ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(བཅུ་གསུམ། བཅུ་བཞི།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  བཅུ་གསུམ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ནང་མི་གང་དག་ཚུད་དོན་དམ།

ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ནི་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱ་ཡུལ་གྱི་མི་ལ་ཟེར་ཞིང་། སྐད་ཆ་གཞན་ཞིག་གི་ངོས་ནས་བཤད་ན་མི་གང་འདྲ་ཞིག་ལ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་དགོས། 《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་སྲོལ་ཡིག་》དང་《རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཇུས་གཞི་》ཡི་གཏན་འབེབས་ལྟར། མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་སྤྱི་དམངས་དང་དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཕྱི་རུ་ཡོད་ཀྱང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས་ཡིན། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་དུས་ཐུང་ནང་གནས་སྡོད་བྱས་པའི་ཕྱི་རྒྱལ་གྱི་མི་སྣ་ཚུད་མེད།

གཏན་འབེབས་འདིར་གཞིགས་ནས། ཡོངས་ཁྱབ་ཞིབ་བཤེར་གྱི་ཚད་གཞི་ནི་ཀྲུང་གོའི་མངའ་ཁོངས་སུ་ཡོད་པའི་སྤྱི་དམངས་ཡིན་ཕྱིན། སྐམ་ས་ཆེ་མོའི(ནང་ལོག)སྡོད་དམངས་དང་། ཤང་ཀང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་ཡུལ་མི་དང་ཡང་ན་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་མི་སྣ་ཡིན་ནའང་འདྲ་རྩ་དོན་ཐོག་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དུ་གཏོགས། ཀྲུང་གོའི་མངའ་ཁོངས་ཕྱི་ནས་ཡིན་ཡང་གཏན་སྡོད་བྱས་མེད་པའི་ཀྲུང་གོའི་སྤྱི་དམངས་དང་། ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་ཁང་ཆེན་མོ་དང་གཞུང་ཚབ་དོན་གཅོད་ཁང་གི་མི་སྣ། ཕྱི་འགྲིམས་སློབ་མ། ཕྱི་རྒྱལ་དུ་མངགས་པའི་ངལ་ལས་མི་སྣ་སོགས་ཀྱང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དུ་གཏོགས་ལ། ཕྱི་རྒྱལ་དུ་གཏན་སྡོད་བྱས་ཟིན་པའི་ཀྲུང་གོའི་སྤྱི་དམངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དུ་མི་གཏོགས། གཞུང་དོན་སྒྲུབ་པ་དང་ཡུལ་སྐོར་སོགས་ཀྲུང་གོའི་མངའ་ཁོངས་སུ་དུས་ཐུང་གནས་སྡོད་བྱེད་པའི་མངའ་ཁོངས་ཕྱིའི་མི་སྣ་ཡང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་ཁོངས་སུ་མི་གཏོགས།

སྔོན་གྱི་རང་རྒྱལ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་དང་མངའ་ཁོངས་སུ་གཏན་སྡོད་བྱེད་པའི་མི་འབོར་ཁོ་ནར་བརྟག་དཔྱད་བྱས། 2010ལོར་རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་དྲུག་པའི་སྟེང་རང་རྒྱལ་མངའ་ཁོངས་ནང་གི་ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་ཕྱི་རྒྱལ་གྱི་མི་སྣ་ཡང་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་དུ་བརྩི་རྒྱུ་ཐོག་མར་ཁ་གསལ་བཟོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་དང་སྡོད་ཁང་ཡོངས་ཁྱབ་ཞིབ་བཤེར་གྱི་རྩ་དོན་དང་གྲོས་གཞིའི》ནང་མི་འབོར་རྒྱལ་སྤྱིའི་ཐོག་གནས་སྤོ་བྱ་རྒྱུ་དེ་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་གཙོ་བོའི་གྲས་ཤིག་ཏུ་བརྩི་རྒྱུ་དང་། རྒྱལ་ཁབ་ཁག་གི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནང་སྤྱིར་ན་རང་རྒྱལ་དུ་སྡོད་པའི་ཕྱི་རྒྱལ་བ་ཡོངས་ཁྱབ་ཞིབ་བཤེར་ནང་འཇུག་རྒྱུ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པས་མི་དྲུག་ཕུའུ་ཡི་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་རྒྱུན་མཐུད་བྱས་པ་དང་ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་ཕྱི་རྒྱལ་གྱི་མི་སྣར་ཡོངས་ཁྱབ་ཞིབ་བཤེར་བྱེད་མཁན་དུད་ཚང་དུ་ཕྱིན་ཏེ་ཐོ་འགོད་བྱ་རྒྱུ་ཡིན་པ་རེད། ཡོངས་ཁྱབ་ཞིབ་བཤེར་གྱི་ནང་དོན་ཐད། ཤང་ཀང་དང་ཨའོ་མོན། ཐའེ་ཝན་བཅས་ཀྱི་གྲོང་མི་དང་རྒྱལ་ཁོངས་གཞན་གྱི་མི་སྣས་རེའུ་མིག་འགོད་པའི་དོན་ཚན་ནང་ལོག(སྐམ་ས་ཆེ་མོ)ཡུལ་མི་ལས་ཉུང་བ་ཡོད་པ་དང་ཁྱོན་དོན་ཚན16ཡོད་པ་རེད། །

