ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(སོ་གཅིག སོ་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 སོ་གཅིག མི་འབོར་ཡོངས་ཁྱབ་བཤེར་བྱ་ཡུལ་གྱི་ཁྲིམས་མཐུན་ཁེ་དབང་ལ་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་སམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་རེ་རེའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གང་ལེགས་དང་། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་ཤེས་རྟོགས་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་བྱེད་པར། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བསྡོམས་རྩིས་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག》བཅས་སུ། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་བྱེད་པར་ཐད་གཏན་འབེབས་ནན་མོ་མཛད་ཡོད། གཏན་འབེབས་དེ་དག་ལ་བརྟེན་ནས། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཤེས་རྟོགས་བྱུང་བའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དང་དེ་དག་གི་ཁྱིམ་ཚང་གི་གནས་ཚུལ་སོགས་ཕྱིར་བསྒྲགས་བྱེད་མི་ཆོག་པ་དང་། ཡོངས་བཤེར་བྱ་ཡུལ་གྱིས་མཁོ་འདོན་བྱས་པའི་དཔྱད་ཡིག་སོགས་ལ་ཁྲིམས་བཞིན་གསང་སྲུང་ནན་མོ་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་མི་སྒེར་དང་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སོགས། ལས་ཁུངས་དང་མི་སྒེར་གང་གིས་ཀྱང་ཕྱི་ཕྱོགས་སུ་མཁོ་འདོན་དང་ཕྱིར་སྒྲོག་བྱེད་མི་ཆོག་པ་མ་ཟད། ཡོངས་ཁྱབ་ཞིབ་བཤེར་ལས་གཞན་པའི་དམིགས་ཡུལ་དུ་བེད་སྤྱོད་བྱེད་མི་ཆོག ཞིབ་བཤེར་བྱ་ཡུལ་གྱི་དཔྱད་གཞིའི་གསང་བ་ཕྱིར་གྱར་བྱེད་པ་དང་། ཡང་ན་མི་གཞན་ལ་མཁོ་སྤྲོད་བྱེད་པའི་བྱ་སྤྱོད་བཅས་ལ། ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱེད་སྲིད།

ཡོངས་ཁྱབ་ཞིབ་བཤེར་ལས་ཁུངས་དང་ཡོངས་བཤེར་མཛུབ་ཁྲིད་པ་དང་ཡོངས་བཤེར་མཁན་བཅས་བར་ནས་གསང་སྲུང་ཁས་ལེན་ཡི་གེར་མིང་རྟགས་འགོད་དགོས་ཞིང་། གསང་སྲུང་གཏན་འབེབས་བརྩི་སྲུང་ནན་མོ་བྱེད་དགོས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མི་དང་རྒྱལ་ཁོངས་ཕྱིའི་མི་སྣར་ཐོ་འགོད་བྱེད་པའི་ཡོངས་ཁྱབ་ཞིབ་བཤེར་མི་སྣར་ཆེད་མངག་གསོ་སྦྱོང་བྱས་ཏེ། ཁོ་ཚོར་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཡུལ་སྲོལ་གོམས་གཤིས་དང་། སྒེར་གྱི་འཛེམ་བྱ་སོགས་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། བྱ་བ་བསྒྲུབ་སྐབས་ལུགས་མཐུན་གྱིས་མི་སྒེར་གྱི་གསང་དོན་སྲུང་སྐྱོང་དང་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་བརྩི་འཇོག་བྱེད་དགོས། །

སོ་གཉིས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མི་དང་ཕྱི་རྒྱལ་གྱི་མི་སྣར་མི་འབོར་ཡོངས་བཤེར་བྱེད་པར་ཐོ་འགོད་ཇི་ལྟར་བྱེད་དགོས་སམ།

