ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(བཅོ་བལྔ། བཅུ་དྲུག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཅོ་ལྔ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཐོ་འགོད་ཇི་ལྟར་བྱེད་དགོས་སམ།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་དུད་ཚང་གིས་ལས་ཁུངས་སུ་ཐོ་འགོད་དང་། དེ་ཁྱིམ་ཚང་གི་དུད་ཚང་དང་ཐུན་མོང་གི་དུད་ཚང་དུ་དབྱེ་ཡོད། ཁྱིམ་མིའི་འབྲེལ་བ་གཙོ་བོར་འཛིན་པ་དང་མཉམ་དུ་འཚོ་བ་སྐྱེལ་བའི་མི་གྲངས་ཁྱིམ་ཚང་གཅིག་ཏུ་བརྩི་རྒྱུ་དང་། ཁེར་རྐྱང་དུ་འཚོ་བ་སྐྱེལ་གྱིན་ཡོད་ན་ཁྱིམ་ཚང་གཅིག་ཏུ་བརྩི་རྒྱུ། ཕན་ཚུན་བར་ཁྱིམ་མིའི་འབྲེལ་བ་མེད་པ་དང་ཐུན་མོང་དུ་འཚོ་སྡོད་བྱེད་པའི་ཐུན་མོང་གི་མི་འབོར་ནི་ཐུན་མོང་གི་ཁྱིམ་ཚང་དུ་བརྩི་རྒྱུ། ཡོངས་བཤེར་ཐོ་འགོད་བྱེད་སྐབས་ཡོངས་བཤེར་མཁན་དུད་ཚང་དུ་བསྐྱོད་ནས་འདྲི་རྩད་བྱེད་པ་དང་ཡུལ་དངོས་སུ་རེའུ་མིག་འགོད་པའམ་ཡང་ན་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་རེའུ་མིག་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས།

ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་འཚོལ་བསྡུ་བྱེད་པའི་རྩ་དོན་ཐོག་གློག་རྡུལ་ཅན་གྱི་བྱེད་ཐབས་སྤྱོད་དགོས། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་གློག་རྡུལ་འཚོལ་བསྡུའི་སྒྲིག་ཆས་(PADའམ་ཡང་ན་རིག་ནུས་ལག་ཁྱེར་ཁ་པར)སྤྱད་དེ་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཆ་འཕྲིན་ཐོ་འགོད་བྱེད་པ་དང་འབྲེལ་དྲ་སྦྲེལ་བྱས་ནས་དུས་ཐོག་ཏུ་གོང་ཞུ་བྱེད་དགོས། ཡང་ན་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་དྲ་སྦྲེལ་ལ་བརྟེན་ནས་རང་འགུལ་རེའུ་མིག་འགོད་པ་སོགས་ཀྱི་བྱེད་ཐབས་སྤྱོད་དགོས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་དྲ་སྦྲེལ་ལ་བརྟེན་ནས་རེའུ་མིག་འགོད་ཐོ་འགོད་བྱེད་སྟངས་སྤྱོད་པ་དགོས། དེ་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་འཚོལ་བསྡུ་བྱེད་སྟངས་གསར་བ་གལ་ཆེན་ཞིག་ཡིན། །

བཅུ་དྲུག  ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ཚང་མ་གནས་གང་དུ་ཡོད་ཀྱང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་དགོས།

རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པར་ད་ལྟའི་སྡོད་གནས་ལྟར་ཐོ་འགོད་བྱེད་པའི་རྩ་དོན་ལྟར་མི་ཚང་མས་ངེས་པར་དུ་གནས་ད་རུ་ཐོ་འགོད་བྱེད་དགོས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་དུ་མེད་ནའང་ཁྱིམ་ཐོ་ཐོ་འགོད་བྱ་ཡུལ་དུའང་དེ་མཚུངས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས།

བྱེ་བྲག་ཏུ་གཤམ་གསལ་གྱི་གནས་ཚུལ་འགའ་ཡོད་དེ། 

(གཅིག) ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་དུས་ཀྱི་ཀྲུང་གོའི་མངའ་ཁོངས་ནང་གི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ།

1. ད་ལྟའི་སྡོད་གནས་དང་ཁྱིམ་ཐོ་ཐོ་འགོད་བྱེད་སའི་གནས་གཅིག་མཚུངས་ཡིན་ན་ད་ལྟ་སྡོད་གནས་སུ་ཐོ་འགོད་བྱེད་དགོས།

2. ད་ལྟ་སྡོད་གནས་དང་ཁྱིམ་ཐོ་ཐོ་འགོད་བྱེད་གནས་གཉིས་གཅིག་མཚུངས་མིན་ཚེ། ད་ལྟའི་སྡོད་གནས་སུ་ཐོ་འགོད་བྱེད་དགོས་པ་ཕུད། ད་དུང་ཁྱིམ་ཐོ་ཐོ་འགོད་བྱེད་སར་དེ་མཚུངས་ཀྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས།

3. ཁྱིམ་ཐོ་གཏན་ཁེལ་བྱས་པའི་མི་སྣས་ད་ལྟའི་སྡོད་གནས་སུ་ཐོ་འགོད་བྱེད་དགོས།

4.སྡོད་གནས་གཏན་འཁེལ་མེད་པའི་མི་སྣས་ཡོངས་ཁྱབ་ཞིབ་བཤེར་བྱེད་སྐབས་ཀྱི་སྡོད་གནས་སུ་ཐོ་འགོད་བྱེད་དགོས།

5. ཞང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་གཞན་གྱི་མི་སྣ་རྣམས་ཀྱིས་ད་ལྟའི་སྡོད་གནས་སུ་ཐོ་འགོད་བྱེད་དགོས།

(གཉིས) ཡོངས་ཁྱབ་ཞིབ་བཤེར་ཚད་གཞིའི་དུས་ཚོད་དུ་ཀྲུང་གོའི་མངའ་ཁོངས་ཕྱིའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཕྱི་རྒྱལ་དུ་མ་སོང་སྔོན་གྱི་ཁྱིམ་ཐོ་ཐོ་འགོད་བྱེད་གནས་ཀྱི་ཁྱིམ་ཚང་ངམ་ཡང་ན་ལས་ཁུངས་སུ་(ཐུན་མོང་དུད་ཚང)རེ་ཞུ་ཐོ་འགོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།