ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ།(དགུ།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དགུ། ཐོ་འགོད་མ་བྱས་སྔོན་དུད་ཚང་དུ་སོང་ནས་གྲ་སྒྲིག་གང་དག་བྱེད་དགོས་སམ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་གྲངས་འབོར་ཡོངས་ལ་བརྟག་དཔྱད་བྱེད་པ་ཞིག་ཡིན་པས། ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ལ་མཐོང་ཆེན་དང་ཆད་ལུས་མི་ཡོང་བའི་འགན་ལེན་བྱེད་ཆེད། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་དུད་ཚང་ཚང་མར་བཅར་འདྲི་བྱས་ནས། གཞི་སྡོད་བྱས་པའི་མི་འབོར་ཐོ་འགོད་བྱེད་དགོས། རང་རྒྱལ་གྱི་ཡོངས་ཁྱབ་ཞིབ་བཤེར་ཁྲོད་ལྷུ་ཚིགས་གཉིས་ལ་དུད་ཚང་དུ་བསྐྱོད་དགོས་ཀྱི་ཡོད། དུས་ཚོད་སྔ་ཕྱིའི་གོ་རིམ་ལྟར་སོ་སོར་མཐིལ་རྟོགས་དང་ཐོ་འགོད་བྱེད་པ་གཉིས་ཡིན། མཐིལ་རྟོགས་དེ་ཟླ10པའི་ཚེས11ཉིན་འགོ་རྩོམ་པ་དང་ཟླ10པའི་ཚེས31ཉིན་མཇུག་བསྡུ་རྒྱུ་རེད། དུས་རིམ་འདིར་ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་སྲང་ལམ་དུ་ཕྱིན་ནས་དུད་ཚང་རེ་རེ་བཞིན་རྩད་ཞིབ་བྱས་ཏེ། ས་ཁོངས་སོ་སོའི་སྡོད་ཁང་གི་གྲངས་འབོར་དང་བྱེ་བྲག་གི་གནས་ཡུལ་གསལ་པོར་ཤེས་དགོས། དུད་ཚང་དུ་བསྐྱོད་དེ་ཡོངས་ཁྱབ་ཞིབ་བཤེར་དང་གསལ་བཤད་བྱེད་པ། ཐོ་འགོད་བྱེད་སྟངས་འདྲི་རྩད་བྱས་ཏེ་དུད་ཚང་ཁོངས་མིའི་གནས་ཚུལ་རགས་ཙམ་ཤེས་རྟོགས་བྱེད་པ། དེ་རྗེས་ཟླ11པའི་ཚེས1ཉིན་ནས་བཟུང་ཡོངས་ཁྱབ་ཞིབ་བཤེར་གྱི་དངོས་གཞིའི་ཐོ་འགོད་དུས་མཚམས་སུ་སླེབས་པས། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་དུད་ཚང་རེ་རེ་དང་མི་རེ་རེ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ཆ་འཕྲིན་ཐོ་འགོད་བྱེད་དགོས། དེའི་སྐབས་སུ་ད་དུང་དུད་ཚང10%ལ་སྐབས་བསྟུན་ཡོངས་ཁྱབ་ཞིབ་བཤེར་གྱི་རེའུ་མིག་བཟོ་བ་དང་། མི་འབོར་གྲུབ་ཚུལ་གྱི་ཆ་འཕྲིན་སྔར་ལས་ཞིབ་ཕྲའི་སྒོས་བརྟག་དཔྱད་བྱས་ནས། ཟླ12པའི་ཚེས10ཉིན་ཐོ་འགོད་ལས་དོན་ཧྲིལ་པོ་མཇུག་བསྡུ་རྒྱུ་རེད། མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་ཐོ་འགོད་ནང་ཧུར་ཐག་གིས་ཞུགས་ནས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དོན་ཚན་དག་ཇི་མ་ཇི་བཞིན་སྙན་སེང་ཞུ་རྒྱུ་ནི་སྤྱི་དམངས་ཚང་མས་འཁུར་དགོས་པའི་འོས་འགན་ཡིན་པས། ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་སྐབས། དུད་ཚང་རེ་རེས་གནས་ཚུལ་རྒྱུས་མངའ་ཡོད་པའི་ཁོངས་མི་ཞིག་རེ་ཞུ་བྱེད་མཁན་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་པའི་དྲི་བར་དྲང་བདེན་གྱི་ལན་གདབ་དགོས་ལ། ཁྱིམ་ཚང་གི་ཁོངས་མི་ཚང་མའི་གནས་ཚུལ་ཞིབ་ཕྲའི་སྙན་སེང་ཞུ་སྐབས་རྫུན་ཞུ་དང་གསང་ཞུ། མི་ཞུ་བ་བཅས་བྱས་མི་ཆོག 

ཐོ་འགོད་བྱེད་པ་སྔར་བས་བདེ་བླག་ངང་འགྲུབ་ཆེད་ཐོ་འགོད་ནང་དོན་སྔར་བས་གནད་དུ་འཁེལ་ཆེད། ཞིབ་བཤེར་མི་སྣ་དུད་ཚང་དུ་སོང་ནས་ཐོ་འགོད་མ་བྱས་སྔོན་རེ་ཞུ་བྱེད་མཁན་གྱིས་སྔོན་ལ་ཐོབ་ཐང་ལག་ཁྱེར་གྲ་སྒྲིག་བྱེད་དགོས་ལ། ཕྱོགས་ཐོན་ཁྱིམ་མིའི་ད་ལྟའི་སྡོད་གནས་སོགས་ཀྱི་ཆ་འཕྲིན་སྔ་སྣུར་དུ་ཤེས་རྟོགས་བྱེད་པ་དང་། ཡོངས་ཁྱབ་ཞིབ་བཤེར་མཛུབ་ཁྲིད་མཁན་དང་ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་གཅིག་གྱུར་གྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ལས་དོན་སྤེལ་དགོས། ཡོངས་ཁྱབ་ཞིབ་བཤེར་མཁན་སྒོ་ཁར་ཡོང་སྐབས། དུད་ཚང་གིས་སྔོན་ལ་ཡོངས་ཁྱབ་ཞིབ་བཤེར་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཆོག་ལ། དེ་ནས་ཞིབ་བཤེར་མི་སྣ་དུད་ཚང་དུ་སོང་ནས་ཐོ་འགོད་བྱེད་པ་དང་། མི་འབོར་ཡོངས་ཁྱབ་ཞིབ་བཤེར་ནི་རྒྱལ་ཁབ་ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པ་ཁོ་ན་ཙམ་མ་ཡིན་པར། ཡོངས་ཁྱབ་ཞིབ་བཤེར་བྱས་འབྲས་དེ་མཇུག་མཐར་ང་ཚོ་མི་རེ་རེ་དང་ཡོངས་ཁྱབ་ཞིབ་བཤེར་བྱ་ཡུལ་ཚང་མར་ཕན་ཆེ་བས། མི་སྒེར་དང་ཁྱིམ་ཚང་། སྤྱི་ཚོགས་ཀྱི་སྤྱི་དམངས་ཡོངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ལས་དོན་ལ་རྒྱབ་སྐྱོར་དང་ཡོངས་ཁྱབ་ཞིབ་བཤེར་མཁན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་བརྟག་དཔྱད་བྱེད་པའི་རེ་བ་ཡོད་པ་རེད། །


རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།