ཀྲུང་གོའི་དཔལ་འབྱོར་གོང་དུ་འཕེལ་བ་དང་རྒྱལ་སྤྱི་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་སོང་པ་དང་བསྟུན་ནས། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་རྒྱལ་ཁོངས་ཕྱིའི་མི་སྣ་སྔར་ལས་མང་བ་ཀྲུང་གོའི་ནང་ལོགས(སྐམ་ས་ཆེན་པོ)ཏུ་སློབ་སྦྱོང་དང་། ལས་ཀ འཚོ་བ་རོལ་དུ་ཡོང་བཞིན་ཡོད། རྒྱལ་མཚམས་འགྲོ་འོང་ཟིན་ཐོར་བརྟེན་ནས་ཕྱི་འོང་མིའི་གྲངས་འབོར་ཤེས་རྟོགས་རགས་ཙམ་བྱེད་ཐུབ་མོད། འོན་ཀྱང་ཁོ་ཚོ་རྒྱལ་ཁོངས་སུ་ཡོང་རྗེས་ཀྲུང་གོའི་ནང་ལོགས(སྐམ་ས་ཆེན་པོ)ཀྱི་བྱེ་བྲག་གི་ཁྱབ་སྟངས་དང་སྡོད་གནས་བཅས་ཕྱོགས་ཀྱི་འགྱུར་ལྡོག་གནས་ཚུལ་རྣམས། སྲིད་འཛིན་དོ་དམ་གྱི་ཟིན་ཐོར་བརྟེན་ནས་ཤེས་རྟོགས་གསལ་བོ་བྱེད་དཀའ་བས། འཇར་པིན་དང་ཁོ་རེ་ཡ། ཨུ་རུ་སུ། ཨ་རི། ཁ་ན་ཏ། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་སོ་སོས་ཀྱང་རང་རང་གི་རྒྱལ་ཁང་ཏུ་སྡོད་པའི་ཕྱི་རྒྱལ་པ་རྣམས་རྒྱལ་ཁབ་དེ་གའི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱིས་གྲས་སུ་བརྩིས་ཡོད། རང་རྒྱལ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་གཞི་གཞིར་བཟུང་ནས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པ་ནས་འགོ་བརྩམས་ཏེ་ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་རྒྱལ་ཁོངས་ཕྱིའི་མི་སྣ་ཡང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དུ་བཞག་ཡོད།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པར་ཀྲུང་གོའི་ནང་ལོགས་ཏུ་(སྐམ་ས་ཆེན་པོ)འཚོ་བ་རོལ་བའི་ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་ཕྱིའི་མི་སྣའི་གཞི་གྲངས་ཀྱི་དཔྱད་ཡིག་ཕྱོགས་ཡོངས་ནས་ཐོབ་ཡོད། གཞི་གྲངས་དེ་དག་ནི་ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་ཕྱིའི་མི་སྣས་ཀྲུང་གོའི་ནང་ལོགས་ཏུ་འཚོ་བའི་(སྐམ་ས་ཆེ་མོ)གཞི་རྩའི་གནས་ཚུལ་ཤེས་རྟོགས་བྱེད་ཆེད་ཡིན་ལ། རྒྱལ་སྤྱིའི་ཐོག་གནས་སྤོར་བའི་མི་འབོར་གནས་ཚུལ་ཁོང་དུ་ཆུད་པར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པས་ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་གཞན་གྱི་མི་སྣའི་འབྲེལ་ཡོད་ཆ་འཕྲིན་ལ་མུ་མཐུད་ཞིབ་བཤེར་བྱེད་པ་དང་། དེ་དག་གི་གཞི་རྩའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ནས། 2010ལོའི་དཔྱད་ཡིག་དང་ཞིབ་བསྡུར་བྱས་པ་བརྒྱུད་ལོ་བཅུའི་རིང་གི་འགྱུར་ལྡོག་གི་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཡོད།

ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མི་དང་རྒྱལ་ཁོངས་ཕྱིའི་མི་སྣར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་སྟངས་རྩ་དོན་ཐོག་ནང་ལོགས་ཡུལ་མི་དང་གཅིག་མཚུངས་ཀྱི་བྱ་ཐབས་སྤྱོད་པ། ཡོངས་ཁྱབ་ཞིབ་བཤེར་པ་དུད་ཚང་དུ་བསྐྱོད་ནས། ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་སྟེང་གི་རྣམ་གྲངས་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་འདྲི་རྩད་བྱས་ཏེ་ཞིབ་བཤེར་རེའུ་མིག་འགོད་དགོས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཡོངས་ཁྱབ་ཞིབ་བཤེར་རྣམ་གྲངས་བདེ་བླག་ངང་གོ་བ་ལེན་ཐུབ་པ་དང་གཞི་གྲངས་སྤུས་ཚད་མཐོ་རུ་གཏོང་ཆེད། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་ཕྱིའི་མི་སྣ་ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་གནས་སྐབས་རང་བརྟེན་ངང་རེའུ་མིག་འགོད་འབུལ་བྱེད་པའི་ཐོ་འགོད་བྱ་ཐབས་སྤྱོད་ཀྱི་མེད་པ་རེད། ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་སྡོད་དམངས་དང་རྒྱལ་ཁོངས་ཕྱིའི་མི་སྣ་ཡོངས་ཁྱབ་ཞིབ་བཤེར་རེའུ་མིག་རྒྱ་ཡིག་དང་དབྱིན་ཡིག་གི་ཡི་གེ་གཉིས་སྤྱད་ནས། ས་གནས་ཁག་གི་ཡོངས་ཁྱབ་ཞིབ་བཤེར་སྒྲིག་གཞིས་ད་དུང་སྐད་ཡིག་གཞན་དག་སྤྱོད་པའི་རོགས་རམ་བྱེད་གང་ཐུབ་བྱེད་དགོས་པ་རེད།།


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།