ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གྲུའི་བཟོ་དབྱིབས་ཇི་ལྟར་གཏན་འཁེལ་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2021-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཁབ་སོ་སོའི་རང་ཉིད་ཀྱིས་བཟོ་སྐྲུན་དང་བཀོལ་སྤྱོད་བྱེད་བཞིན་པའི་གནམ་གྲུར་ཆེད་དམིགས་ཀྱི་མིང་དང་ཚབ་རྟགས་ཤིག་ཡོད་པ་རེད། ང་ཚོ་ལྟ་བུའི་སྤྱིར་བཏང་གི་མི་རྣམས་ཀྱིས་གནམ་གྲུའི་ཚབ་རྟགས་ཀྱི་ནང་དོན་ལ་གོ་བ་ལོན་གྱིན་མེད། དོན་དངོས་སུ་བཤད་ན། དེའི་ནང་དུ་ཆོས་ཉིད་འཚོལ་རྒྱུ་ཡོད་པ་རེད།

མིག་སྔར། ཆེས་དཔེ་མཚོན་རང་བཞིན་གྱི་གནམ་གྲུའི་བཟོ་དབྱིབས་དང་བཟོ་འགོད་བྱེད་སྟངས་ནི་བེད་སྤྱོད་བྱེད་སྟངས་མི་འདྲ་བར་གཞིགས་ཏེ། དབྱིན་ཡིག་གི་གསལ་བྱེད་ཡི་གེ་གནམ་གྲུའི་རིགས་ཀྱི་ཚབ་རྟགས་སུ་བྱས་ཡོད་པ་དང་། ཨང་ཀིས་ཇུས་འགོད་བྱས་པའི་སྔ་ཕྱིའི་གོ་རིམ་མཚོན་ཡོད། གལ་ཏེ་གནམ་གྲུའི་ལག་བསྟར་ལས་འགན་ལ་འགྱུར་བ་བྱུང་བའམ་ཡང་ན་སྔར་ཡོད་ཀྱི་རྨང་གཞིའི་སྟེང་ལེགས་བསྒྱུར་བྱེད་ན། སོ་སོར་གནམ་གྲུའི་རིགས་ཀྱི་གསལ་བྱེད་ཡི་གེའི་སྔོན་དང་ཡང་ན་ཨང་ཀིའི་རྗེས་སུ་གསར་དུ་གསལ་བྱེད་ཡི་གེ་བསྣན་པ་ལྟར་དབྱེ་བ་འབྱེད་དགོས། དཔེར་ན། A—རྒོལ་རྡུང་གནམ་གྲུ།B—འགད་གཏོར་གནམ་གྲུ།C—སྐྱེལ་འདྲེན་གནམ་གྲུ།E—གློག་རྡུལ་དམག་འཐབ་གནམ་གྲུ།H—ཐད་འཕུར་གནམ་གྲུ།K—བར་སྣང་སྣུམ་སྣོན་གནམ་གྲུ་སོགས་ཡོད། སྤྱིར་བཏང་དུ་གནམ་གྲུའི་སྒྲིག་ཨང་ནི་ཚབ་རྟགས་གསུམ་གྱིས་གྲུབ་པ་ཞིག་ཡིན་ལ། དཔེར་ན།F—16Cརྟགས་འདི་ཅན་གྱི་དམག་འཐབ་གནམ་གྲུ་ནི་ཐེངས་གསུམ་ལ་ལེགས་བསྒྱུར་བྱས་པའི་གནམ་གྲུའི་བཟོ་དབྱིབས་ཡིན་ལ། C—130Eརྟགས་འདི་ཅན་གྱི་སྐྱེལ་འདྲེན་གནམ་གྲུ་ནི་ཐེངས་ལྔར་ལེགས་བསྒྱུར་བྱས་པའི་གནམ་གྲུའི་བཟོ་དབྱིབས་ཡིན། དཔེར་ན། AV—8Bརྟགས་འདི་ཅན་གྱི་དྲང་ཐད་དུ་འཕུར་ཐུབ་པའི་གནམ་གྲུ་ནི་རྒོལ་རྡུང་ལས་འགན་ལག་བསྟར་བྱེད་པའི་གནམ་གྲུ་ཡིན་པར་མ་ཟད། ཐེངས་གཉིས་ལ་ལེགས་བསྒྱུར་བྱས་པའི་གནམ་གྲུའི་བཟོ་དབྱིབས་རེད། གནམ་གྲུའི་སྒྲིག་ཨང་གི་གཞི་རྩའི་རྩ་དོན་འདི་དག་ལ་རྒྱུས་ལོན་ཅུང་ཙམ་བྱུང་ཚེ་གནམ་གྲུའི་སྐོར་གྱི་བཟོ་དབྱིབས་ལ་ངོས་འཛིན་ཅུང་ཙམ་ཐོབ་སྲིད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།