
       དོན་ཚན་ང་གཉིས་པ།  དོ་བདག་པས་སྲིད་འཛིན་ཆད་གཅོད་གཏན་འབེབས་ལ་མི་འཐད་པ་ཡིན་ན།  ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་འདུན་ཞུ་ཆོག་པའམ་ཡང་ན་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་ཞུ་གཏུག་བྱེད་ཆོག
ལེའུ་བརྒྱད་པ།  ཟུར་བཀོད་དོན་ཚན།
       དོན་ཚན་ང་གསུམ་པ།  རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྲོལ་ཡིག་འདི་གཞིར་བཟུང་ནས་ལག་བསྟར་བྱེད་  ཐབས་གཏན་འབེབས་བྱ་དགོས།
       དོན་ཚན་ང་བཞི་བ།    སྲོལ་ཡིག་འདི་༢༠༡༤ལོའི་ཟླ་ ༥ ཚེས་༡ཉིན་ནས་བཟུང་ལག་ལེན་བྱེད་དགོས་སོ།།

རྩོམ་སྒྲིག་པ། : གསང་བདག་རྒྱལ།