ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(ཉེར་དྲུག ཉེར་བདུན།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཉེར་དྲུག མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཁྱིམ་ཐོ་མེད་པའི་མི་སྣར་གཏན་འབེབས་གང་འདྲ་ཡོད་དམ།

རང་རྒྱལ་གྱི་མི་འབོར་གྱི་བསྡོམས་གྲངས་ཞིབ་བཤེར་གསལ་པོ་ཐུབ་པ་དང་ཡོངས་ཁྱབ་ཞིབ་བཤེར་གཞི་གྲངས་ཀྱི་སྤུས་ཚད་འགན་ལེན་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་དང་སྤྱི་བདེ་པུའུ། དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་བཅས་ཀྱིས་མཉམ་འབྲེལ་གྱིས་《མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ལས་དོན་ནན་ཏན་གྱིས་བསྒྲུབ་ནས་སྙན་ཞུ་ཆད་ལུས་དང་སྦ་གསང་མི་ཡོང་བའི་སྐོར་གྱི་བརྡ་ཐོ》བཏང་བ་རེད། བརྡ་ཐོའི་ནང་སྔོན་ཆད་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁྱིམ་ཐོ་བསྐོར་མེད་པ་དང་འདས་པོའི་ཁྱིམ་ཐོ་མེད་པར་བཟོས་མེད་པའི་མི་སྣར་བརྟག་དཔྱད་ཞིབ་བསྡུར་ནན་ཏན་བྱས་རྗེས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འབྲེལ་ཡོད་གཏན་འབེབས་ལྟར། རྒྱུན་སྡོད་ཁྱིམ་ཐོ་ཐོ་འགོད་དང་ཐོ་ཁོངས་ནས་མེད་པར་བཟོ་བའི་འགྲོ་ལུགས་དུས་ལྟར་བསྒྲུབ་ཏེ་ཇི་མ་ཇི་བཞིན་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་དགོས། ། 

ཉེར་བདུན། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་ཡིག་གསང་དགོས་མིན་དང་། སྲིད་འཛིན་བྱེད་སྒོ་དང་སྲིད་སྐྱོང་གྲུབ་འབྲས་ཀྱི་དཔྱད་ཞིབ་ཀྱི་གཞི་འཛིན་ས་བྱས་ཆོག་གམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ཐོབ་པའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་རྐྱང་པའི་ཐོབ་ཐང་དབྱེ་འབྱེད་ཐུབ་པའམ་ཡང་ན་ཚོད་དཔག་ཐག་གཅོད་ཐུབ་པའི་དཔྱད་ཡིག་ཡིན་ཕྱིན། ངེས་པར་ནན་གྱིས་གསང་དགོས་པ་ལས་ལས་ཁུངས་དང་མི་སྒེར་གང་རུང་གིས་ཕྱི་ཕྱོགས་ལ་མཁོ་འདོན་དང་ཕྱིར་བསྒྲགས་བྱས་མི་ཆོག

ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁེ་དབང་སྲུང་སྐྱོང་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་བདེན་པ་དང་བློ་གཏད་ཆོག་པའི་འགན་ལེན་བྱ་ཆེད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དཔྱད་གཞིའི་ཡིག་ཆ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཁོ་ནར་སྤྱོད་པའི་དམིགས་ཡུལ་ཚོད་འཛིན་ནན་མོ་བྱེད་དགོས་པ་ལས་ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་སྤེལ་བའི་གཞི་འཛིན་ས་བྱས་མི་ཆོག་ལ། ས་གནས་མི་དམངས་སྲིད་གཞུང་གི་སྲིད་སྐྱོང་གྲུབ་འབྲས་དཔྱད་ཞིབ་དང་འགན་འཁྲི་བདའ་འདེད་གཏོང་བའི་གཞི་འཛིན་ས་ཡང་བྱས་མི་ཆོག

སྲིད་གཞུང་རིམ་པ་ཁག་གིས་གཞི་རིམ་ལས་བྱེད་པའི་བསམ་བློའི་ལས་ཀ་ཧུར་ཐག་གིས་བསྒྲུབ་ནས་ཁོང་ཚོའི་བསམ་བློའི་དོགས་པ་སེལ་དགོས། ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱས་འབྲས་དེ་གཞི་རིམ་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་། སྡེ་(སྡོད་)མི་ཨུ་ཡོན་ལྷན་ཁང་། ལས་ཁུངས་ཁག་གི་མི་འབོར་དང་འཆར་ལྡན་བུ་བཙའ། པུར་འཇུག་དོ་དམ་གྱི་གྲུབ་འབྲས་དཔྱད་ཞིབ་དམ་ཡང་ན་བྱ་དགའ་ཆད་གཅོད་ཀྱི་གཞི་འཛིན་སར་བརྩིས་མི་ཆོག་ལ། སྔོན་གྱི་གྲུབ་འབྲས་དཔྱད་ཞིབ་འབྲས་བུ་ལ་བདའ་འདེད་གཏང་མི་ཆོག་པ་མ་ཟད། མུ་མཐུད་སྦ་གསང་སྙན་ཞུ་ཞུས་རིགས་རྩད་ཆོད་མཐའ་གསལ་བྱུང་ཚེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་དགོས། །

   

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།