ཀྲུང་གོ་བོད་ཀྱི་དྲ་བ།

མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པའི་ཤེས་བྱ་ཕྲན་བུ། (དྲུག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དྲུག  ཅི་ཞིག་ལ་ཡོངས་ཁྱབ་ཞིབ་བཤེར་མཐིལ་རྟོགས་ཟེར་རམ། ཅིའི་ཕྱིར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་མ་བྱས་སྔོན་དུ་མཐིལ་རྟོགས་བྱེད་དགོས་སམ།

ཡོངས་ཁྱབ་ཞིབ་བཤེར་མཐིལ་རྟོགས་བྱེད་པ་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དུད་ཚང་ཐོ་འགོད་མ་བྱས་སྔོན། ཡོངས་ཁྱབ་ཞིབ་བཤེར་མཁན་རང་ཉིད་ཀྱི་འགན་འཁུར་བའི་ས་ཁོངས་ནང་གི་འཛུགས་སྐྲུན་དངོས་པོར་ཕྱོགས་ཡོངས་ནས་གཙང་བཤེར་བྱས་ཏེ་ཡོངས་ཁྱབ་ཞིབ་བཤེར་སྡེ་ཁུལ་ཆུང་བའི་ས་ཁོངས་དང་ཁྱབ་ཁོངས། མི་འབོར་དང་དེའི་སྡོད་གནས་གནས་ཚུལ། ཡོངས་ཁྱབ་ཞིབ་བཤེར་སྡེ་ཁུལ་ཆུང་བའི་དཔེ་རིས་འབྲི་བ། 《ཁྱིམ་བདག་གི་རུས་མིང་མ་ཟིན》བཟོ་བ་བཅས་ཁ་གསལ་བཟོས་པ་དང་འབྲེལ་མཐིལ་རྟོགས་གཞི་གྲངས་ཡར་ཞུ་བྱས་པ་རེད། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་བདུན་པ་མཐིལ་རྟོགས་བྱེད་པའི་ལས་དོན་ནི2020ལོའི་ཟླ10པའི་ཚེས11ཉིན་ནས་འགོ་བརྩམ་ནས་ཟླ10པའི་ཚེས31ཉིན་མཇུག་བསྡུས།

མཐིལ་རྟོགས་ལས་དོན་ནི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་མ་བྱས་སྔོན་གྱི་བྱ་བའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་དང་དེའི་དགོས་ངེས་རང་བཞིན་མངོན་ཡོད། (གཅིག) མཐིལ་རྟོགས་ལས་དོན་ནི་ཡོངས་ཁྱབ་ཞིབ་བཤེར་མཁན་ཡོངས་ཁྱབ་ཞིབ་བཤེར་སྡེ་ཁུལ་ཆུང་བའི་ཁོར་ཡུག་ལ་རྒྱུས་མངའ་ཡོད་པ་དང་རང་ཉིད་ཀྱི་བྱ་བའི་ཁྱབ་ཁོངས་ཁ་གསལ་བཟོ་བའི་གོམ་སྟབས་གལ་ཆེན་ཞིག་ཡིན། མཐིལ་རྟོགས་བྱས་པ་བརྒྱུད། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་རང་ཉིད་ཀྱི་འགན་འཁུར་སའི་སྡེ་ཁུལ་ཆུང་བའི་མཐའ་མཚམས་དང་ཁང་པ་ཁྱབ་ཚུལ། བགྲོད་ལམ་སྒྲིག་བཀོད་བཅས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱས་ནས་གོམ་སྟབས་རྗེས་མའི་ལས་དོན་སྤེལ་བར་རྨང་གཞི་འདིང་ཐུབ། (གཉིས།) མཐིལ་རྟོགས་ལས་དོན་ནི་ཐོ་འགོད་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོ་ཡིན་པས། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་ནན་ཏན་ཞིབ་ཚགས་ཀྱིས་མཐིལ་རྟོགས་བྱས་པ་བརྒྱུད། གཞི་ནས་སྡེ་ཁུལ་ཆུང་བའི་མི་འབོར་དང་སྡོད་གནས་ཀྱི་གནས་ཚུལ་སྣ་ཚོགས་ལ་གདེང་ཚོད་ཡོད་པ་དང་། གཞི་ནས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ཡོངས་བཤེར་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱེད་ཐུབ། (གསུམ།) ཡོངས་བཤེར་མཐིལ་རྟོགས་ལས་དོན་ནི་མི་འབོར་ཡོངས་བཤེར་དྲིལ་བསྒྲགས་ལ་ཤུགས་སྣོན་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། ཡོངས་ཁྱབ་ཞིབ་བཤེར་མཁན་གྱིས་མཐིལ་རྟོགས་བྱེད་པ་དང་ཆབས་ཅིག་ད་དུང་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་དྲིལ་བསྒྲགས་བྱེད་པའི་འགན་འཁྲི་ཡང་འཁུར་དགོས། དུད་ཚང་སོ་སོར་《སྡོད་ཁང་ལ་སྤྲིངས་པའི་འཕྲིན་ཡིག་》བསྐུར་ནས། དུད་ཚང་གིས་ཐོ་འགོད་བྱེད་སྟངས་གང་ཞིག་བདམས་ནས་དུད་ཚང་དུ་ཐོ་འགོད་བྱེད་པའི་འབྲེལ་ཡོད་བཀོད་སྒྲིག་ལ་བརྡ་གཏོང་བ་དང་། དུད་ཚང་སོ་སོས་དེ་མཚུངས་ཀྱི་གྲ་སྒྲིག་གི་ལས་དོན་བཟང་པོ་སྒྲུབ་དགོས་པར་དྲན་སྐུལ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།