དགུན་ཁའི་དུས་སུ་ལ་ཕུག་དང་དབྱར་ཁའི་དུས་སུ་བཅའ་སྒ་ཇི་ལྟར་བསྟེན་དགོས།

བཅའ་སྒ་སྐྱུར་སྙལ་མ།

ཉིན་རེར་བཅའ་སྒ་སྐྱུར་སྙལ་མ་ལེབ་མོ3རེ་བསྟེན་དགོས། དེ་ནི་བཅའ་སྒ་ལེབ་མོ་ལེབ་མོར་གཙབས་ཏེ་ཤེལ་དམ་ཞིག་ཏུ་འཇོག་པ་དང་། དེའི་ནང་དུ་སྐྱུར་ཁུ་རྙིང་པའམ་ཡང་ན་འབྲས་སྐྱུར་བླུགས་རྗེས། དམ་བུའི་ཁ་ལེགས་པོར་བརྒྱབ་ནས་འཁྱགས་སྒམ་དུ་གཟའ་འཁོར་གཅིག་རིང་ཉར་ཚགས་བྱེད་དགོས།

ཕན་ནུས། གྲང་བ་སེལ་ཞིང་ཕོ་བའི་མེ་དྲོད་གསོ་བ་དང་། ན་ཟུག་འཇོམས་པ་དང་ཁྲག་གསོ་བར་ཕན།

བཅའ་སྒའི་མངར་ཆུ།

བཅའ་སྒའི་ཤུན་ལྤགས་དང་བཅས་ལེབ་མོ5གཙབས་རྗེས། ཆུ་ཁོལ་ནང་དུ་འཕངས་ནས་དུས་ཡུན་སྐར་མ་གསུམ་རིང་གདུ་རུ་འཇུག་པ་དང་། དེའི་འཕྲོར་ནང་དུ་ཀ་ར་ནག་པོ་བླུགས་ནས་འཐུང་དགོས།

ཕན་ནུས། ལུས་ནས་རྔུལ་ཆུ་འདོན་པ་དང་། གྲང་སེལ་ཟུག་འཇོམས་ལ་ཕན།

བཅའ་སྒའི་ཁུ་བ་དང་འོ་མ་བསྲེས་པ། བཅའ་སྒའི་ཁུ་བ་སྐྱོགས་ཆུང་གང་གི་ནང་དུ་འོ་མ2mlདང་། འོས་ཤིང་འཚམ་པའི་ཀ་ར་དམར་པོ་བླུགས་ནས་བཅའ་སྒའི་ཁུ་བ་དང་། འོ་མ། ཀ་ར་སོགས་མཉམ་དུ་ཆུ་མཚམས་བཅད་ནས་གདུ་རུ་བཅུག་རྗེས་འཐུང་དགོས།

ཕན་ནུས། ཕོ་བའི་མེ་དྲོད་གསོ་ཞིང་ལུས་བདེ་བ། གྲང་ངར་སེལ་ཞིང་བློ་བདེ་བར་ཕན།

སྐྱུ་རུ་ར། པུའུ་ཀྲ་ཡེ། ཆིང་ཐེན་ཁུའེ། ལ་ཕུག་ཁ་སྔོན།

སྐྱུ་རུ་ར(山楂)ཁེ10། པུའུ་ཀྲ་ཡེ(布渣叶)ཁེ10། ཆིང་ཐེན་ཁུའེ(青天葵)ཁེ10། ལ་ཕུག་ཁ་སྔོན(青萝卜)1།མངར་སྦངས་ཁ་སུར(蜜枣)1བཅས་ལེབ་མོའི་དབྱིབས་སུ་གཙབས་རྗེས། ཆུ1500mlནང་དུ་བླུགས་ནས་དུས་ཚོད་གཅིག་རིང་གདུ་རུ་བཅུག་ནས་འཐུང་དགོས།

ཕན་ནུས། ཟས་འཇུ་བ་དང་ལུད་པ་སེལ་བ། གོང་གི་རྒྱུ་ཆ་རིགས་མཉམ་དུ་བསྲེས་ནས་འཐུང་ན་དགུན་དུས་ཆམ་ནད་རིགས་ཕོག་པ་སྔོན་འགོག་བྱེད་ཐུབ།

ལ་ཕུག་དཀར་པོ་དང་སྲན་སེར་དང་འགྲོན་བུ་དཀར་པོ་བཅས་བསྲེས་ནས་བཙོ་བ།

ལ་ཕུག་དཀར་པོ་ཁེ500། སྲན་སེར་ཁེ50། འགྲོན་བུ་དཀར་པོ་ཁེ100བཅས་གཙང་མར་བཀྲུས་རྗེས་ཆུ1500mlནང་དུ་བཙོ་དགོས། སྔོན་ལ་སྲན་སེར་སྐར་མ30རིང་ལ་གདུ་རུ་འཇུག་པ་དང་། དེའི་འཕྲོར་ལ་ཕུག་སྐར་མ20རིང་གདུ་རུ་བཅུག་ནས་ཚ་ཁུ་འདེབས་པ། མཐའ་མར་འགྲོན་བུ་དཀར་པོ་སྐར་མ10རིང་གདུ་རུ་བཅུག་རྗེས་བསྟེན་དགོས།

ཕན་ནུས། ཚ་སེལ་ཞིང་གཅིན་འབེབས་པར་ཕན་པ་ཡོད། སྲན་སེར་དང་ལ་ཕུག་དཀར་པོར་ཚ་སེལ་ཞིང་གཅིན་འབེབས་པར་ཕན་ནུས་ཆེན་པོ་ཡོད་པར་མ་ཟད། ད་དུང་ཆང་དུག་སེལ་བའི་ནུས་པའང་ཡོད། འགྲོན་བུ་དཀར་པོ་ལ་ཁམས་གསོ་བའི་ནུས་པ་ཡོད་པས་གོང་གི་ཟས་རིགས་གསུམ་མཉམ་དུ་སྡེབ་སྦྱོར་བྱས་ན་མིད་པར་ཚ་རྒྱས་པ་དང་ཁ་སྐམ་པ། ཁ་ནང་གི་རྨ་རིགས་སོགས་འཇོམས་པར་ཕན་པ་ཆེན་པོ་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།