བཅུ་བཞི། ཐེངས་འདིའི་ཡོངས་ཁྱབ་ཞིབ་བཤེར་ནང་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་ཐེངས་དང་པོར་རང་འགུལ་རེའུ་མིག་འགོད་པ་དང་ཇི་ལྟར་བྱས་ནས་རེའུ་མིག་འགོད་དགོས་སམ།

ཡོངས་ཁྱབ་ཞིབ་བཤེར་རེ་ཞུའི་ཆ་འཕྲིན་སྟབས་བདེ་ཡོང་ཆེད་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་སུན་པོ་བཟོ་བའི་གནས་ཚུལ་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་ཐུང་ངུ་ཐོག་མར་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱི་རང་འགུལ་རེའུ་མིག་འགོད་པའི་བྱེད་སྟངས་སྤྱད་དེ་རང་འགུལ་རེའུ་མིག་འགོད་པའི་གོ་རིམ་གསར་སྤེལ་བྱས་ཡོད། སྒུལ་བདེའི་མཐའ་སྣེ་སྤྱད་དེ་རྩ་གཉིས་ཨང་རྟགས་དྲ་སྦྲེལ་བྱས་ནས་རང་འགུལ་ངང་མི་སྒེར་དང་ཁྱིམ་ཚང་གི་ཆ་འཕྲིན་རེ་ཞུ་བྱས་ཆོག

ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་གྱིས་རང་འགུལ་གྱིས་རེའུ་མིག་འགོད་པ་དར་སྤེལ་གཏོང་བ་དང་། གལ་ཏེ་དུད་ཚང་གིས་རང་འགུལ་གྱིས་རེའུ་མིག་འགོད་དགོས་ཚེ་ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་སྒོ་རྩར་མཐིལ་རྟོགས་བྱེད་སྐབས་ཡོངས་ཁྱབ་ཞིབ་བཤེར་མཁན་ལ་གསལ་བཤད་བྱས་ཆོག ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་རང་འགུལ་རེའུ་མིག་འགོད་པའི་རྩིས་ཐོའི་ཨང་གྲངས་མཁོ་འདོན་བྱས་ཏེ་རེའུ་མིག་འགོད་པའི་བླང་བྱ་གཞིར་བཟུང་དུས་ཐོག་ཏུ་ཇི་མ་ཇི་བཞིན་ཆ་འཕྲིན་སྙན་སེང་ཞུ་དགོས། རང་འགུལ་རེའུ་མིག་འགོད་མཁན་གྱིས་དུད་ཚང་བདམས་ནས་ཟླ11པའི་ཚེས5ཉིན་གྱི་སྔོན་དུ་ཆ་འཕྲིན་རེ་ཞུ་ལེགས་སྒྲུབ་བྱེད་པ་དང་། གལ་ཏེ་ལེགས་འགྲུབ་མ་བྱུང་ན། ཡོངས་ཁྱབ་ཞིབ་བཤེར་མཁན་དུད་ཚང་དུ་བསྐྱོད་དེ་ཞིབ་བཤེར་རེའུ་མིག་ཐོ་འགོད་བྱེད་དགོས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།